དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་ཏང་འཛུགས་སྐྱོང་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་།

2024-03-22 10:00:17   |   2432

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས19ཉིན། ཁུལ་ཨུའི་ཏང་འཛུགས་སྐྱོང་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག《ཁུལ་ཨུའི་ཏང་འཛུགས་སྐྱོང་ལས་དོན་མགོ་ཁྲིད་ཚན་ཆུང་གི2024ལོའི་གཙོ་གནད་ལས་ཀ》དང《ཞིང་ཨུའི་རྒྱུན་ཨུ(རྒྱ་སྐྱེད)ཚོགས་འདུའི་ཁུལ་ཨུའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་དཔྱད་བརྗོད་བསམ་འཆར་གྱི་དག་ཐེར་ཇུས་གཞི》དང《ཞིང་ཨུའི་རྒྱུན་ཨུ(རྒྱ་སྐྱེད)ཚོགས་འདུའི་ཁུལ་ཨུའི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་དཔྱད་བརྗོད་བསམ་འཆར་གྱི་དག་ཐེར་ཇུས་གཞི》དང་། 《ཞིང་ཨུའི་རྒྱུན་ཨུ(རྒྱ་སྐྱེད)ཚོགས་འདུའི་ཁུལ་ཨུའི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་འགན་འཁྲི་བཟོ་བའི་དཔྱད་བརྗོད་བསམ་འཆར་གྱི་དག་ཐེར་ཇུས་གཞི》བཅས་ལ་གྲོས་བསྡུར་ཞིབ་འཇུག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཧྲི་ཧུང་ཀྲན། ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་བཅས་ཚོགས་འདུར་ཞུགས།

1.jpg

ཚོགས་འདུའི་ཐོག ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་དང་། “ལྔ་བཅུ་བཞིའི”འཆར་འགོད་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། “མདེལ་གཉིས་སྐར་གཅིག”གི་དགོངས་དོན་བཏོན་ནས་ལོ25འཁོར་བའི་ལོ་ཞིག་ཀྱང་ཡིན་པས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་མུ་མཐུད་སྐུལ་འདེད་གཏོང་བ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གཏོད་པ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་གཙོ་ཁྲིད་དབང་ཆ་བརྟན་དུ་གཏོང་བ་སོགས་ལས་དོན་ཁག་ལ་ཤུགས་སྣོན་པར་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།

ཚོགས་འདུའི་ཐོག ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “ལས་བྱེད་པས་སྒྲུབ་པ་དང་། བསམ་ཕྱོགས་གསལ་བ། རང་གཅུན་ནན་པོ་བྱེད་པ”བཅས་ཀྱི་བླང་བྱ་དང་བསྟུན་ནས་ཏང་འཛུགས་སྐྱོང་ལ་སྤྱི་འདོམས་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏུ་གཏོང་བ། ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་དབྱང་དང་ཞིང་ཨུའི་ཏང་འཛུགས་སྐྱོང་གི་བཀོད་སྒྲིག་བླང་བྱར་དམ་པོར་དམིགས་པ་དང་། རང་རེའི་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་པ། དུས་རབས་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་བཅས་ཀྱི་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བྱེད་ཐབས་ཁག་དོན་འཁྱོལ་བྱེད་པ། མཚོ་བྱང་ལྔ་འཛུགས་སྐྱོང་གི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་རྩོམ་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་དམིགས་ཏེ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་ལྔ་པས་བཏོན་པའི་གནད་དོན་དང་། “མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་ཚད་ལས་འགན། ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན། དབུལ་ཐར་འགག་སྒྲོལ་གྱི་འབྲས་བུ་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ནུས་ལྡན་སྦྲེལ་མཐུད་བྱེད་པ། ཞིང་ཨུའི་རྒྱུན་ཨུའི་ཚོགས་འདུའི་ཐོག་བཏོན་པའི་ལས་དོན་ཁག་གི་དག་ཐེར་ཇུས་གཞི་སོགས་ལ་དམ་འཛིན་བྱས་ཏེ། ཆེད་དོན་བཅོས་སྒྲིག་དང་། ཆབ་སྲིད་སྐོར་ཞིབ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བྱེད་དགོས་ཤིང་། ཏང་གི་ལམ་ཕྱོགས་སྲིད་ཇུས་དང་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། གསར་བརྗེའི་ཐོན་ཁུངས་སྡེབ་སྒྲིག་དང་བེད་སྤྱོད་མགྱོགས་སུ་བཏང་ནས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བཏོན་ནས་ལོ་25འཁོར་བའི་དྲན་གསོའི་བྱེད་སྒོ་རབ་དང་རིམ་པ་ཞིབ་ཚགས་ངང་ཡག་པོ་སྤེལ་ཏེ་གསར་བརྗེའི་རིག་གནས་སྔོག་འདོན་དང་། གསར་བརྗེའི་ཐོན་ཁུངས་གསར་སྤེལ། གསར་བརྗེའི་སློབ་གསོ་གསོ་སྦྱོང་། གསར་བརྗེའི་རིག་དངོས་སྲུང་སྐྱོང་བཅས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོ་བསྒྲུབ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་དུ་བསྟར་བ་དང་། ཤེས་ལྡན་མི་སྣའི་ལས་ཀའི་ལམ་སྲོལ་གསར་གཏོད་དང་འཐུས་ཚང་དུ་གཏོང་བ། “མི་རིགས་མཐུན་སྒྲིལ་+”ཡི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་སྐལ་བཟང་དང་ལེན་ཧྥུའུ་ཀྲང་། མཁའ་འགྲོ་ཐར་བཅས་ཀྱི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་དང་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཉེ་འགྲམ་གྱི་དཔེ་མཚོན་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་གསར་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཁུལ་ཨུའི་ཏང་འཛུགས་སྐྱོང་མགོ་ཁྲིད་ཚོན་ཆུང་གི་ཙུའུ་ཀྲང་གཞོན་པ་དང་ཁོངས་མི་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།


མཉམ་སྤྱོད།