མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས28ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-26 07:50:46   |   1730

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

01.jpg

  • ཟླ3པའི་ཚེས25ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ནའོ་ལུའུ(瑙鲁)ཡི་ཙུང་ཐུང་ཨ་ཏེ་ཨང་དང་གྲོས་མོལ་གནང་བ་རེད། 

02.png

  • ཟླ3པའི་ཚེས25ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་ཏོ་སྨི་ཉི་ཁེའི(多米尼克)ཙུང་ལི་སི་ཁའེ་ལི་ཐེ་དང་མཇལ་འཛོམས་གནང་བ་རེད། 

  • པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས(博鳌亚洲论坛)2024ལོའི་ལོ་ཚོགས་དེ་རིང་དངོས་སུ་མགོ་ཚུགས། 

  • ཟླ2པའི་ཟླ་མཇུག་བར། རང་རྒྱལ་དུ5Gསྤྱོད་མཁན་གྱི་དུད་ཚང་དུང་ཕྱུར8.51ཟིན་ཡོད་པ་རེད། 

  • སློབ་གསོ་པུས་ས་གནས་ཁག་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་གསེང་གི་སྐར་མ་བཅུའི་བྱེད་སྒོ་འགན་ལེན་བྱེད་དགོས་པ་ཁ་གསལ་བཏོན་ཡོད།  

  • རྒྱལ་ཁབ་ནུས་རྒྱུ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ2པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར29.7ཙམ་ཟིན་པ་དང་། དུས་མཚུངས་ལས14.7%འཕར་ཡོད། 

03.gif

  • ཚེས25ཉིན་བར།  ཆར་ཆའོ(鹊桥)ཨང་གཉིས་པ་རྟགས་ཅན་གྱི་མཐུད་འབྲེལ་སྐར་མ་དེ་ཟླ་བའི་གོ་ལ་དང་ཉེ་ས་ནས་མྱུར་འགྲོས་ཇེ་ལྷོད་དུ་གཏོང་བ་ལེགས་འགྲུབ་བྱུང་ནས་བདེ་བླག་ངང་ཟླ་བ་བསྐོར་བའི་འཁོར་ལམ་དུ་འཕུར་སྐྱོད་བྱས་པ་རེད། 

  • ཚེས25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་གཞུང་དོན་ཁང་གིས་མ་དབྱིང་ཅིའུ(马英九)ཡིས་ཐའེ་དབན་གྱི་གཞོན་ནུ་སྐམ་ས་ཆེ་མོར་སྤེལ་རེས་དང་འཚམས་འདྲི་བྱེད་པར་འཁྲིད་རྒྱུ་རེད་ཞེས་བཤད་པ་རེད།

  • ཚེས25ཉིན། མོ་སི་ཁོའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐད་ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དང་། འཇིགས་སྐུལ་འཇབ་རྒོལ་བྱེད་སྤྱོད་ལ་རྒོལ་གཏམ་དྲག་པོ་གཏོང་བ། ཕྱོགས་ཁག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ཐད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 

སྤྱི་ཚོགས། 

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་སྨན་བཅོས་འགན་བཅོལ་དཀར་ཆག་ནང་གི་སྨན་རྫས་ཀྱི་སྡོམ་འབོར3088སླེབས་ཡོད་པ་རེད། 

  • སྤྱི་བདེ་ལས་ཁུངས་ཀྱིས“ལིན་ཤིའུ(灵修)”རིགས་ཀྱི་ཁྲིམས་འགལ་གསོ་སྦྱོང་ལ་རྡུང་རྡེག་བཏང་། 2018ལོ་ནས་བཟུང་ཁྲིམས་ལྟར་ཉེས་དོན་ཐག་གཅོད་མི149བྱས། 

04.jpg

  • ས་གནས་དེ་གའི་དུས་ཚོད་ཚེས24ཉིན། 2024ལོར་འཛམ་གླིང་ཆུ་མཚོངས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་བུམ་པའི་འགྲན་བསྡུར་སྟེ། པེར་ལིན(柏林)ས་ཚིགས་ཀྱི་བུད་མེད་ཀྱི་སྨི10ཡི་འགྲན་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཆོན་ཧུང་ཁྲན(全红婵)ལ་ཨང་དང་པོ་ཐོབ་པ་རེད། 

  • 2024ལོའི་རྒྱལ་སྤྱིའི་གྲི་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་ཀྱི་གྲི་ལྗིད་འཛམ་གླིང་བུམ་པའི་འགྲན་བསྡུར་ཚེས24ཉིན་མཇུག་འགྲིལ་ཞིང་། ཀྲུང་གོའི་རུ་ཁག་ལ་ཚོགས་པའི་ཨང་གཉིས་པ་ཐོབ་པ་དང་འབྲེལ་པ་ལིས་ཨོ་རྩལ་འགྲན་ཚོགས(巴黎奥运会)ཀྱི་བུད་མེད་ཀྱི་ཚོགས་པའི་ཐོབ་ཐང་གཏན་འཁེལ་བྱས་པ་རེད། 

  • ཀུའེ་ཀྲོའུ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཁྲེན་ཡན་ལ(陈晏)སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 

  • ཧུའུ་ནན(湖南)ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་དབྱི་ཕེང་ཧྥེ(易鹏飞)ཡིས་ལྐོག་རྔན་བླངས་པ་དང་། འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་དཔྱད་མཚམས་ཁྱབ་བསྒྲགས་བྱས་ནས་དབྱི་ཕེང་ཧྥེ་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཅད་པ་རེད། 

  • ཚེས25ཉིན། ཨེ་ཤེ་ཡའི་ཨང་དང་པོར་གྱུར་བའི་ཆུ་གཏིང་ཟབ་པའི་འདྲེན་སྦུག“མཚོ་རྨང་ཨང་གཉིས་པ”ཞེས་པ་ཀྲུའུ་ཅང་གཙང་པོའི་གྲུ་ཁ་ནས་འདྲེད་སྤོ་བྱས་པ་དང་ཆུ་ནང་གི་ལྗིད་ཚད་དང་ཆུའི་གཏིང་ཚད་སོགས་ཨེ་ཤེ་ཡའི་ཟིན་ཐོ་མང་པོ་བཏོད་པ་རེད། 

05.jpg

  • རང་རྒྱལ་གྱིས་པོའོ་ཧའེ་རྒྱ་མཚོའི་སྨི5000ལས་བརྒལ་བའི་ས་རིམ་དུ་གསོར་འབིགས་རྩད་ཞིབ་བྱེད་སྐབས་ཐོན་འབབ་མཐོ་བའི་སྣུམ་ཁྲོན་ཞིག་རྙེད་པ་དང་། རྟོག་འཇལ་ཐུབ་པའི་ཉིན་རེའི་སྣུམ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི1400ཡིན་པས། རང་རྒྱལ་གྱི་མཚོ་ཐོག་གི་གཏིང་ཟབ་པའི་སྣུམ་རླངས་འཚོལ་ཞིབ་ཁྲོན་པས་ཉིན་རེའི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད། 

  • ཉེ་ཆར། ལོ24བྲོས་བྱོལ་དུ་སོང་བའི་ལས་ཐོག་ཉེས་གསོག་དོགས་ཅན་ལི་ཏུང་ཧྲེང(李冬生)འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར་བ་རེད། 

སྲིད་ཇུས། 

  • རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུ་སོགས་སྡེ་ཚན་བཅུ་གཉིས་ཀྱིས་ཡིག་ཆ་བཀྲམ་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་རྐང་རྩེད་སྤོ་ལོ་དེ་ལུས་རྩལ་སློབ་ཚན་གྱི་སློབ་ཁྲིད་དང་། སློབ་གྲྭའི་ལུས་རྩལ་བྱེད་སྒོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་བ་དང་འབྲེལ་སློབ་ཁྲིད་དུས་ཚོད་རྗེས་ཀྱི་ནར་འགྱངས་ཞབས་ཞུའི་ནང་བཅུག་ཡོད། 

  • ཅང་སུའུ་ཡིས་བསམ་འཆར་པར་འགྲེམས་བྱས་ནས་རྒྱལ་ཁོངས་ལས་བརྒལ་བའི་ཀུང་སིས་ཅང་སུའུ་རུ་ས་ཁུལ་གྱི་སྤྱི་ཁྱབ་པུ་དང་བྱེད་ལས་རང་བཞིན་གྱི་སྒྲིག་གཞི་འཛུགས་པར་སྐུལ་མ་བཏང་སྟེ། སོ་སོར་སྒོར་ཁྲི600ལས་མི་བརྒལ་བ་དང་སྒོར་ཁྲི200ལས་མི་བརྒལ་བའི་གཉེར་སྐྱོང་ཁ་གསབ་སྤྲོད་རྒྱུ་རེད། 

  • ཧའེ་ནན་གྱིས་ཧའེ་ནན་དུ་ཐོན་སྐྱེད་གཉེར་སྐྱོང་བྱས་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་སྣུམ་རླངས་སྔོག་འདོན་ཁེ་ལས་ལ་མཐོ་ཤོས་སྒོར་ཁྲི500ཡི་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པ་ཁ་གསལ་བཏོན། 

དེ་རིང་གི་གནམ་གཤིས། 

06.jpg

  • ཤིན་ཅང་ལྷོ་རྒྱུད་གཤོང་སའི་ཤར་ལྷོའི་རྒྱུད་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཀན་སུའུ་ཡི་ཤར་ལྷོའི་རྒྱུད་དང་རྨ་ནུབ་ནུབ་རྒྱུད། ཅང་སུའུ་ཡི་ཤར་རྒྱུད། ཀྲེ་ཅང་གི་དབུས་ཤར་རྒྱུད། ཧྥུའུ་ཅན་གྱི་བྱང་ཤར་རྒྱུད། ཅང་ཤིས་ཀྱི་ལྷོ་རྒྱུད། སི་ཁྲོན་གཤོངས་སའི་ནུབ་བྱང་རྒྱུད། ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད་དང་ཤར་ལྷོའི་རྒྱུད། ཀོང་ཤིས་ཀྱི་དབུས་ལྷོ་རྒྱུད། ཀོང་ཏུང་གི་དབུས་ནུབ་རྒྱུད། ཐའེ་དབན་གྱི་དབུས་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་ཆུང་ཆུང་འབབ་ཀྱི་རེད། དེའི་ཁྲོད། བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད་དང་ཀྲེ་ཅང་གི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་འབབ་ཀྱི་རེད།


མཉམ་སྤྱོད།