དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན།

2024-03-22 10:15:12   |   258

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས20ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྨན་བཅོས་འགན་བཅོལ་ཅུ་ནས་ཤེས་གསལ་ལྟར་ན། སྨན་བཅོས་འགན་བཅོལ་གྱི་ལྟ་སྐུལ་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་པ་དང་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་འགུལ་སྐྱོད་ཚད་ལྡན་དུ་གཏོང་བ། སྨན་བཅོས་འགན་བཅོལ་ཐེབས་རྩ་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་ཆེད། མཚོ་བྱང་ཁུལ་གྱིས་ཧུར་ཐག་སྒོས་ཆེད་མཁས་པ33ལས་གྲུབ་པའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི“ཆེད་མཁས་པའི་མཛོད”བཙུགས་ནས། ནུས་ཤུགས་ཡོད་རྒུས་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་བཏང་། 

ཤེས་རྟོགས་བྱུང་བ་ལྟར་ན། སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི“ཆེད་མཁས་པའི་མཛོད”ཀྱི་ཆེད་མཁས་པ་ནི་གཙོ་བོ་མཚོ་བྱང་ཁུལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ནས་ཐོན་ཞིང་། གཙོ་བོ་མཚོ་བྱང་གི་སྨན་བཅོས་འགན་བཅོལ་བྱ་བའི་ཐད་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་གཞི་བཏོན་པར་མ་ཟད། སྨན་བཅོས་འགན་བཅོལ་སྡེ་ཁག་གིས་གཞི་རིམ་གྱི་བརྟག་ཞིབ་ཆེན་མོ་དང་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དང་ཁྲིམས་ལུགས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱེད་པ། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་བཀོད་སྒྲིག་དང་འགན་བཅོལ་ནང་ཞུགས་མཁན་གྱི་གསོལ་ཐང་གི་དགོས་མཁོ། ལས་སྒོ་ལས་གཉེར་ཞབས་ཞུའི་ནུས་པ་སོགས་ཀྱི་གནས་ཚུལ་ལ་དཔྱད་འཇོག་བྱེད་པ་ལས་གཞན། ཐོག་མའི་དཔྱད་བསྡུར་བྱས་པ་བརྒྱུད་གནས་གཏན་འཁེལ་བྱས་པའི་སྨན་བཅོས་སྒྲིག་གཞིར་དཔྱད་དཔོག་བྱས་པ་སོགས་ཀྱི་འབྲེལ་ཡོད་བྱ་བ་སྤེལ་བ་རེད།

སྨན་བཅོས་འགན་བཅོལ“ཆེད་མཁས་པའི་མཛོད”བཙུགས་པ་དེས་མཚོ་བྱང་ཁུལ་གྱི་སྨན་བཅོས་འགན་བཅོལ་བྱ་བར་ཆེད་ལས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་ལག་རྩལ་བློ་འདྲི་མཛུབ་ཁྲིད་དང་ཐབས་ཇུས་ཐད་ཀྱི་རོགས་འདེགས་མཁོ་འདོན་བྱས་ཏེ། མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་ནན་མོ་གཏོང་བ་དང་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ། ཡིད་རྟོན་འཆམ་མཐུན་གྱི་སྨན་བཅོས་དང་ནད་པ། འགན་བཅོལ་བཅས་ཕྱོགས་གསུམ་གྱི་འབྲེལ་བ་བཙུགས་ནས་སྨན་བཅོས་འགན་བཅོལ་བྱ་གཞག་བདེ་ཐང་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།


མཉམ་སྤྱོད།