མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས16ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་གྱི་བསྡོམས་རྩིས་བྱ་བའི་གྲོས་ཚོགས་འཚོགས་པ།

2024-03-20 08:41:01   |   1225

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས13ཉིན། མཚོ་བྱང་ཁུལ་གྱི་བསྡོམས་རྩིས་བྱ་བའི་གྲོས་ཚོགས་ནུབ་མཚོ་གྲོང་རྡལ་དུ་འཚོགས་པ་དང་། ཚོགས་ཐོག་ཏུ་ཁུལ་ཡོངས་ཀྱི་བསྡོམས་རྩིས་བྱ་བར་ཕྱོགས་སྡོམ་དང་ཕྱིར་དྲན་བྱས་ཤིང་། གཙོ་གནད་བྱ་བ་བཀོད་སྒྲིག་བྱས་ཏེ་བསྡོམས་རྩིས་ཁྱབ་ཁོངས་སུ་སྤྱོད་ཚུལ་བསྒྱུར་བ་དང་དོན་འཁྱོལ་དམ་འཛིན། འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བཅས་སྐུལ་སྤེལ་བཏང་ནས་བྱ་བའི་ཕན་འབྲས་འགན་ལེན་ཏན་ཏིག་བྱས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཚོགས་འདུར་ཕེབས་པ་དང་འབྲེལ་གཏམ་བཤད་སྤེལ།

1.jpg

ཚོགས་ཐོག་ཏུ། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་བརྟན་ཐོག་ཡར་འཕེལ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་པ། སྔོན་འཛུགས་རྗེས་གཏོར། ཆེད་དོན་བཅོས་སྒྲིག་གོ་སྐབས་སུ་བྱེད་པ་དང་སྒྱུར་བཅོས་གསར་གཏོད་གཙོ་རྐང་དུ་འཛིན་པ། སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་དམ་འཛིན་བྱས་ནས་བསྡོམས་རྩིས་བྱ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་དགོས་ཏེ། གཅིག་ནས་ཆབ་སྲིད་ཀྱི་བློ་དཀར་གཞུང་དྲང་བརྟན་དུ་བཏང་ནས་བསྡོམས་རྩིས་རྫུན་བཟོ་འགོག་བཅོས་བྱེད་པའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བྱ་བ་སྤེལ་ཏེ་བསྡོམས་རྩིས་རྫུན་བཟོ་འགོག་བཅོས་བྱེད་པའི་ཕུགས་ཕན་ལམ་སྲོལ་ཧུར་ཐག་བཙུགས་ནས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། གཉིས་ནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས་བསྡོམས་རྩིས་ཞབས་ཞུའི་མཐོར་གཏོང་གསར་པ་དང་ཕན་འབྲས་གསར་པ་འབྱུང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། མཚོ་བྱང་ཁུལ་གྱིས"243"འཕེལ་རྒྱས་ཀྱི་བཀོད་པ་མགྱོགས་མྱུར་སྐྲུན་པ་དང"མཚོ་བྱང་ལྔ"ནུས་ཤུགས་ཡོད་རྒུས་སྐྲུན་པ་སོགས་ཀྱི་འཐབ་ཇུས་གལ་ཆེན་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས"དཔལ་འབྱོར་ལྔ"ཡི་བྱ་བ་ལེགས་སྒྲུབ་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ་དང་གནད་སྨིན་ཇུས་འདོན་བྱ་རྒྱུར་རོགས་རམ་བྱས་ནས་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།གསུམ་ནས་བློ་གཅིག་སེམས་གཅིག་གིས་སྲོལ་འབྱེད་གསར་གཏོད་བྱས་ཏེ་བསྡོམས་རྩིས་བརྟག་དཔྱད་བྱ་བའི་ལག་བསྟར་ནུས་པ་དང་དངོས་ཤུགས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་པ་དང་། བསྡོམས་རྩིས་ཁོངས་གཏོགས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་པ། "བསྡོམས་རྩིས+སྒྲིག་ཁྲིམས་ཞིབ་བཤེར"དང"བསྡོམས་རྩིས+རྩིས་བཤེར"བཅས་ཀྱི་བྱ་བའི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱེད་པ། ལས་ཆོད་ཆེ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་བསྡོམས་རྩིས་བྱ་བ་སོ་སོ་ལེགས་འགྲུབ་བྱེད་པ། བསྡོམས་རྩིས་རྫུན་བཟོ་དང་གཞི་གྲངས་ཇི་མ་ཇི་བཞིན་མིན་པའི་གནད་དོན་གཏན་འགོག་བཅས་བྱ་དགོས་པའི་བླང་བྱ་བཏོན།

2.jpg

3.jpg

ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་བསྡོམས་རྩིས་ཁོངས་གཏོགས་ཀྱིས"ཆབ་སྲིད་ཀྱི་སྣེ་ཁྲིད་དང་བཅོས་སྒྱུར་སྟོབས་ཆེར་གཏོང་པ། ཁྲིམས་ལྟར་གཅིག་གྱུར་བཅོས་སྒྲིག སྒོ་དབྱེ་གཅིག་སྡུད། དངོས་སྒྲུབ་གཅིག་གྱུར"བཅས་ཀྱི་དམིགས་ཚད་གསར་པ་དང་ངེས་གནས་གསར་པར་དམིགས་ནས"ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ"བཅས་ཀྱི་བླང་བྱར་དམིགས་ནས"དཀའ་སྤྱད་དངོས་སྒྲུབ་དང་། བྱ་བ་དངོས་སྒྲུབ་པ། བྱ་བ་སྒྲུབ་ནུས་པ་དང་སྒྲུབ་ཤེས་པ། སྒྲུབ་མཁས་པ། སྒྲུབ་ཐུབ་པ། སྒྲུབ་ཕོད་པ་དང་སྤྱོད་གཙང་བྱེད་པ། བྱ་བ་བཟང་པོ་སྒྲུབ་པ"བཅས་ཀྱི་ལངས་ཕྱོགས་ཐོག་ནས་སྤྱོད་ཚུལ་བཟང་པོ་སྔར་ལས་ཞུན་བརྡར་དང་ཉམས་སད་ཐེག་ཐུབ་པའི་ནུས་པ་སྦྱོང་བརྡར་བྱས་ཏེ། བྱ་བ་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་པ་དང་བསྡོམས་རྩིས་བྱ་བའི་ཕན་ནུས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་ཐབས་ཇུས་བཀོད་སྒྲིག་སོ་སོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་བསྡོམས་རྩིས་ཀྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་ཟེར།


མཉམ་སྤྱོད།