མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་གྱིས་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་མཐོར་གཏོང་ལ་སྐུལ་འདེད་བཏང་།

2024-03-20 16:28:50   |   135

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་སྐྲུན་པའི་འགག་རྩའི་ལོ་ཞིག་ཡིན་ལ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་སྤྱི་གླིང་དངོས་སུ་འཛུགས་རྒྱུར་དམིགས་ནས་དཀའ་ཁག་ལ་ཁ་གཏད་དེ་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་གྱིས་སྤྱི་གླིང་དངོས་སུ་སྐྲུན་པའི་ས་ཆར་དཔྱད་དཔོག་དང་ཚོད་ལྟའི་ཕན་འབྲས་སྲ་བརྟན་མཐོར་གཏོང་དང་། འགལ་བ་དང་གནད་དོན་འདུམ་འགྲིག་སོགས་ཀྱི་གཙོ་གནད་བྱ་བ་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག་གཏེར་ལས་དབང་ཆ་ཕྱིར་འཐེན་ཁ་གསབ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚང་མ"གཙང་སེལ"ཐུབ་པར་བྱས་ནས་སྤྱི་གླིང་སྐྲུན་པའི་ཆ་རྐྱེན་ཚང་མ་ཚད་གཞིར་ཐོན་ཐུབ་པ་འགན་ལེན་བྱས།

ཟླ3པའི་ཚེས18ཉིན། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཐོན་ཁུངས་དོ་དམ་སྲུང་སྐྱོབ་ཀྱི་དྲ་བ་དང་སྐོར་སྲུང་སྐོར་ཞིབ་ཀྱི་འགན་འཁྲིའི་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་ཆེད། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་སྲུང་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་དང་གཞི་གྲངས་ཆེན་མོའི་ལྟེ་གནས་དང་དམར་ཕྱིའི་པར་ཆས་བརྟག་དཔྱད་སོགས་སྔོན་ཐོན་ལག་རྩལ་བྱ་ཐབས་ལ་བརྟེན་ནས་ཐོན་ཁུངས་ལྟ་སྐུལ་དོ་དམ་གྱི་ལས་ཕྱོད་ཆེ་རུ་བཏང་ལ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཀན་སུའུ་དང་མཚོ་སྔོན་གཉིས་ཀྱི་མཉམ་འབྲེལ་སྐོར་ཞིབ་ཁྲིམས་བསྟར་དང་། ཁུལ་དང་རྫོང་གི་མཉམ་འགུལ་སྐོར་ཞིབ་ཁྲིམས་བསྟར། སྡེ་ཁག་མང་པོའི་མཉམ་འབྲེལ་ཁྲིམས་བསྟར་བྱས་ཏེ་མངོན་གསལ་དོད་པའི་གནད་དོན་འཕྲལ་བཤེར་འཕྲལ་བཅོས་བྱས། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སླར་གསོའི"དཔེ་རིས་གཅིག"གང་མགྱོགས་སྐྲུན་པ་དང་། མདོ་ལ་རིང་མོའི་བར་དམ་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ། བྱེ་འགྱུར་ས་ཞིང་བཅོས་སྐྱོང་སོགས་ཀྱི་ལས་གཞི་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱས་ནས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱས་ཤིང་། གསའ་སོགས་སྐྱེ་དངོས་རིགས་ལ་ལྟ་ཞིབ་ཚད་ལེན་ཡག་པོ་བྱས་ནས་གཅན་གཟན་རིགས་ཆུང་གྲས་ལ་ཆེད་དོན་བརྟག་དཔྱད་བྱས་པ་རེད།

དེ་དང་ཆབས་ཅིག<<མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་དམིགས་བསལ་གཉེར་སྐྱོང་གི་སྤྱིའི་འཆར་འགོད>>བཟོས་ནས་ལག་བསྟར་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་ས་ཁུལ་གྱི་འཕེལ་རྒྱས་གསར་གཏོད་མནའ་འབྲེལ་འཛུགས་རྒྱུར་སྐུལ་འདེད་གཏོང་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ཞིབ་རྩིས་ལས་སྟེགས་དང་རྒྱལ་ཁབ་སྤྱི་གླིང་གི་གཞི་གྲངས་ཆེན་མོའི་ལས་སྟེགས་ཀྱི་ལག་རྩལ་སྦྲེལ་མཐུད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་རིག་གནས་གསར་གཏོད་ཐོན་རྫས་ཀྱི་རྫས་རྟགས་དབང་བསྐུར་དང་འབྲི་གུ་དགོན་སྡེ་བའི་འཛུལ་སྒོའི་སྡེ་ཁུལ་འཛུགས་སྐྲུན་སོགས་དམིགས་བསལ་གཉེར་སྐྱོང་གི་ཚོད་ལྟའི་འཚོལ་ཞིབ་དང་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་ཧུར་ཐག་གིས་བཏོད།


མཉམ་སྤྱོད།