དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏེང་ཏུང་གིས་མདའ་བཞི་རྫོང་དུ་རྒྱལ་ཁབ་ལོ་རྒྱུས་རིག་གནས་གྲགས་ཅན་མཁར་གྲོང་ཞུ་འབུལ་ལས་དོན་ལ་རྟོག་ཞིབ་གནང་།

2024-03-19 15:38:30   |   420

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས།  རིན་ཆེན་ཚེ་རིང་།


ཟླ3པའི་ཚེས17ཉིན། ཀྲུང་གོ་མཁར་གྲོང་འཆར་འགོད་ཇུས་འགོད་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཏེང་ཏུང་གིས་རུ་སྣེ་ཁྲིད་དེ་མཚོ་བྱང་ཁུལ་མདའ་བཞི་རྫོང་རྒྱལ་ཁབ་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་མཁར་གྲོང་གི་ཡིག་ཐོག་སྙན་ཞུའི་ལས་དོན་ལ་རྟོག་ཞིབ་གནང་། 

kappframework-Cadyez(1)(1).png

རྟོག་ཞིབ་ཚན་ཆུང་འཁོར་དང་བཅས་པས་རྡུལ་ཕྲན་མཁར་ས་འོག་བཀོད་འདོམས་ལྟེ་གནས་དང་། དེ་སྔའི221བཟོ་གྲྭའི་གློག་བརྙན་ཟློས་གར་ཁང་དང་། དམག་དཔོན་ཐོག་ཁང་། ནུབ་མཚོ་ཚོང་ཁྲོམ་ཆེན་མོ། རྡུལ་ཕྲན་མཁར་དྲན་གསོ་ཁང་དང་ཡན་ལག་བཟོ་གྲྭ་སོ་སོར་སོང་ནས་དེ་སྔའི221བཟོ་གྲྭ་སྲུང་སྐྱོང་དང་བེད་སྤྱོད་བྱས་ཚུལ་ལ་ལྟ་ཞིབ་བྱས། 

kappframework-LJnGRZ(1)(1).png

ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱི་ཐིན་ཀྲང་ཝུའུ་ཀྲི་ཁྲིན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིན་ཡོན། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཧོ་ཏི་ལུང་། མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཀྲང་ཧྲི་དབྱིན། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཚའེ་ཧྲིན་ཧུའེ། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣ་གཙོ་བོས་མཉམ་དུ་རྟོག་ཞིབ་བྱས། 


མཉམ་སྤྱོད།