དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-22 07:41:50   |   444

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས་སྒྱུར་བཅོས་གསར་གཏོད་དང་བདེན་འཚོལ་དངོས་སྒྲུབ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཧུའུ་ནན་གྱི་ལེའུ་ཧུར་ཐག་རྩོམ་དགོས་ཞེས་ནན་གྱིས་བསྟན།

  • ཟླ3པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ལ་པོ་ཨོ·སུའུ་པི་ཡན་ཏུའོ(普拉博沃.苏比延多)ལ་གློག་འཕྲིན་བཏང་ནས་ཁོང་ཧིན་རྡུ་ཉི་ཞི་ཡ་སྤྱི་མཐུན་རྒྱལ་ཁབ(印度尼西亚共和国)ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

  • ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།《འབྲི་ཆུའི་ཉའི་ལོ་བཅུའི་ཉ་འཛིན་བཀག་སྡོམ་ལས་དོན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དཔར་འགྲེམས་བྱས།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་གཉིས་པའི་བར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་དངུལ་རྩ་མིན་པའི་རིགས་ལ་ཐད་ཀར་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར1496.4བཏང་ཞིང་། དུས་མཚུངས་ལས10%འཕར་ཡོད།

  • ཉེ་ཆར། སློབ་གསོ་པུ་དང་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུ་ཡིས་མཉམ་འབྲེལ་ཐོག《སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་མེ་ཟོན་བདེ་འཇགས་ཀྱི་གཏན་འབེབས་དོན་ཚན་བཅུ》དཔར་འགྲེམས་བྱས།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་སོགས་སྡེ་ཚན་དྲུག་གིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས་སྔོན་བརྔོས་ཟ་མའི(预制菜)མཚན་ཉིད་དང་ཁྱབ་ཁོངས་ཐོག་མར་ཁ་གསལ་བཟོས་ཤིང་། ཐོན་སྐྱེད་བྱེད་རིང་རུལ་འགོག་རྫས་སྣ་བསྣན་མི་ཆོག་པའི་གཏན་འབེབས་བྱས།

  • རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར99097ཟིན། ལོ་གོང་མ་ལས6.0%འཕར་ཡོད།

    1.jpg

  • ཚེས21ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དང་རྒྱང་སྐྱོད་ཨང་གསུམ་པའི་སྟེང་ངོས་རིམ་པ་སྤྱད་དེ་ཡུན་ཧའེ་ཨང་གཉིས་པའི་སྲུང་སྐར་ཁག02འཕེན་གཏོང་བྱས།

  • ཚེས21ཉིན། ཨུ་རུ་སུའི་ཀྲུང་དབྱང་འདེམས་བསྐོ་ཨུ་ལྷན་གྱི་ཀྲུའུ་ཞི་ཕ་མུའུ་ཧྥེ་ལོ་ཝ་ཡིས་ཨུ་རུ་སུའི་ཙུང་ཐུང་འདེམས་བསྐོའི་འབྲས་བུ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ཨུ་རུ་སུའི་ད་ལྟའི་ཙུང་ཐུང་ཕུའུ་ཅིང་ལ་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ།

    སྤྱི་ཚོགས།

  • གཟའ་འཁོར་འདིའི་གཟའ་མཇུག་ཏུ་འབྲི་ཆུའི་ལྷོ་རྒྱུད་དང་ཧྭ་ནན་གྱི་ས་ཆ་མི་ཉུང་བ་ཞིག་གི་དྲོད་ཚད་མཐོ་ཤོས30℃དང་དེའི་ཡན་ལ་སླེབས་རྒྱུ་ཡིན་པ་དང་དྲོད་ཚད་རྒྱུན་གཏན་གྱི་དུས་མཚུངས་ལས་མཐོ།

  • ཉེ་ཆར་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་སླར་ཡང་སི་ཁྲོན་དང་ཡུན་ནན་ལ་མེ་ཟོན་གྱོན་ཆས་དང་རླུང་ཤུགས་མེ་གསོད་འཕྲུལ་འཁོར་སོགས་རིན་ཐང་སྒོར་ཁྲི200ཅན་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དངོས་ཟོག་གཏོང་སྤྲོད་བྱས།

  • ཚེས21ཉིན་ཁྲིམས་འཛིན་པུས་བརྡ་ཐོ་བཏང་ནས་གཞུང་དཔང་ཡི་གེ་ཁག་གཅིག་སྒྲུབ་གཉེར་བྱེད་པའི་དུས་ཚད་ཉིན5འམ་ཡང་ན10བར་ཉུང་དུ་གཏོང་དགོས་པའི་བླང་བྱ་བཏོན།

  • ཚེས21ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཅི་གོ་ཀང་གིས་ལྐོག་རྔན་བླངས་པ་དང་། གཞུང་ཁོངས་སྤྱི་གཉེར་གྱི་མི་སྣས་དབང་ཆ་གང་བྱུང་དུ་སྤྱད་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས།

    2.jpg

  • ཚེས21ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཆིང་ནུས་རྒྱུ་ཅན་གྱི་གྲོང་ཁྱེར་ཁོངས་ཀྱི་མེ་འཁོར་ཐོག་མ་དེ་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ160གིས་འཁོར་སྐྱོད་བྱས། དེ་ཡིས་ལྕགས་ལམ་འགྲིམ་འགྲུལ་ཁྱབ་ཁོངས་སུ་ཆིང་ནུས་རྒྱུ་སྤྱོད་པར་ཚད་བརྒལ་གསར་པ་བྱུང་བ་མཚོན་ཡོད།

    3.jpg

  • རང་རྒྱལ་གྱི་རྩི་ཤིང་རིག་པ་མཁས་ཅན་གྱིས་ཀྲེ་ཅང་ཞིང་ཆེན་ཞན་ཅུས་རྫོང་ཧྲིན་ཞན་ཅུས་མཛེས་ལྗོངས་ཁུལ་དུ་མེ་ཏོག་ལུག་མཉེ་ཡི་རིགས་གསར་པ་ཞིག་རྙེད་པ་དང་། དེའི་མིང་ལ་“ལྷའི་ལུག་མཉེ་”ཞེས་བཏགས་ཡོད།

  • ཁྲུང་ཆིང་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་འགལ་ངང་རི་སྐྱེས་ཉ་རིགས་ཉོ་ཚོང་བྱེད་མཁན་གྱི་ཚོགས་པ་ཞིག་མེད་པར་བཟོས་པ་དང་། ཉེས་གསོག་དོགས་ཅན11འཛིན་བཟུང་བྱས་ཤིང་། རི་སྐྱེས་ཏུང་ཉ399རྩད་ཆོད།

    4.gif

  • ལོ77ལ་སླེབས་པའི་ཧྲན་ཏུང་ཝུའེ་ཧྥང་གི་རྒན་པ་ཞིག་སྨན་ཁང་དུ་གློ་བུར་དུ་སྙིང་རྩ་འགག་པ་ན། མཚན་ལས་གྲོལ་ནས་ཡུལ་དུ་འགྲོ་བཞིན་པའི་མྱུར་སྐྱོབ་སྨན་བཅོས་ཁོའོ་ཡི་སྨན་པ་ལི་ཅིན་ལུན་གྱིས་འཕྲལ་མར་སྐྱོབ་ཐབས་བྱས་པ་དང་སྨན་བཅོས་དུས་ཐོག་ཏུ་བྱས་པའི་དབང་གིས་རྒན་པ་ཉེན་ཁའི་གནས་ལས་ཐར།

    སྲིད་ཇུས།

  • པེ་ཅིང་གིས་ཡིག་ཆ་བཀྲམ་སྟེ། གྲོང་ཁྱེར་ཡོངས་ཀྱི་སྔོན་མངགས་ཐོ་འགོད་ཀྱི་གཅིག་གྱུར་ལས་སྟེགས་དང་རིམ་པ་གཉིས་པ་དང་གསུམ་པའི་སྨན་ཁང་གི་སྔོན་མངགས་ཐོ་འགོད་ཞབས་ཞུ་ལེགས་སུ་བཏང་ནས་ད་ལོ་རིམ་པ་གཉིས་པ་ཡན་གྱི་སྨན་ཁང200ཡན་དང་སྟེགས་བུའི་ཨང་གྲངས་ཐད་ཀར་འབྲེལ་བ་དང་ཆ་འཕྲིན་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་རེད།

  • ནང་སོག་གིས་བྱེད་ཐབས་བཏོན་ཏེ2024ལོར་ཁེ་ལས་གཙོ་བོའི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་མི་རེར་ཚད་གཞི་སྒོར500ཡི་གཟུགས་པོ་བརྟག་དཔྱད་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་ཁྱོན་སྒོར་ཁྲི250ཟིན་རྒྱུ་རེད།

  • ཀན་སུའུ་ཡིས་བརྡ་ཐོ་བཏང་སྟེ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་མཐོ་སློབ་དཀྱུས་མར་སློབ་ཞུགས་བྱེད་པར་ཐེངས་གཅིག་ལ་སྒོར་ཁྲི་གཅིག་གི་ཁ་གསབ་སྤྲོད་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

    5.jpg

  • ནང་སོག་གི་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་དབུས་ནུབ་རྒྱུད། ཞིན་ཅང་གི་ཐེན་ཧྲན་རི་བོའི་རྒྱུད་དང་དབྱི་ལི་ལུང་ཤུར། བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧོ་པེའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་། ལེའོ་ཉིང་གི་དབུས་རྒྱུད། ཞིན་ཅང་གི་ཐེན་ཧྲན་རྒྱུད་ཀྱི་ས་ཁུལ། ཞིན་ཅང་ལྷོ་རྒྱུད་ཀྱི་གཤོངས་ས། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཧྭ་བྱང་གི་དབུས་བྱང་རྒྱུད། ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད། སི་ཁྲོན་གཤོང་སའི་ལྷོ་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ལྷོ་རྒྱུད། ཧྭ་ནན་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབབ་རྒྱུ་རེད།


མཉམ་སྤྱོད།