དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ཙོང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དམ་འཛིན་བྱས།

2024-03-20 11:58:48   |   1897

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་ཙོང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ“བཟོ་སྐྲུན་ཨང་དང་པོ”དང“དོན་ཆེན་ཨང་དང་པོར”བརྩིས་ནས“ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་བབ་སྟངས་འཛིན་ཡང་དག་བྱས་ཏེ། ནུས་ཤུགས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་ཙོང་ཆུའི་འབབ་རྒྱུད་ཀྱི་ཉམས་གསོའི་བཅོས་སྐྱོང་དང་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་། ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཙོང་ཆུ་ལས་ཕྱིར་ཐོན་པའི་ཆུའི་སྤུས་ཚད་རིགསIIརིམ་བཞིན་རྒྱུན་མཐུད་ངང་འཕར་རྒྱུ་འགན་ལེན་ཐུབ་ཡོད། 

kappframework-Hmwhqk(1)(1).png

མགོ་ཁུངས་ཀྱི་འདུ་ཤེས་བརྟན་པོ་བཅིངས་ནས། མཐུན་སྦྱོར་མཉམ་ལས་ལ་ཤུགས་བརྒྱབ་པ། ཏང་ཨུས་མགོ་ཁྲིད་བྱེད་པ་དང་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ།  སྤྱི་ཚོགས་རྩ་འཛུགས་དང་རོང་འབྲོག་མང་ཚོགས་མཉམ་ཞུགས་བཅས་ཀྱི་རྣམ་པ་མང་པའི་ཁོར་ཡུག་བཅོས་སྐྱོང་གི་སྒྲིག་ལུགས་འཐུས་ཚང་དུ་བཏང་ནས་གཅིག་གྱུར་འཆར་འགོད་དང་གཅིག་གྱུར་བཀོད་སྒྲིག  གཅིག་གྱུར་སྐུལ་འདེད་བཅས་ཀྱི་བྱ་བའི་ལམ་སྲོལ་བཙུགས་ཏེ།  སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོང་།  མཉམ་འཛིན་མཉམ་སྒྲུབ་བཅས་ཀྱི་བྱ་བའི་མཉམ་ཤུགས་རིམ་བཞིན་ཆགས་པར་བྱས་ཤིང་།  ཙོང་ཆུ་འབབ་ཡུལ་གྱི་རྫོང་དང་ས་ཁུལ་དབར་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཙོང་ཆུའི་འབབ་རྒྱུད་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཙོང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་མནའ་འབྲེལ་འཛུགས་རྒྱུའི་ཇུས་འགོད་ཧུར་ཐག་བྱས། 《མདའ་བཞི་རྫོང་གིས་ཕྱོགས་ཡོངས་ནས་ཆུ་དཔོན་ལམ་ལུགས་ཀྱི་བྱ་བའི་ལག་བསྟར་ཇུས་གཞི》དང《མདའ་བཞི་རྫོང་གི་ཆུ་དཔོན་ལམ་ལུགས་མཚོ་དཔོན་ལམ་ལུགས་སྡེ་ཁག་མཉམ་འགུལ་བྱ་བའི་ལམ་ལུགས》སོགས་ལམ་སྲོལ10ཞིབ་འཇུག་དང་གཏན་འབེབས་བྱས་པ་དང་།  “ཆུའི(མཚོ་དང་ཆུ་མཛོད)ཡིག་ཚགས”ཀྱི་ཆ་འཕྲིན་གྲངས་མཛོད་བཙུགས་ཏེ།  “ཆུ་དང་མཚེའུ་ཡི་མགོ་འཛིན+ཆུ་དོ་དམ་མི་སྣ+ཞིབ་དཔྱོད་པ+གྲོང་ཚོའི་ཉེན་རྟོག་པ”བཅས་ཀྱི་ཆུ་བོ་དང་མཚེའུ་དོ་དམ་བྱེད་སྟངས་ཤིག་ཆགས་ནས།  རྫོང་དང་ཡུལ་ཚོ།  གྲོང་ཚོ་བཅས་རིམ་པའི་ཆུ་བོ་དང་མཚེའུ་ཡི་མགོ་དཔོན་མི63དོན་འཁྱོལ་བྱས་པ་དང་།  2023ལོའི་ཚུན་ཏུ། རིམ་རྩིས་བྱས་ན་ཆུ་དང་མཚེའུ་ལ་སྐོར་ཞིབ་ཐེངས19597བྱས་པ་དང་། གད་སྙིགས་ཏུན50གཙང་སེལ་བྱས་ནས་ཆུ་སྲུང་ཆུ་བཅོས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་མངོན་འགྱུར་བྱས་ཡོད། 

མགོ་ཁུངས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཏེ། རྩ་ལག་མཉམ་བཅོས་ཀྱི་ལས་དོན་ལག་ཏུ་བསྟར་བ།  རི་ཆུ་ནགས་ཞིང་མཚེའུ་བྱེ་མ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་པར་གཅིག་གྱུར་གྱིས་འཆར་འགོད་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ཕྱུགས་སྐྱུར་རྩྭ་གསོ། མཚེའུ་དང་འདམ་ར་སྲུང་སྐྱོང་སོགས་ཀྱི་སྐྱེ་ཁམས་ལས་གཞི་ལག་ལེན་བསྟར་བ།  ས་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་།  “འགྱིག་བེད་སྤྱོད་མི་བྱེད་པ། ”  “ཟོག་རོ་མེད་པའི་གྲོང་ཁྱེར”བཅས་ཀྱི་ཚོད་ལྟ་སོགས་ཀྱི་ཆེད་དམིགས་བཅོས་སྐྱོང་ལ་སྐུལ་འདེད་བྱེད་པ། རླུང་ཁམས་ཆེན་པོ་དང་ཆུ། ས་རྒྱུ། ཞིང་ལས་བཅས་ཁྱོན་ཡོངས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་བྱ་བ་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་པ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་ལོ་གསུམ་བྱ་སྤྱོད་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། གཙོ་གནད་འགག་སྒྲོལ་དང་མཐུན་སྦྱོར་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བྱེ་འགོག་བྱེ་བཅོས་ཀྱི་མི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ་ཁྲི2.37བྱས་པ་དང་། འོས་འགན་ཤིང་འཛུགས་སྡོང་ཕྲུག་ཁྲི1.25ལེགས་སྒྲུབ་བྱས་པ།  སྐྱེ་ཁམས་འགོག་སྲུང་ནགས་ཁུལ་སྔོ་འགྱུར་སྤྱི་ལེ50.14བྱས་པ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད72.68%ཟིན་པ་དང་།  ནགས་ཚལ་ཁེབས་ཚད11.72%ཟིན་པ།  བྱེ་འགྱུར་རྒྱ་ཁྱོན་མུའུ་ཁྲི92.6བར་ཉུང་དུ་ཕྱིན་པ། འདམ་རའི་ཐོན་ཁུངས་མུའུ་ཁྲི35.1ཟིན་པས། “ཆུ་བོ་་སྔར་བས་དྭངས་ལ།  ཡུལ་ལྗོངས་སྔར་བས་མཛེས་པའི་སྐྱེ་ཁམས་ཁོར་ཡུག་འགན་སྲུང་བྱས་ཡོད། 

kappframework-LEBhNC(1)(1).png

མགོ་ཁུངས་ཀྱི་འགན་འཁྲི་དམ་འཛིན་བྱས་ཏེ།  ཆུ་རྒྱུན་གྱི་བཅོས་སྐྱོང་ལ་ཤུགས་བསྣན་པ།  《མདའ་བཞི་རྫོང་ཙོང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་འཆར་འགོད》བཟོས་ནས་མ་དངུལ་སྒོར་དུང་ཕྱུར2.2བཏང་ནས་ཙོང་ཆུའི་འབབ་རྒྱུད་ཀྱི་རི་ཆུ་ནགས་མཚེའུ་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་ཉམས་གསོའི་ལས་གཞིའི་རྣམ་གྲངས་ལག་ལེན་བསྟར་བ་དང་།  མ་དངུལ་སྒོར་དུང་ཕྱུར1.7བཏང་ནས་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ལག་ལེན་བསྟར་བ།  མ་དངུལ་སྒོར་ཁྲི6500བཏང་ནས་ཨ་བྲའི་གནོད་འཚེ་སྔོན་འགོག་ཚོད་འཛིན་དང་བྱེ་འགོག་བྱེ་བཅོས།  ཆུ་ཡུར་བཅོས་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་རྣམ་གྲངས11ལག་ལེན་བསྟར་ནས་ཨེ་ཤ་ཡའི་དངུལ་ཁང་གི་ཙོང་ཆུའི་ཆུ་མགོའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་རོགས་སྐྱོར་སྲིད་ཇུས་ཞིབ་འཇུག་རྣམ་གྲངས་དོན་འཁྱོལ་བྱས་ཏེ། ཙོང་ཆུའི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱས།  ཙོང་ཆུའི་འབབ་རྒྱུད་ཀྱི་བཙོག་འབུད་དོང་ཁ117བཅོས་སྒྲིག་བྱས་པ་དང་།  ཁེ་ལས2ཀྱི་ནུས་རྒྱུ་བསྲི་ཚགས་ལ་ཞིབ་བཤེར་བྱས།  གྲོང་ཁྱེར་དང་གྲོང་རྡལ་གྱི་མདོང་ལམ་དྲ་བ་སྒྱུར་བཀོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དྭངས་གཙང་དྲོད་རླངས་མཁོ་འདོན་གྱི་གཙོ་གནད་རྣམ་གྲངས་ལག་བསྟར་བྱས་ཤིང།  ཕྱུགས་ལས་དང་འོད་ནུས། ཆིང་གསོག་གསུམ་གཞི་གཅིག་ཅན་གྱི་དཔེ་སྟོན་རྣམ་གྲངས་དང“རླུང་ཤུགས་དང་འོད་ཤུགས་གསོག་འཇོག”གི་ནུས་མང་གསབ་རེས་རྣམ་གྲངས་ཡག་པོ་བསྒྲུབས་པ། མཁའ་རླུང་གི་སྤུས་ཚད་ཚད་ལོན་ཉིན་གྲངས་ཀྱི་བསྡུར་གྲངས97.4%ཟིན་པ་པ་དང་།  ཆུའི་སྤུས་ཚད་ལོན་ཚད100%ཟིན་པ།  འབབ་རྒྱུད་ཀྱི་ཆུའི་ཐོན་ཁུངས་དང་ཆུ་ཁོངས་སྲུང་སྐྱོབ།  དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ།


མཉམ་སྤྱོད།