མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་གྱིས་ཆོས་དབྱིངས་སྐྱིད་དང་བསོད་ནམས་ཚེ་རིང་གཉིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གྱི་དྲིལ་སྒྲོག་ཕོ་ཉར་གདན་ཞུ་བྱས།

2024-03-21 10:01:52   |   2110

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས20ཉིན། ཁུལ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མཚོ་བྱང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལས་དོན་མགོ་ཁྲིད་ཚོགས་ཆུང་གིས་ཁུལ་མི་རིགས་རིག་གནས་བྱེད་སྒོ་ལྟེ་གནས་སུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དྲིལ་སྒྲོག་ཕོ་ཉ་གདན་ཞུ་བྱེད་པའི་མཛད་སྒོ་འཚོགས་ཤིང་། ཀྲུང་གོའི་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་རུ་ཁག་གི་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ་ཆོས་དབྱངས་སྐྱིད(སྦྱོང་བརྡར་གྱི་དབང་གིས་ཚོགས་ཐོག་ལ་དངོས་སུ་ཞུགས་མེད)དང་། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་ཚེ་རིང་“མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དྲིལ་སྒྲོག་ཕོ་ཉ” རུ་གདན་ཞུ་བྱས།

1.jpg

ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་མགོན་པོ་ཚེ་བརྟན་གྱིས་བསོད་ནམས་ཚེ་རིང་ལ“ མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དྲིལ་སྒྲོག་ཕོ་ཉའི”གདན་ཞུའི་ཡི་གེ་སྤྲད་ཅིང་ཁོང་དང་བཞུགས་མོལ་སྤེལ་རེས་བྱས། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ་དང་། ཁུལ་རིག་རྩལ་ལྷན་ཚོགས། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། མདའ་བཞི་རྫོང་འཐབ་ཕྱོགས་གཅིག་གྱུར་པུ་བཅས་ཀྱི་འགན་འཁུར་བློ་མཐུན་མཛད་སྒོར་ཞུགས།

2.jpg

མགོན་པོ་ཚེ་བརྟན་གྱིས་མཚོ་བྱང་ནི་སྔར་ནས་བཟུང་རྩོམ་རིག་གསར་རྩོམ་གྱི་གཤིན་ས་ཡིན་ཞིང་། གསར་རྩོམ་གྱི་རྒྱུ་ཆ་གསར་པ་ཤིན་ཏུ་མང་། བསོད་ནམས་ཚེ་རིང་གིས་མཚོ་བྱང་གི་ལོ་རྒྱུས་དང་དངོས་ཡོད་འཚོ་བའི་ཁྲོད་རྩོམ་རིག་གསར་རྩོམ་གྱི་ས་བོན་བསྡུས་ཏེ། མཚོ་བྱང་གི་ལོ་རྒྱུས་དུས་སྐབས་ཁག་གི་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་དངོས་སྔོག་འདོན་གཏིང་ཟབ་བྱས་ཏེ་མཚོ་བྱང་གི་ཁྱད་ཆོས་དང་། མཚོ་བྱང་གི་ཉམས་འགྱུར། མཚོ་བྱང་གི་འགུག་ཤུགས་བཅས་ལྡན་པའི་བརྩམས་ཆོས་མུ་མཐུད་དུ་གསར་རྩོམ་བྱེད་པ་དང་། མཚོ་བྱང་གི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོའི་ལག་ལེན་སྤུས་ཚད་མཐོ་བའི་སྒོ་ནས་སྤེལ་བར་རམ་འདེགས་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གཞིས་ཁྱིམ་བསྐྲུན་པ་དང་། མཚོ་བྱང་གི་རིགས་སོ་སོའི་མི་རིགས་ཁག་སྔར་ལས་ལྷག་པའི་སྒོ་ནས་མཉམ་འདྲེས་ཡོང་བར་སྐུལ་འདེད་དང་སྟོབས་ཤུགས་འབུལ་བའི་རེ་བ་ཡོད་ཅེས་བཤད། 

བསོད་ནམས་ཚེ་རིང་གིས་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་འགན་འཁྲི་ལྕི་པོ་འཁུར་ཕོད་པའི་ངང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རྩོམ་ཡིག་དང་དཔེ་དེབ་གསར་རྩོམ་སོགས་ཀྱི་རྣམ་པ་བརྒྱུད་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བཤད་རྒྱུ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྒྱུད་བསྒྲགས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།


མཉམ་སྤྱོད།