དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་དམངས་སྲིད་ཅུ་ལ་ཞིང་ཆེན་ཡོངས་ནས“ཕུལ་བྱུང་གཉིས”ཐོབ་པ།

2024-03-22 10:00:25   |   248

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


གཏམ་བཟང་། མཚོ་བྱང་ཁུལ་དམངས་སྲིད་ཅུ་ལ་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བའི་ལས་རྗེས་དཔྱད་ཞིབ་ཁྲོད“ཕུལ་བྱུང་གཉིས”ཐོབ་པ།

ཉེ་ཆར། ཞིང་ཆེན་དམངས་སྲིད་ཐིང་གིས2023ལོའི་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བའི་ལས་རྗེས་ཕྱོགས་བསྡུས་བཤེར་བསྡུར་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོབ་བྱ་བའི་ལས་རྗེས་ཞིབ་དཔྱད་མཇུག་འབྲས་ཁྱབ་བརྡ་བཏང་ལ། མཚོ་བྱང་ཁུལ་དམངས་སྲིད་ཅུ་ལ“ཕུལ་བྱུང་གཉིས”ཐོབ་ཅིང་། དེ་ནི་མཚོ་བྱང་ཁུལ་དམངས་སྲིད་ཅུ་ལ་བསྟུད་མར་ལོ་གསུམ་ལ་གཟི་བརྗིད་མཚན་སྙན་འདི་ཐོབ་པ་རེད།    

ཤེས་རྟོགས་བྱུང་བར་གཞིགས་ན། འདས་པའི་ལོ་གཅིག་ནང་ཁུལ་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས“ཏང་འཛུགས་སྐྱོང+སྤྱི་ཚོགས་རོགས་སྐྱོར+རྒན་གསོའི་ཞབས་ཞུ+སྤྱི་ཚོགས་ལས་དོན”བཅས་ཟུང་དུ་འབྲེལ་བའི་ཆས་རྟགས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། “མ་མཐའི་དཀའ་ངལ་སེལ་ནས་དམངས་སེམས་དྲོད་ཀྱིས་སྐྱོང་བའི”འགུལ་སྐྱོད་ཏན་ཏིག་ངང་སྤེལ་ནས་སྐོར་སྐྱོད་འཚམས་འདྲི་དང་བདེ་སྐྱིད་སྦྱིན་པ། རྒྱུས་ལོན་བྱང་བུ་བཀྲམ་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་དམངས་སྲིད་ཞབས་ཞུ་བྱ་ཡུལ་གྱིས་རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་པ་དང་། དུས་མཚུངས་སུ་རིམ་པ་མང་བའི་དམངས་སྲིད་སྲིད་ཇུས་དྲིལ་སྒྲོག་བྱས་ཏེ་མང་ཚོགས་ལ་ཏང་གི་དམངས་ཕན་སྲིད་ཇུས་ཤེས་རྟོགས་ཐུབ་པར་བྱས་ནས་མཚོ་བྱང་གི་དམངས་སྲིད་གཏམ་རྒྱུད་ཡག་པོར་ཤོད་དུ་བཅུག་ཅིང་།  “དུས་གཅིག་ཏུ་སྤེལ་མགོ་བརྩམས་པ་དང་འབྲས་བུ་ཕན་ཚུན་ཁས་ལེན་བྱེད་པ། སོ་སོར་ནང་དུ་འཇུག་པ”བཅས་ཀྱི་གོམ་སྟབས་གསུམ་དོན་འཁྱོལ་བྱས་ཏེ་རིམ་རྩིས་བྱས་ན་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི3.17ལ་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར1.87སྤྲད་ཡོད། རྒན་རྒོན་ལ་རོགས་སྐྱོར་བྱེད་པའི་ཟ་ཁང44བསྐྲུན་པ་དང་རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད་ལས་གཞི་ལག་བསྟར་གནད་ལ་འཁེལ་བར་བྱས་ནས་དཀའ་ངལ་ཡོད་པ་དང་ནུས་པ་ཤོར་བའི་རྒན་རྒོན་དུད་ཚང272ལ་ཕན་པ་ཐོབ་པར་བྱས། <<མཚོ་བྱང་ཁུལ་གྱི་ཁྱིམ་སྡོད་དང་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུ་རིམ་སྤོར་བྱ་སྤྱོད་ལས་གཞི་ལག་བསྟར་ཇུས་གཞི>>སོགས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ3བཏོན་པ་དང་། ཁུལ་རིམ་པའི་གཞི་རྩའི་རྒན་གསོའི་ཞབས་ཞུའི་གསལ་ཐོ22བཟོས་པ།  མ་མཐའི་འཚོ་བའི་འགན་ལེན་བྱ་བ་སྤེལ་རྒྱུར་སྣེ་ཁྲིད་བྱས་ནས"ཕྱོགས་དྲུག་གཞི་གཅིག་ཅན"གྱི་ནར་མ་སོན་པའི་མི་སྲུང་སྐྱོབ་བྱེད་པའི་རྣམ་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ། དཀའ་ངལ་ཡོད་པའི་བྱིས་པ3586འགན་ལེན་ཁྱབ་ཁོངས་ནང་བཅུག་ནས་ཁ་གསབ་རོགས་དངུལ་སྒོར་ཁྲི2732.06སྤྲད་པ་དང་དྭ་ཕྲུག12ལ"སློབ་ཞུགས་རོགས་སྐྱོར་བཟོ་སྐྲུན"གྱི་ཁ་གསབ་རོགས་དངུལ་སྒོར་ཁྲི9སྤྲད། དཀའ་ངལ་ཡོད་པའི་བྱིས་པ3704ལ"མི་གཅིག་ལ་ཡིག་ཚགས་གཅིག"བཟོས་པ་དང"བྱིས་པའི་ཁྱིམ་ཚང"གི་ལས་གཞི20དོན་འཁྱོལ་བྱས། གཉེན་སྒྲིག་ཐོ་འགོད"ཞིང་ཆེན་ནང་ཁུལ་དུ་ཀུན་སྒྲུབ་ཐུབ་པ"དང་དོན་ཚན4གཅིག་འཐུས་རྣམ་པའི་སྒོ་ནས་སྒྲུབ་པ་མངོན་འགྱུར་བྱུང་། རེས་སྐོར་གསར་བའི་དུར་འཇུག་ལས་བཞུགས་འབུལ་དང་ས་ལ་སྦས་པ་བཅོས་སྒྱུར་ཁུལ་ལུགས་མཐུན་ངང་བཅོས་སྒྲིག་བྱས་ནས། ས་ཆ་གྲོན་ཆུང་གི་སྐྱེ་ཁམས་དུར་འཇུག་ཡོ་བྱད249ལེགས་གྲུབ་བྱུང་པ། འཚོ་རྟེན་མེད་པའི་འཁྱམ་པོ་དང་སློང་མོ་བ་མི་ཐེངས37ལ་རོགས་སྐྱོབ་བྱས་པ། དབང་པོ་སྐྱོན་ཅན་ལ་སྒོར་ཁྲི722.085"ཁ་གསབ་གཉིས"སྤྲད་དེ་ཁུལ་ཡོངས་ཀྱི་དབང་པོ་སྐྱོན་ཅན6126ལ་གཟིགས་སྐྱོང་ཐོབ་པ། སྡེ་སྲོལ་དམངས་ཆིངས10ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་དུ་བདམས་པ། "ཡོད་པ་བརྒྱད"ཀྱི་སྒོ་རྩིས་ཚོང་ཁང84མངོན་འགྱུར་བྱུང་པ། སྤྱི་ཚོགས་རྩ་འཛུགས247ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་པ། སྤྱི་ཚོགས་རྩ་འཛུགས15ཡིས་དབུལ་ཐར་ས་ཁུལ་ལ་ཐོན་རྫས་ཕྱིར་འཚོང་བྱེད་རོགས་བྱས་པ་སོགས་ལ་སྒོར་ཁྲི378ཁྲིད་སྟོན་བྱས་པ། མཚོ་ནུབ་ཁུལ་དང་སྤྱི་ལེ411.67གྱི་མཐའ་མཚམས་མཉམ་བཤེར་ཐེངས་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་བྱུང་པ། སྒོར་ཁྲི300ཟིན་པའི་དགེ་སྒྲུབ་དངོས་ཟོག་དོན་འཁྱོལ་བྱས་པ་དང་ཆབས་ཅིག་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་པ་དང་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ནས་རྒྱུན་ཆད་མེད་པར་བློ་སྒྲིལ་སེམས་སྐྱེད་དང་རྨང་གཞི་བརྟན་དུ་བཏང་ཡོད།


མཉམ་སྤྱོད།