དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་བསྐྲུན་ནས་བདེ་འཇགས་སློབ་གླིང་བཙུགས་པ།

2024-03-20 11:44:32   |   2596

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


དཔྱིད་དུས་ཀྱི་སློབ་སྐབས་གསར་བའི་ལས་དོན་ཁག་བདེ་འཇགས་དང་གོ་རིམ་ལྡན་ཞིང་། སྤུས་ཚད་མཐོ་བའི་སྒོ་ནས་སྤེལ་རྒྱུ་འགན་ལེན་བྱ་ཆེད། ཉེ་ཆར་མདོ་ལ་རྫོང་གིས་སྔ་སྣུར་དུ་ཇུས་འགོད་དང་། བཀོད་སྒྲིག་ཞིབ་ཚགས། བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས“སྔ་ཙམ”ལ་དམིགས་པ་དང་། “ཞིབ་ཚགས”ནས་མགོ་བཙུགས་པ། “ནན་ཏན”ཐད་ཧུར་ཐག “དངོས་ཡོད”སྟེང་ཤུགས་བརྒྱབ་སྟེ། རྩ་འཛུགས་མགོ་ཁྲིད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་སྤྱི་འདོམས་བཀོད་སྒྲིག་བྱས་ནས2024ལོའི་དཔྱིད་དུས་ཀྱི་བདེ་འཇགས་སྲུང་སྐྱོང་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་བདེ་འཇགས་བརྟན་ལྷིང་གི་འཇོན་མིའི་གསོ་སྐྱོང་ཁོར་ཡུག་སྲུང་སྐྱོང་བྱས།

 བཀོད་སྒྲིག་ཞིབ་ཚགས“སྔ་མོ”ནས་འཆར་འགོད་བྱས་པ། རྫོང་ཡོངས་ཀྱི་སློབ་གསོའི་ཚན་ཁག་གི་དཔྱིད་དུས་སློབ་མགོ་ཚུགས་པའི་བཀོད་སྒྲིག་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཏེ་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་ནས་སློབ་གྲྭའི་བདེ་འཇགས་དང་། སློབ་མའི་ཁྱིམ་དུ་བཅར་འདྲི། སློབ་མགོ་ཚུགས་པའི་སློབ་ཁྲིད་དང་པོ་སོགས་ཀྱི་ནང་དོན་གཙོ་གནད་ཐོག་ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་བཏང་ཞིང་ལས་ཀའི་འགན་འཁྲི་ཇེ་ནན་དུ་བཏང་སྟེ། རིམ་པ་བཞིན་ཁོངས་གཏོགས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་དགེ་རྒན་དང་ལས་བཟོ་ཡོངས་བསམ་བློ་མགྱོགས་མྱུར་ངང་བྱ་བའི་སྟེང་འཁོར་བའི་སྐུལ་སློང་བྱས། སློབ་གྲྭ་དང་བྱིས་སློབ་ཁང་ཁག་གིས་སྔ་རྗེས་སུ་བསམ་བློ་ནང་བསྡུ་ཚོགས་འདུ་འཚོགས་ནས་སློབ་མགོ་ཚུགས་པའི་ལས་དོན་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་དམིགས་ཚད་ལས་འགན་ལ་དམིགས་པ། ལས་བཟོ་ལས་གནས་སུ་འབྱོར་བ་དང་། བྱུར་རྐྱེན་གྲལ་བཤེར། སློབ་ར་གཙང་བཟོ། འཆར་གཞི་བཟོ་བ། སློབ་ཁྲིད་བགོ་འགྲེམས། མཁོ་ཆས་སྤྲོད་པ་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་ལེགས་པོར་བསྒྲུབས་ནས་སློབ་སྐབས་གསར་བ་མ་འཚོགས་གོང་གི་གྲ་སྒྲིག་ལས་དོན་ཁག་དུས་ཐོག་ཏུ་དམིགས་སར་འབྱོར་ནས་སློབ་མགོ་ཚུགས་པའི་རྣམ་པ་གསར་བ་མངོན། 

འགན་འཁྲི་ཇེ་ནན་དུ་བཏང་སྟེ་གྲལ་བཤེར“ཞིབ་ཚགས”བྱས། སློབ་གྲྭ་དང་བྱིས་སློབ་ཁང་ཁག་གིས“1+3”གྱི་དྲ་མིག་བདེ་འཇགས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཤིང་། དྲ་མིག་འགན་འཁུར་བ་སྒྲིག་འཛུགས་བྱས་ནས་དགུན་གནང་སྐབས་གྲལ་བཤེར་བྱུང་བའི་བདེ་འཇགས་བྱུར་རྐྱེན་ཁག218ཀྱི་བཅོས་སྒྲིག་བྱས་ཚུལ་ལ“ཕྱིར་མིག་བལྟས་པ”དང་། “མི་གཏན་འཁེལ་དང་། ལས་གནས་གཏན་འཁེལ། འགན་འཁྲི་གཏན་འཁེལ”བཅས་བྱས་པ་མ་ཟད། སློབ་གྲྭའི་མལ་ཁང་དང་། ཟ་ཁང་། ཚོགས་ཁང་། ཚོད་ལྟ་ཁང་སོགས་གཙོ་གནད་ས་ཁོངས་དང་། གློག་དྲའི་སྐུད་ལམ་དང་། ཆུ་གློག་རླངས་ཀྱི་སྒྲིག་བཀོད་སོགས་གནས་ཁག་གཙོ་བོ། གློག་སྐས་དང་ཐབ་ཚང་སློབ་གྲྭའི་རླངས་འཁོར་སོགས་གཙོ་གནད་སྒྲིག་ཆས་ལ་གྲལ་བཤེར་བཅོས་སྒྲིག་བྱས་ལ། གནད་དོན་བཅོས་སྒྲིག་གི་གསལ་ཐོ་བཟོས་ཤིང་རེ་རེ་བཞིན་བཅོས་སྒྲིག་བྱས། གནད་དོན་བྱུར་རྐྱེན་གཙང་བཤེར་དང་མཐིལ་རྟོགས་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས་བདེ་འཇགས་འགན་འཁྲིའི་ལས་འཛོལ་སྣ་ཚོགས་ཐོན་རྒྱུར་ནན་འགོག་བྱས། 

མཐུན་སྦྱོར་མཉམ་འགུལ་གྱིས་བདེ་འཇགས“ནན་ཏན”སྲུང་། སྡེ་ཚན་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་རྫོང་མེ་ཟོན་སྡེ་ཚན་དང་མཉམ་དུ་སློབ་གྲྭ་འབྲིང་ཆུང་དང་བྱིས་སློབ་ཁང་ཁག་ཏུ་བསྐྱོད་དེ་དུས་ཡུན་གཟའ་འཁོར་གཅིག་གི་དགེ་རྒན་དང་ལས་བཟོའི་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་གསོ་སྦྱོང་བྱས་པ་དང་། “གཞུང་ལུགས་དང་དངོས་འཐབ་ཟུང་དུ་འབྲེལ་བའི”བྱེད་ཐབས་སྤྱད་དེ་རྒྱ་ཆེའི་དགེ་རྒན་དང་ལས་བཟོ་པས་མེ་ཟོན་ཤེས་བྱ་དང་བྲོས་བྱོལ་རྩལ་ནུས་ཁོང་དུ་ཆུད་པ་བྱས་ནས་སློབ་མགོ་ཚུགས་པའི་སྐབས་ཀྱི་སློབ་གྲྭའི་བདེ་འཇགས་ལས་དོན་ཕྱོགས་ཡོངས་ནས་འགན་སྲུང་བྱས། རྫོང་འཕྲོད་བསྟེན་བདེ་ཐང་སྡེ་ཚན་དང་མཉམ་དུ་དཔྱིད་དུས་ཀྱི་འགོས་ནད་སྔོན་འགོག་ཚོད་འཛིན་དང་། ནད་རིགས་སྔོན་འགོག་ཚོད་འཛིན། སློབ་གྲྭའི་མྱུར་སྐྱོབ། དེ་བཞིན་སྐྱེ་ཁམས་བདེ་ཐང་གི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཐེངས3ལ་གཉེར། སློབ་གྲྭའི་དོ་དམ་པའི་འགན་འཁྲིའི་འདུ་ཤེས་དང་སློབ་གྲྭའི་སྨན་པའི་བྱང་ཚད་སྔར་བས་ཆེ་རུ་བཏང་ནས་དཔྱིད་དུས་ཀྱི་རྒྱུན་མཐོང་འགོས་ནད་སྔོན་འགོག་ཚོད་འཛིན་ནུས་པ་དང་འཕྲོད་བསྟེན་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཡོད། བདེ་འཇགས་སློབ་གསོ་དེ“སློབ་མགོ་ཚུགས་པའི་སློབ་ཁྲིད་དང་པོ”ཡི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་གཏོང་བ་དང་། བདེ་འཇགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། དགེ་སློབ་ཀྱི་རང་སྐྱོབ་དང་རང་སྲུང་གི་རྩལ་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བདེ་འཇགས་འགན་འཁྲིའི་ལས་འཛོལ་འབྱུང་རྒྱུ་གཏན་འགོག་བྱས། 

ཡུལ་དངོས་རྟོག་དཔྱོད་ལ་རྟོག་འདོམས“དངོས་མ”བྱས། ཟླ3པའི་ཚེས1ནས་ཚེས3ཉིན་བར་རྫོང་སློབ་གསོ་ཅུ་ཡིས་ཆེད་དོན་ལས་དོན་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཙུགས་ཤིང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་རུ་སྣེ་ཁྲིད་དེ་རྫོང་ཡོངས་ཀྱི་སློབ་གྲྭ་དང་བྱིས་སློབ་ཁང་ཁག་ཏུ་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། ཡུལ་དངོས་ལྟ་ཞིབ་དང་། དཔྱད་གཞིར་ལྟ་བ། བཞུགས་མོལ་བྱེད་ཐབས་བརྒྱུད་སློབ་མགོ་ཚུགས་པའི་གནས་ཚུལ་དང་། སློབ་སྡོམ་སློབ་སྲུང་། ཁོར་ཡུག་བཅོས་སྐྱོང་། བྱུར་རྐྱེན་གྲལ་བཤེར་བཅོས་སྒྲིག འཚོ་བའི་འཁོ་འདོན་སོགས་གཙོ་གནད་ལས་དོན་ལ་དངོས་ཡོད་དང་། ཕྱོགས་ཡོངས། ཞིབ་ཕྲ་ཡིས་རྒྱུས་ལོན་བྱས་པར་མ་ཟད། ཁ་གཏད་རང་བཞིན་དང་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་བཏོན་ལ། སྔར་བས་རྫོང་སློབ་གསོ་ཅུ་ཡི་ལས་དོན་བླང་བྱ་ཁག་དོན་འཁྱོལ་དང་། སློབ་གྲྭའི་དོ་དམ་ལེགས་སྒྱུར། སློབ་ཁྲིད་སྤུས་ཀ་མཐོར་འདེགས་སུ་བཏང་ནས་མི་དམངས་ཡིད་འཚིམ་པའི་སློབ་གསོ་ལེགས་པོར་སྒྲུབ་དགོས་པའི་བླང་བྱ་བཏོན།


མཉམ་སྤྱོད།