དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཕུའུ་ཅིང་ཨུ་རུ་སུའི་ཙུང་ཐུང་ལ་མུ་མཐུད་བདམས་པར་རྟེན་འབྲེལ་ཞུས་པ།

2024-03-21 08:39:45   |   230

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཕུའུ་ཅིང་ལ་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ལ་མུ་མཐུད་བདམས་པར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་ཉེ་བའི་ལོ་ཤས་རིང་། ཨུ་རུ་སུའི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་འགྲན་སློང་སྣ་ཚོགས་ཁྱད་བསད་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་ལམ་བུར་བརྟན་པོའི་ངང་མདུན་སྐྱོད་བྱས་ཡོད། ཁྱེད་སླར་ཡང་ཙུང་ཐུང་ལ་བདམས་པ་དེ་ཐོག་ནས་ཨུ་རུ་སུའི་མི་དམངས་ཀྱིས་ཁྱེད་ལ་རྒྱབ་སྐྱོར་ཞུས་པ་གང་ལེགས་མཚོན་གྱི་ཡོད། ཁྱེད་ཀྱི་མགོ་ཁྲིད་འོག  ཨུ་རུ་སུར་རྒྱལ་ཁབ་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་ཆེན་པོ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད།  ཨུ་རུ་སུ་ཕྱོགས་དང་མུ་མཐུད་འབྲེལ་གཏུག་དམ་ཟབ་ཀྱིས་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བསྟན་ཡོད་པ་རེད།



མཉམ་སྤྱོད།