མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས06ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-21 07:46:42   |   292

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས20ཉིན། ཞི་ཅིན་ཕིང་གིས་དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། མགོ་འཛུགས་ས་དེ་བས་མཐོ་བའི་ཐོག་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་གྱིས་བསྟན།

    11.jpg

  • ཚེས18ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་ནན་དགེ་འོས་སློབ་གླིང་དང་པོ(གྲོང་ནན་དཔེ་ཁང་སློབ་ཁུལ)རུ་ཕེབས་ནས་མའོ་ཙེ་ཏུང་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་ཚོས་དེ་གར་སློབ་སྦྱོང་དང་ལས་དོན་བསྒྲུབས་ཚུལ་དང་། སློབ་གྲྭའི་འཕེལ་རྒྱས་ཀྱི་འཕེལ་རིམ་དང་སློབ་ཁྲིད་ཀྱི་ཁྱད་ཆོས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་འབྲེལ་དགེ་སློབ་ཀྱི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་།

    22.jpg

  • ཚེས19ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་ཏིང་གྲོང་ཁུལ་ཞེ་ཅ་ཕུའུ་གྲོང་རྡལ་ཀང་ཀྲུང་ཕིང་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་ཤིང་། གྲོང་ཚོའི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིར་ལོ་འདི་དག་རིང་ས་གནས་དེ་གའི་གྲོང་གསེབ་ཀྱི་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ཚུལ་སྙན་སེང་ཞུས།

  • ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོན་ཆུང་གིས་ཆུ་སྤྱོད་པའི་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཤིང་། 2024ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། འདི་ནི་རང་རྒྱལ་གྱི་ཆུ་གྲོན་ཆུང་བྱེད་པའི་སྲིད་འཛིན་ཁྲིམས་སྲོལ་ཐོག་མ་ཡིན།

  • རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་གཉིས་པའི་བར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བྱས་ན་སྟོང་ཝ་ཆུ་ཚོད་དུང་ཕྱུར15316ཟིན། དུས་མཚུངས་ལས11%འཕར་ཡོད།

  • རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་གཉིས་པའི་བར་རང་རྒྱལ་གྱི་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར262.6ཟིན། དུས་མཚུངས་ལས25.1%འཕར་ཡོད།

  •   ཀྲུང་གོའི་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་རྒྱལ་ཡོངས་ཀྱི་འཁྲབ་སྟོན་ཁྲོམ་རའི་སྤྱིའི་དཔལ་འབྱོར་གཞི་ཁྱོན་སྒོར་དུང་ཕྱུར739.94ཟིན་ཞིང་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་སུ་སླེབས་ཡོད།

    33.jpg

  • ཚེས20ཉིན། ཟླ་དཔྱད་ལས་གྲྭའི་དུས་ཐེངས་བཞི་པའི་སྐྱ་ཟམ་ཨང་གཉིས་པའི་བར་མཐུད་སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས། དེ་ཡིས་ཟླ་བའི་ལྷ་མོ་ཨང་བཞི་པ་དང་ཟླ་བའི་ལྷ་མོ་ཨང་དྲུག་པ་སོགས་ཀྱི་ལས་འགན་ལ་ས་ཁུལ་དང་ཟླ་བའི་དབར་གྱི་བར་མཐུད་འཕྲིན་གཏོང་མཁོ་འདོན་བྱ་རྒྱུ་རེད།

  • ཚེས20ཉིན་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི་དམག་གྲུའི་དཔུང་རུ1301གིས་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་སྐོར་གཡེང་བྱས། འདི་ནི་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཁྲིམས་ལྟར་སྤེལ་བའི་ཁེ་དབང་སྲུང་སྐྱོང་གི་སྐོར་གཡེང་བྱེད་སྒོ་ཞིག་ཡིན།

    སྤྱི་ཚོགས།

  •   ཚེས23ནས་ཚེས25ཉིན་བར། རེས་སྐོར་གསར་པའི་མཁའ་རླུང་གྲང་མོའི་ཤུགས་རྐྱེན་དབང་གིས་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་དྲོད་ཚད4~6℃བར་མར་ཆག་རྒྱུ་རེད། ས་ཁུལ་ཁ་ཤས་སུ་དྲོད་ཚད8-10℃བར་མར་ཆག་རྒྱུ་རེད།

  • སློབ་གསོ་པུས་བརྡ་ཐོ་བཏང་སྟེ2024ལོའི་མཐོ་རྒྱུགས་ཀྱི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ཡིག་དེ་ཟླ6པའི་ཚེས7དང8ཉིན་ལེན་རྒྱུ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་ལྔའི་གོང་དང་བསྡུར་ན་རང་རྒྱལ་གྱི་བྱིས་པ་དབང་པོ་སྐྱོན་ཅན་གྱི་རྐྱེན་གྱིས་ཕྲུ་གུ་དམར་འབྱར་ཤི་ཚད་དང་ལོ་ལྔ་མན་གྱི་བྱིས་པ་འཆི་ཚད་ཚང་མ30%ཡན་ཆག་ཡོད།

    44.jpg

  • ཚེས20ཉིན། ཅིང་ཧང་མིས་བཟོས་གཙང་པོ་ཆེན་མོ་བསྟུད་མར་ལོ་གསུམ་ལ་ཆུ་རྒྱུན་ཧྲིལ་པོ་ཤར་གཏོང་ཐུབ་ཡོད།

  • ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་ཐོག་ནས་ཧྲང་ལི་ཀོང་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།

  • ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཏུའུ་ཝན་ཀུའེ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

    55.jpg

  • རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་མི་སྣས་ཏ་པེ་རི་ཁུལ་དུ་སྐྱེ་དངོས་རིགས་གསར་པ་སྟེ། རི་བོ་ཏ་པེའི་ཏ་རྨིན་ཧྲན་རྙེད།

  • ཧྥུ་ཅན་སན་མིང་ཉེན་རྟོག་ཕྱོགས་ཀྱིས་ཉེ་ཆར་ཨ་རག་རྫུན་མ་བཟོ་འཚོང་གི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ་དང་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར2ལྷག་ཙམ་ཟིན་ཡོད།

    66.png

  • ཅང་སུའུ་ཡི་བྱིས་པ་བུ་མོ་ཞིག་ཐོག་ཁང་ལྔ་པའི་ཕྱི་གྱང་དུ་བཅུག་འདུག་པས་ག་དུས་ཡིན་ཡང་ལྷུང་བའི་ཉེན་ཁ་ཡོད། ལོ56ལ་སླེབས་པའི་ཅང་ཝེ་ཧྭ་མདའ་གཡབ་ལ་འཛེགས་ཏེ་བུ་མོ་དེ་བསྐྱབས།

    སྲིད་ཇུས།

  •    ཀན་སུའུ་ཡིས2024ལོར་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཁ་གསབ་འོས་འཚམ་སྤྲད་དེ། མཐར་ཕྱིན་སློབ་མ་དང་མི་སྤྱོད་ཚན་པའི་དབར་ཕན་ཚུན་གདམ་ག་བྱེད་པའི་བྱེད་ཐབས་སྤྱད་དེ་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་དཀྱུས་མའི་མཐར་ཕྱིན་སློབ་མ་ཁྲི1གཞི་རིམ་ཚན་པར་ལས་ཞུགས་ཐུབ་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན།

  • ཀོང་ཏུང་གིས་གཞུང་བཙུགས་མཐོ་རིམ་སློབ་འབྲིང་གི་རང་བརྟེན་སློབ་བསྡུའི་སྡུར་གྲངས་དེ་སློབ་གྲྭའི་ལོ་འཁོར་གྱི་སློབ་བསྡུའི་འཆར་གཞིའི10%ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པའི་བླང་བྱ་བཏོན།

  • ཅང་ཞི་ཡིས2024ལོའི་ཟླ1པའི་ཚེས1ཉིན་གྱི་ཆུ་ཚོད་བཅུ་གཉིས་ཀྱི་རྗེས་སུ་སྐྱེས་པའི་ཕྲུ་གུ་དམར་འབྱར་ཞིང་ཆེན་དེ་གའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པ་ལ་འགན་བཅོལ་ནང་ཞུགས་པའི་རང་བྱུང་ལོ་འཁོར་གསུམ་ལ་བསྟུད་མར་མི་སྒེར་གྱིས་གྲོན་དངུལ་འཇལ་རྒྱུ་དེ་ནོར་སྲིད་ཀྱིས་ཆ་ཚང་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།

    66.jpg

  • ཞིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཞིན་ཅང་ཨ་ལི་ཐའེ་དང་ཐེན་ཧྲན་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་འབབ་རྒྱུ་དང་ས་ཁུལ་ཁག་གཅིག་ཏུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། ཞིན་ཅང་དབྱི་ལི་ལུང་གཞུང་དང་ཇུན་གར་གཤོངས་ས། ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་དང་ས་ཆ་ཁ་ཤས་སུ་ཆར་པ་འབྲིང་བ་འབབ་རྒྱུ་རེད།


མཉམ་སྤྱོད།