མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

རྐང་ཚ་རྫོང་སྨན་བཅོས་འགན་སྲུང་ཅུ་ལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་གཟེངས་བསྟོད་བྱ་དགའ་འདི་ཐོབ་འདུག

2024-03-19 17:42:01   |   565

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


2023ལོར་རྐང་ཚ་རྫོང་སྨན་བཅོས་འགན་སྲུང་ཅུས་གསར་རྩོམ་བྱས་པའི་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་བརྙན་ཐུང་སྟེ། 《སྨན་བཅོས་འགན་སྲུང་ཐེབས་རྩའི་བདེ་འཇགས་མཚར་གཏམ》དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི“བདེ་འཇགས་ཚད་ལྡན་ལོའི”བརྙན་ཐུང་འགྲན་བསྡུར་ཆེན་མོའི་ཁྲོད་དུ་ཕུལ་བྱུང་བྱ་དགའ་དང་བྱ་དགའ་ཨང་གཉིས་པ་ཐོབ་ཡོད།

ཉེ་བའི་ལོ་ཤས་རིང་ལ། རྐང་ཚ་རྫོང་སྨན་བཅོས་འགན་སྲུང་ཅུས་རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་སྲ་བརྟན་མགོ་ཁྲིད་དང་ཞིང་ཆེན་དང་ཁུལ་གྱི་སྨན་བཅོས་འགན་སྲུང་ཅུའི་ཡང་དག་པའི་མཛུབ་ཁྲིད་འོག་ཏུ། ཐོག་མཐའ་བར་གསུམ་དུ་སྨན་བཅོས་འགན་སྲུང་ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མའི་ལས་འགན་དུ་བརྩིས་ནས་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། འགན་སྲུང་མགོ་སྐོར་གཡོ་ལེན་གྱི་སྤྱོད་ལམ་ལ་རྡུང་རྡེག་ནན་མོ་བཏང་སྟེ་མཐའ་གཅིག་ཏུ་མི་དམངས་མང་ཚོགས་ཀྱི“ནད་བཅོས་མ་དངུལ”དང“སྲོག་སྐྱོབ་མ་དངུལ”སྲུང་སྐྱོང་བྱས་ཡོད། དེ་དང་ཆབས་ཅིག་ཏུ“ཁྲིམས་སྐྱོང་སྨན་བཅོས་འགན་སྲུང”གི་འདུ་ཤེས་ཁྱབ་གདལ་དུ་གཏོང་བ་དང་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་རྣམ་པ་ཇེ་རྒྱས་སུ་གཏོང་བར་རྐང་ཚ་རྫོང་སྨན་བཅོས་འགན་སྲུང་ཅུས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་སྟངས་སྤྱད་དེ་དམིགས་འཛུགས་སྨན་བཅོས་ལས་ཁུངས་དང་དེ་བཞིན་སྨན་ཚོང་ཁང་གིས་ཞབས་ཞུའི་གྲོས་ཆིངས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་བསྣན་ནས། རྒྱུན་ལྡན་གྱི་རྩིས་བཤེར་དང་འཐེན་བཤེར་ལ་ཤུགས་སྣོན་བརྒྱབ་ཅིང་། སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་སྤྱོད་ལམ་ལ་ཞིབ་བཤེར་ནན་མོ་བྱས་ནས་སྨན་བཅོས་འགན་སྲུང་ཐེབས་རྩ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས་པ་མ་ཟད། སྨན་བཅོས་འགན་སྲུང་ཞབས་ཞུའི་གྲོས་ཆིངས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་བསྣན་ནས། དུས་ཚིགས་རེར་དམིགས་འཛུགས་སིལ་འཚོང་སྨན་ཚོང་ཁང་དང་ལོ་ཕྱེད་རེར་དམིགས་འཛུགས་སྨན་བཅོས་ལས་ཁུངས་སུ་ཡུལ་དངོས་ཞིབ་བཤེར་ཐེངས་རེ་བྱས་ཏེ་ལོ་མཇུག་གི་དཔྱད་ཞིབ་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས་ཡོད།  རྗེས་མར་རྐང་ཚ་རྫོང་སྨན་བཅོས་འགན་སྲུང་ཅུས་གསར་གཏོད་ཀྱི་སྙིང་སྟོབས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་ཕན་ནུས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྨན་བཅོས་ཁེ་དབང་ལ་འགན་སྲུང་བྱེད་པར་ལེགས་སྐྱེས་ཆེན་པོ་འབུལ་རྒྱུ་རེད།   


མཉམ་སྤྱོད།