དེ་རིང་ནི2025ལོའི་ཟླ05པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བཅའ་ཁྲིམས་རོགས་སྐྱོར་རེ་ཞུ་མཁན་གྱི་དཀའ་ཁག་ངོས་འཛིན་བྱེད་ཐབས།

2024-03-21 14:40:47   |   2344

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


བཅའ་ཁྲིམས་རོགས་སྐྱོར་ཡོང་རོགས་ཞུ་མཁན་གྱི་དཔལ་འབྱོར་དཀའ་ཁག་ཇི་ལྟར་ངོས་འཛིན་བྱེད་དགོས་སམ།

《བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན་སྒྲུབ་པའི་སྒྲིག་རིམ་གཏན་འབེབས》ལྟར་ན། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད། གཤམ་གྱི་གནས་ཚུལ་ལས་གཅིག་ཡོད་ན། རེ་འདུན་ཞུ་མཁན་ལ་དཔལ་འབྱོར་གྱི་དཀའ་ཁག་ཡོད་པར་ངོས་འཛིན་དགོས།

(1)རེ་འདུན་ཞུ་མཁན་དང་ཁོ་དང་མཉམ་དུ་འཚོ་བ་རོལ་བའི་བཟའ་མི་གང་ཞིག་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་གནས་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་དཔལ་འབྱོར་དཀའ་ཁག་གི་གྱོད་དོན་བདག་སྤྲོད་བྱེད་པའི་ཚད་གཞི་དང་མཐུན་པ།

(2)རེ་ཞུ་བྱ་ཡུལ་གྱི་དོ་བདག་ནི་རེ་ཞུ་བྱེད་མཁན་དང་མཉམ་དུ་འཚོ་བ་རོལ་བའི་བཟའ་མི་ཡིན་པ་དང་། རེ་ཞུ་མཁན་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་གནས་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་དཔལ་འབྱོར་དཀའ་ཁག་གྱོད་དོན་བདག་སྤྲོད་བྱེད་པའི་ཚད་གཞི་དང་མཐུན་པ།

(3)བཅའ་ཁྲིམས་རོགས་སྐྱོར་བཅའ་ཁྲིམས་ཀྱི་དོན་ཚན42པའི་གཏན་འབེབས་དང་མཐུན་པར་མ་ཟད། རེ་འདུན་ཞུ་མཁན་གྱིས་སྤྲད་པའི་དཔྱད་གཞིའི་ཡིག་ཆ་བདེན་པ་དང་ནུས་ལྡན་ཡིན་པ་བཅས་སོ། །


མཉམ་སྤྱོད།