དེ་རིང་ནི2025ལོའི་ཟླ05པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ཕྱོགས་སྒྱུར་འཕེལ་རྒྱས་ལ་ནུས་ཤུགས་བཏོན་པ།

2024-03-21 15:13:00   |   924

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་མཚོ་སྔོན་གསར་འགྱུར་ཁང་ནས་ཟླ3ཚེས20ཉིན་འབྱོར་བའི་གློག་འཕྲིན་ལྟར་ན། ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ་དེ་འགག་རྩའི་དམ་འཛིན་བྱ་ཡུལ་དང་། གསར་དར་བཟོ་ལས་ཅན་དེ་སྣེ་ཁྲིད་ཡིན་པ། ཕྱོགས་སྒྱུར་འཕེལ་རྒྱས་ལ་དང་དོད་བྱེད་པ་འགན་འཁྲི་རུ་བརྩིས་ནས་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་མགྱོགས་སུ་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་ཀྱི་སྒྱུར་བཀོད་རིམ་སྤོར་དང་གསར་དར་ཐོན་ལས་སྐྱེད་སྲིང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་ནས་གསར་དར་ཐོན་ལས་ཀྱི་གཅིག་སྡུད་བྱས་ཚད་དང་རིགས་སྣ་འཛོམས་ཚད་ཟམ་མི་ཆད་པར་ཇེ་ལེགས་སུ་གྱུར་ཡོད། 

མདའ་བཞི་རྫོང་གིས་ཆུ་དམར་གཞོང་བཟོ་ལས་གླིང་ཁུལ་གྱི་ཕྱོགས་སྒྱུར་རིམ་སྤོར་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་པའོ་ཏ་དང་ཅིན་ཁྲེང་ཁེ་ལས་གཉིས་གཞི་ཁྱོན་ཆེར་སྐྱེད་དང་། སྡོམ་རྩིས་ཁྱབ་ཁོངས་ནང་བཅུག་ཡོད་པ་མ་ཟད། གཞི་ཁྱོན་ཡན་གྱི་ཁེ་ལས14ཡི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར10.73སླེབས་ཡོད། ཁེ་ལས་ཀྱི་རང་བརྟེན་གཞན་སྒྱུར་གྱི་ནང་གནས་སྒུལ་ཤུགས་ཟམ་མི་ཆད་པར་སྐུལ་སྤེལ་ཐོབ་པ་དང་། ཕན་འབྲས་དམའ་བའི་ཁེ་ལས་དང་“བེམ་རོ”ཁེ་ལས3མེད་པར་བཟོས། “ཐཱན་གཉིས”ཀྱི་འཐབ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཨའོ་ཁའེ་དང་ཐང་ཧུའུ་གཉིས་ཀྱི་ནུས་ཁུངས་གྲོན་ཆུང་གི་ཞིབ་བཤེར་ལས་དོན་ཡོངས་གྲུབ་བྱས། ཝུའུ་ཧྥིན་དང་ཧྲི་ཧྲུན་སོགས་སྐྱེ་ལྡན་ལུད་རྫས་ཐོན་སྐྱེད་ཁེ་ལས་དེ་ལུད་རྫས་འབོར་ཉུང་ཕན་མཐོ་ཡི་འདེགས་སྐྱོར་ནུས་ལྡན་ཞིག་ཏུ་གྱུར་ཡོད། གཞི་གྲངས་ཆེན་པོ་དང་གློག་རྩིས་སོགས་གྲངས་གཞིའི་དཔལ་འབྱོར་ནང་འདྲེན་བྱས་ནས་གྲངས་གཞི་ཅན་གྱི་བཀོལ་སྤྱོད་ལ་སྐུལ་འདེད་བཏང་བ་མ་ཟད། ཞིན་ཧྲིན་ཚོང་དོན་སྡེབ་སྐྱེལ་དང་ཡུས་ཧུང་ཚན་རྩལ་ཀུང་སི་སོགས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ལས་སྒོ་དེ“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ནང་ཞུགས་ནས་ཕྱི་གཏོང་ནང་འདྲེན་གྱི་ཚོང་བསྒྱུར་དངུལ་འབོར་སྒོར་ཁྲི475མངོན་འགྱུར་བྱས་པ་དང་། དུས་མཚུངས་ལས92%འཕར་ཡོད། 

རྫོང་འདིས“ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི”སྲིད་ཇུས་ཁག54ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁེ་ལས་འབྲིང་ཆུང་གི་རོགས་སྐྱོར་མ་དངུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཁེ་ལས14ཡི་ཁ་གསབ་མ་དངུལ་སྒོར་ཁྲི1100དོན་འཁྱོལ་བྱས་ཤིང་། དུས་མཚུངས་ལས16%འཕར་ཡོད། ཁེ་ལས་དང་མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་མཁན། དེ་བཞིན་འབྲེལ་ཡོད་ཐོན་ལས་བར་གྱི་འབྲེལ་མཐུད་ལ་རམ་འདེགས་དང་མཐུན་རྐྱེན་སྦྱར་ནས་སྲིད་གཞུང་དང་ཚོང་པའི་འབྲེལ་བ་ཇེ་ལེགས་སུ་ཕྱིན་ཡོད། ཁེ་ལས་ལ་ཞབས་ཞུ་གང་ལེགས་བསྒྲུབས་ནས་ལྡོག་ལན་གནད་དོན41ཐག་གཅོད་བྱས་པ་དང་། ཐག་གཅོད་བྱེད་ཚད100%སླེབས་ཡོད།  ཁྲལ་འཕྲི་ཡོན་གཅོག་སྒོར་ཁྲི9329བྱས་པ་དང་། དུས་མཚུངས་ལས18.45%འཕར་ཡོད་པ་རེད། 

“མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ”སོགས་ཀྱི་ལས་སྟེགས་བརྒྱུད་ནས་མདའ་བཞི་རྫོང་གིས་ཚོགས་པ་སྒྲིག་ནས་ཚོང་འགུགས་བྱེད་པ་དང་། ཚོང་ལ་བརྟེན་ནས་ཚོང་འགུགས་བྱེད་པའི་བྱེད་ཐབས་སྤྱད་ནས་ཚོང་འགུགས་བྱེད་སྒོ་ཐེངས70ལྷག་ཙམ་སྤེལ་བ་དང་། སྨན་རྫས་དང་ཁམས་གསོ། རིག་གནས་གནས་སྐོར། ཞིང་ཕྱུགས་ཐོན་རྫས་ལས་སྣོན་སོགས་ཐོན་ལས་ཀྱི་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས13ལ་མིང་རྟགས་བཀོད་པ་དང་གན་རྒྱའི་མ་དངུལ་སྒོར་དུང་ཕྱུར11.66སླེབས་ཡོད།  རྣམ་གྲངས་ཀྱི་གན་རྒྱ་འཇོག་པ་དང་མ་དངུལ་དམིགས་སར་འབྱོར་བ། ཐོན་སྐྱེད་བྱེད་མགོ་ཚུགས་པ་བཅས་ཀྱི“འགག་རྩ་ཆེན་པོ་གསུམ”ལ་དམ་པོར་དམིགས་ཏེ། ལས་ཀའི་ལྷུ་ཚིགས12ལ་རྗེས་འདེད་རྣམ་པའི་ཞབས་ཞུ་མཁོ་འདོན་བྱས་ནས། ཞིབ་མཆན་འགོད་པའི་ལས་ཕྱོད་ཁྱོན་ཡོངས་ནས་ཆེ་རུ་བཏང་ཞིང་། གཙོ་གནད་ཁྱབ་ཁོངས་སུ“འཛིན་ཡིག་བླངས་མ་ལས་གཉེར་བྱེད་ཐུབ་པ་དང”དང“ཁས་ལེན་བྱས་ཚེ་འཕྲལ་དུ་ལས་མགོ་འཛུགས་ཐུབ་པ”མངོན་འགྱུར་བྱས་པ་དང་། ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར3.02ཟིན་ཡོད་པ་རེད། 


མཉམ་སྤྱོད།