དེ་རིང་ནི2025ལོའི་ཟླ05པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འཛིང་རགས་སྲ་བརྟན་དུ་བཏང་བ།

2024-03-21 14:19:35   |   2553

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་ཞིང་ཆེན་དང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། རྣམ་འགྱུར་བརྟན་མོས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། བྱ་སྤྱོད་ཁྲོད་དོན་འཁྱོལ་བྱས་ཏེ་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ལས་ཀའི་བྱ་ཐབས་མང་པོ་སྤྱད་དེ་མེ་སྐྱོན་འབྱུང་བ་མཐའ་གཅིག་ཏུ་བཀག་འགན་འཁྲིར་ཤུགས་བསྣན་ནས་འགན་འཁྲིའི་འབྲེལ་ཐག་ཇེ་དམ་དུ་བཏང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་འགན་འཁྲི་ཏན་ཏིག་བསྒྲུབས་ནས་མེ་སྐྱོན་གྱི་བྱུར་རྐྱེན་སྣ་ཚོགས་མཐའ་གཅིག་ཏུ་མེད་པར་བཟོས། “དུས་ཆེན་གཉིས”དང“ཚོགས་འདུ་གཉིས”སོགས་གལ་ཆེའི་དུས་མཚམས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལ་དུས་ཐོག་ཏུ་བཀོད་སྒྲིག་བྱས་ཏེ། ལས་ཀའི་འགན་འཁྲི་ཇེ་ནན་དུ་བཏང་བ་དང་བཀོད་སྒྲིག་ཚོགས་འདུ་ཐེངས13ལ་འཚོགས་ཤིང་། མེ་ཟོན་ལས་དོན་བརྡ་ཐོ་ཁག3བཏང་སྟེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་སེམས་ལ་འཇོག་པ་དང་། ཕྲག་ཏུ་འཁུར་བ། ལག་ཏུ་དམ་འཛིན་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་དང་སྐྱེ་ཁམས་བདེ་འཇགས་ལ་འགན་ལེན་བྱས།

 མེའི་འབྱུང་ཁུངས་ཀྱི་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་དོགས་ཟོན་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ། “གཏན་འགོག་བཞི”དོན་འཁྱོལ་ནན་པོ་བྱས་ཤིང་། ནགས་རྩྭ་དཔོན་ལམ་ལུགས་ཀྱི་དབྱེ་མཚམས་ཀྱི་འགན་འཁྲིའི་ས་ཁོངས་ལ་བརྟེན་ནས་ནགས་ཚལ་དང་རྩྭ་ཐང་གི་སྐོར་ཞིབ་ལས་དོན་ཡག་པོར་བསྒྲུབས་པ། དུས་དང་རྣམ་པ་ཀུན་ཏུ་མེ་ཟོན་བདེ་འཇགས་དམ་པོར་འཛིན་པ། འགག་རྩའི་ལྷུ་ཚིགས་དམ་འཛིན། སྐོར་སྲུང་སྟོབས་ཤུགས་ཆེ་རུ་གཏོང་བ། སྐོར་ཞིབ་ཐེངས་གྲངས་མང་དུ་གཏོང་བ་བཅས་བྱས་ནས་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཡོངས་སུ་ཁྱབ་པར་བྱས། དུར་ས་དང་། བསང་ཁྲི། མཛེས་ལྗོངས་ཁུལ། རང་བྱུང་སྲུང་སྐྱོང་ཁུལ་སོགས་གཙོ་གནད་ཁུལ་ལ་སྐོར་ཞིབ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་ཕྱི་རོལ་དུ་མེ་སྤྱོད་རྒྱུར་དོ་དམ་ཚོད་འཛིན་ནན་པོ་བྱེད་པ་དང་། མེ་ཁུངས་རི་ཁུལ་ནགས་ཚལ་དུ་འགྲོ་བ་འགོག་སྲུང་ནན་མོ་བྱས། མིག་སྔའི་བར་རིམ་རྩིས་བྱས་ན་སྐྱེ་ཁམས་བདག་སྐྱོང་བ་མི་ཐེངས8432དང་རླངས་འཁོར་ཐེངས2389ལྷག་ཙམ་བཏང་ནས་གཙོ་གནད་ས་ཁོངས་ཀྱི་དུར་ས་དང་བསང་ཁྲིར་བཅའ་སྡོད་མི་ཐེངས8316བྱས།

 བྱུར་རྐྱེན་གྲལ་བཤེར་ལ་ཤུགས་བསྣན་ནས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས། བྱུར་རྐྱེན་གྲལ་བཤེར་ལ་གྲུ་ཟུར་མ་ལུས་པར་བྱ་ཆེད། ནགས་ར་ཁག་གིས་གཙོ་གནད་ས་ཁོངས་དང་རོང་འབྲོག་ཁྱིམ་ཚང་གི་སྡོད་ཁང་དུ་རྒྱུན་མཐུད་ངང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་བྱུར་རྐྱེན་གྲལ་བཤེར་བཅོས་སྒྲིག་ལས་དོན་སྤེལ་བ་དང་། དུས་ཐོག་ཏུ་མི་སྣ་སྒྲིག་འཛུགས་བྱས་ནས་རྫོང་ཡོངས་ཀྱི་བསང་ཁྲི་དང་། དུར་ས། གཙོ་གནད་ས་ཁོངས་ཀྱི་གློག་འདྲེན་གློག་ལམ་བཅས་ཀྱི་བྱུར་རྐྱེན་གྲལ་བཤེར་བྱས། རིམ་རྩིས་བྱས་ན་བྱུར་རྐྱེན་ཁག41གྲལ་བཤེར་བྱས་པ་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱས་པས་ད་ཆ་བཅོས་སྒྲིག་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་ཡོད།


མཉམ་སྤྱོད།