མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-20 07:40:41   |   2395

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས18ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་སྔ་རྗེས་སུ་ཧུའུ་ནན་དགེ་འོས་སློབ་གླིང་དང་པོ(གྲོང་ནན་དཔེ་ཁང་སློབ་ཁུལ)དང་པ་སི་ཕུའུ་ཧྲན་གློག་རྫས་རྒྱུ་ཆ་ཚད་ཡོད་སྤྱི་གཉེར་དུ་རྟོག་ཞིབ་གནང་སྟེ། སློབ་གྲྭས་གསར་བརྗེའི་ཐོན་ཁུངས་ཡག་པོ་བེད་སྤྱོད་བྱས་པའི་གནས་ཚུལ་དང་།ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ། ས་གནས་དེ་གའི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ཆུ་ཚད་རྒྱ་ཆེར་གཏོང་བ་བཅས་ཀྱི་ཐད་ལ་རྒྱུས་ལོན་གནང་།

  • ཚེས19ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་དུ་ཁྲང་ཏེ་ཧོ་ཁྲོམ་གཞུང་དང་ཏིང་ཁྲེང་ཆུས་ཞེ་ཅ་ཕུའུ་གྲོང་རྡལ་ཀང་ཕིང་གྲོང་ཚོར་སྔ་རྗེས་སུ་རྟོག་ཞིབ་གནང་བ་དང་། ལོ་རྒྱུས་རིག་གནས་ཁྲོམ་གཞུང་ཉམས་གསོ་བེད་སྤྱོད་དང་། གྲོང་ཁྱེར་གྱི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། དཔྱིད་འདེབས་གྲ་སྒྲིག གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་།

  • ཚེས19ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁྲང་ཏེ་གྲོང་ཁྱེར་ཏིང་གྲོང་ཁུལ་ཞེ་ཅ་ཕུའུ་གྲོང་རྡལ་གྱི་འབྲུ་རིགས་ཐོན་སྐྱེད་མུའུ་ཁྲི་ཡི་ཕྱོགས་བསྡུས་དཔེ་སྟོན་ཁུལ་དུ་ཕེབས་ནས་ཆུ་འབྲས་མྱུ་གུ་འདེབས་འཛུགས་དང་ས་ཞིང་རྨོ་སློག་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་འབྲུ་འདེབས་དུད་ཆེན་དང་། ཞིང་ལས་ལག་རྩལ་མི་སྣ། གཞི་རིམ་ལས་བྱེད་པ། གྲོང་མི་བཅས་དང་བྱམས་བརྩེའི་སྤེལ་རེས་གནང་བ་དང་། དཔྱིད་འདེབས་གྲ་སྒྲིག་སོགས་ཀྱི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་།

  • ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།《ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཏན་ཏིག་བཏང་ནས་ཕྱི་རྒྱལ་གྱི་མ་དངུལ་འགུགས་ཐབས་དང་བེད་སྤྱོད་བྱེད་པའི་བྱ་སྤྱོད་ཇུས་གཞི》དཔར་འགྲེམས་བྱས།

  • རྒྱལ་ཁབ་སྡོམ་རྩིས་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་དང་པོ་དང་གཉིས་པར་གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར10870ཟིན་པ་དང་། དུས་མཚུངས་ལས5.8%འཕར་ཡོད།

  • ཚེས19ཉིན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་ཀྱིས་འདེམས་ཤོག་ཆ་ཚང་ཐོག་ནས《རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་སྲོལ་ཡིག》ལ་གྲོས་འཆམ་བྱུང་།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་རེད།

  • སློབ་གསོ་པུས2024ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག་ཁྱབ་བསྒྲགས་བྱས་པའི་ནང་དངོས་གཞིའི་ཚན་ཁག་གི་ཆེད་ལས་གསར་པ་ཁག24མང་དུ་བཏང་ཡོད།

  • ཚེས19ཉིན། ཀྲུང་དབྱང་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚོགས་ཆུང་གི་རྒྱལ་སྤྱིའི་ལྐོག་རྫས་བྲོས་འདེད་དང་རྒྱལ་མཚམས་སྒྲོལ་བའི་རུལ་སུངས་བཅོས་སྐྱོང་ལས་དོན་གཞུང་དོན་ཁང་གིས་ཚོགས་འདུ་འཚོགས་ཤིང་། “གནམ་རྙི2024”ཡི་བྱ་འགུལ་སྤེལ་རྒྱུའི་གཏན་འབེབས་བྱས།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རླུང་ཆེན་གྱི་སྔོན་བརྡ་སྔོན་པོ་བཏང་བ་སྟེ། དེ་རིང་ནང་སོག་དང་། ཤིན་ཅང་། མཚོ་སྔོན། ཀན་སུའུ་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་རིམ་པ་བཞི་ནས་དྲུག་བར་གྱི་བྱང་རླུང་དང་ཐོལ་རླུང་རིམ་པ་བདུན་ནས་དགུ་བར་གཡུག་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་སུ་རིམ་པ་བཅུ་ཡན་ཟིན་གྱི་ཡོད།

  • ཚེས19ཉིན། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི1.95ཛ་དྲག་ངང་གཏོང་སྤྲོད་བྱས་ནས་ཉག་ཆུ་སོགས་ས་ཁུལ་གྱི་ནགས་ཚལ་མེ་སྐྱོན་གྱི་གེགས་སེལ་ལ་རྒྱབ་སྐྱོར་བྱས།

  • མིག་སྔར་རང་རྒྱལ་གྱིས་སྐྲུན་བཞིན་པའི་ཉིང་རྡུལ་གློག་འཕྲུལ་ཙུའུ26ཡོད་པ་དང་། གྲངས་འབོར་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན།

    2.jpg

  • ཚེས19ཉིན། རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཐེངས་གསར་ཤོས་ཀྱི་འཛམ་གླིང་གི་ཨང་རིམ་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་གོའི་རུ་ཁག་གི་ལུས་རྩལ་པ་ཝང་ཁྲུའུ་ཆིན་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

  • ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཚེས19ཉིན་བརྡ་ཐོ་བཏང་སྟེ་བུད་མེད་རྒྱལ་ཁབ་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོ་ཡོངས་བསྒྲགས་ངང་གདན་ཞུ་བྱས།

  • ཧོ་པེ་ཧན་ཏན་ཧྥེ་ཞང་ཆུས་ཉེན་རྟོག་ཕྱོགས་ཀྱིས་དམའ་འབྲིང་དང་པོའི་སློབ་མ་ཝང་ཆེ་གེ་མོ་བསད་པའི་གྱོད་གཞིར་ལན་བཏབ་པ་དང་ཉེས་གསོག་དོགས་ཅན་གྱིས་ངན་ཇུས་སྔོན་འགོད་བྱས་ནས་ཉེས་པ་བསགས་ཡོད།

  • མིག་སྔའི་བར་པོ་ཧའེ་མཚོ་ཁུག་དང་། ཆུང་ཀྲོའུ་མཚོ་འགག འགག་གསུམ་ཆུ་མཛོད་ཁུལ་སོགས་རྒྱལ་ནང་གི་གཙོ་གནད་ཆུ་ཁོངས་ཀྱི་ཞིང་ཆེན་དབར་གྱི་འགྲུལ་སྐྱེལ་ཆུ་ལམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད་ཅིང་། གྲུ་གཟིངས་ཀྱི་སྤ་སེ་ལ་ཤོག་བུ་མི་དགོས་པ་དང་། གློག་རྡུལ་ཅན་དུ་གྱུར་ཡོད།

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་ཚོགས་པས་ཟངས་གཏེར་ནང་གཏེར་རྫས་གསར་པ་རིགས་གཉིས་རྙེད་ཅིང་ཚང་མར་རྒྱལ་སྤྱིའི་གཏེར་དངོས་རིག་པའི་སློབ་ཚོགས་ཀྱིས་ཁས་ལེན་ངོས་འཛིན་བྱས་ཡོད།

    སྲིད་ཇུས།

  • དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བྱ་ཐབས་ཁྱབ་བསྒྲགས་བྱས་པ་སྟེ། འཛད་སྤྱོད་དངུལ་རྩ་སྤྱི་གཉེར་གྱི་མ་དངུལ་གཏོང་མཁན་གཙོ་བོའི་མ་རྐང་ཟིན་ཚད་གྱི་སྡུར་ཚད་དེ30%ལས་མི་དམའ་བ་ནས50%བར་མཐོ་རུ་གཏོང་རྒྱུའི་བླང་བྱ་བཏོན།

  • པེ་ཅིང་གིས2024ལོའི་འབྲིང་རིམ་སློབ་བསྡུའི་སྲིད་ཇུས་ཁྱབ་བསྒྲགས་བྱས་པ་དང་། འབྲིང་རིམ་སློབ་བསྡུའི་སྤྱིའི་སྐར་གྲངས670ཡིན།

    དེ་རིང་གི་གནམ་གཤིས།

    3.jpg

  • ཧེ་ལུང་ཅང་གི་ལྷོ་རྒྱུད་དང་། ཅི་ལིན་གྱི་ཤར་རྒྱུད། ཤིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད། དབྱི་ལི་ལུང་གཞུང་གི་ས་བབ་མཐོ་བའི་ས་ཁུལ། བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཁྲོན་ནུབ་ས་མཐོ་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཤིན་ཅང་བྱང་རྒྱུད་ཀྱི་ས་བབ་དམའ་བའི་ས་ཁུལ་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད། ཡུན་ནན་གྱི་དབུས་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་བར་འབབ་རྒྱུ་རེད།


མཉམ་སྤྱོད།