མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས28ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

རང་རྒྱལ་གྱི་ཚན་རིག་པས་སླར་ཡང་གཏེར་ཁ་རིགས་གསར་པ་གཉིས་རྙེད་འདུག

2024-03-22 09:56:22   |   843

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། རྒྱལ་སྤྱིའི་གཏེར་རྫས་རིག་པའི་སློབ་ཚོགས་གཏེར་རྫས་གསར་པའི་མིང་འདོགས་དང་རིགས་དབྱེ་ཆེད་ལས་ཨུ་ལྷན(IMA-CNMNC)གྱིས་ཞིབ་དཔྱད་དང་འདེམས་ཤོག་འཕངས་ཏེ་ནུབ་བྱང་སློབ་ཆེན་ས་གཤིས་རིག་པའི་ཚན་ཁག་དང་སྐམ་ས་ཆེན་མོའི་སྒུལ་ཤུགས་རིག་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་དགེ་རྒན་ཆེན་མོ་གཞོན་པ་ལིའུ་ཕུང་དང་ཀྲུང་གོའི་ས་གཤིས་སློབ་ཆེན(པེ་ཅིང)གྱི་དགེ་རྒན་ཆེན་མོ་ལི་གོ་ཝུའུ་ཚོགས་པས་རེ་ཞུ་བྱས་པའི་གཏེར་རྫས་གསར་པ་གཉིས་ཀར་ངོས་འཛིན་གཏན་འཁེལ་བྱས་པ་རེད། གཏེར་རྫས་གསར་པ་དེ་གཉིས་ཀའི་རྒྱལ་སྤྱིའི་གཏེར་རྫས་རིག་པའི་ཨང་རྟགས་ནིIA2023-113དངIMA2023-119ཡིན། དབྱིན་ཡིག་གི་མིང་ལ་སོ་སོརnigelcookiteདངlumbojohntomaiteཡིན། རྒྱ་ཡིག་གི་མིང་ལ་ཁམ་མདོག་ལིན་ཝན་ལྕགས་ཞ་རྡོ(褐磷钒铁铅石)དང་ལྗང་མདོག་ལིན་ལྕགས་ཞ་རྡོ(绿磷铁铅石)ཟེར། 

F202403211448491686700000.jpg

གོང་གསལ་གཏེར་རྫས་གསར་པ་གཉིས་ཤེས་རྟོགས་བྱུང་བ་ནི་ལྗང་མདོག་ལིན་ཧ་ཡང་པཱ་རྡོ་རིགས་ལ་སྣེ་མོ་གཉིས་བསྣན་པ་མ་ཟད། ཚང་མར་ཀོང་ཏུང་བྱང་ཤར་ཡུས་ཧྲུའེ་ཟངས་གཏེར་ནས་རྙེད་ཅིང་། ཚོགས་པ་དེས་དེ་སྔོན་ཤེས་རྟོགས་བྱུང་བའི་ལྗིད་པའི་ཞི་ཐུའུ་གཏེར་རྫས་ཅིང་ཝུན་གཏེར་དང་། ཝུན་ལན་ཧྥན་ཡེ་གཏེར། ཡུས་ཁྲོན་ཐཱན་ཡེ་གཏེར་བཅས་ཀྱི་ཐོན་ཡུལ་གཅིག་ཡིན། 2021ལོའི་ཟླ10པ་ནས་བཟུང་ཚོགས་པ་དེས་ཡུས་ཧྲུའེ་གཏེར་ཁུལ་ནས་གཏེར་རྫས་གསར་པ་རིགས་ལྔ་རྙེད་ཡོད།

མིག་སྔའི་བར། གོ་ལ་ཧྲིལ་པོར་རྩད་ཆོད་པའི་གཏེར་རྫས་ཀྱི་གྲངས་འབོར6000ཙམ་ཡོད་པ་དང་། རང་རྒྱལ་ཚན་རིག་པས་ཤེས་རྟོགས་བྱུང་བའི་གཏེར་རྫས180ཙམ་ཟིན་ཡོད་པ་རེད།

2.jpg


མཉམ་སྤྱོད།