མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས28ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་གྱི་གནས་སྐོར་གནས་མཆོག་འདི་དག་ལ་ཁྱེད་རང་ཕེབས་མྱོང་ངམ།

2024-03-25 16:09:41   |   2234

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་བྱང་ཁུལ་ཞེས་པ་ནི་སྙན་པའི་གྲགས་པ་སྲིད་པའི་རྩེ་ལ་འཕུར་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོའམ་ཡོངས་གྲགས་སུ་མཚོ་སྔོན་པོ་རུ་འབོད་པའི་བྱང་ཕྱོགས་སམ་ཀྲུང་གོའི་བརླན་སའི་གླིང་ཕྲན་གྱི་མཚན་ཉིད་བཞེས་ཤིང་ཀྲུང་གོའི་ཆུ་གཏེར་སྲུང་སྐྱོབ་གནས་དང་རྨ་ནུབ་ཁྱམས་རིང་གི་ཚེ་སྲོག་གི་འབྱུང་ཁུངས་སུ་གྲགས་པའི་སྐྱེ་ཁམས་ཀྱི་སྲུང་ཡོལ་གལ་ཆེན་སྟེ་མདོ་ལ་རིང་མོའི་དཀྱིལ་དབུས་སུ་གནས་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི3.41ཟིན་ལ་སྤྱིའི་མི་འབོར་ཁྲི30ལ་ཉེ་བ་ཡོད་པ་དང་། བོད་རིགས་དང་རྒྱ་རིགས། ཧེའི་རིགས། སོག་རིགས། ཧོར་རིགས། ས་ལར་རིགས་སོགས་མི་རིགས27འདུས་སྡོད་བྱེད་པའི་གནས་མཆོག་ཅིག་ཡིན་ལ། མཚོ་བྱང་ཁུལ་གྱི་གནས་སྐོར་ཐོན་ཁུངས་ཐུན་མོང་མ་ཡིན་པའི་ལེགས་ཆ་མངོན་གསལ་དོད་པོ་ཡིན་པས་མཚོ་བོད་མཐོ་སྒང་གི་གནས་སྐོར་ཐོན་ཁུངས་ཀྱི་བསྡུས་རིས་སུ་གྲུབ་ཡོད།  

ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་ཚྭ་མཚོ། མཚོ་སྔོན་པོ།

微信图片_20240325165714.jpg

微信图片_20240325165718.jpg

微信图片_20240325165723.jpg

གོ་ལ་ཧྲིལ་བོའི་མཛེས་སྡུག་ལྡན་པའི་མེ་ཏོག་གི་རྒྱ་མཚོ་ཆེན་པོ་བཅུའི་ནང་གསེས། འཇུ་ལག་གི་ལེ་དབར་བརྒྱའི་ལོག་དཀར་མེ་ཏོག

微信图片_20240325165728.png

微信图片_20240325165733.jpg

微信图片_20240325165737.jpg

微信图片_20240325165742.jpg

ཀྲུང་གོའི་ཆེས་མཛེས་པའི་རྩྭ་ཐང་ཆེན་མོ་དྲུག་གི་ནང་གསེས། མདོ་ལ་རི་བོ་རྩྭ་ཐང་།

微信图片_20240325165748.jpg

微信图片_20240325165754.jpg

微信图片_20240325165804.jpg

རང་རྒྱལ་གྱི་མ་རྡུལ་དང་ཆིང་རྡུལ་དང་པོའི་ཞིབ་བཟོ་རྟེན་གཞི་སྟེ། ཀྲུང་གོའི་རྡུལ་ཕྲན་མཁར།

微信图片_20240325165809.jpg

འཛམ་གླིང་གི་གླུ་གཞས་བརྩམས་ཆོས་གྲགས་ཅན《རྒྱང་ཐག་རིང་བའི་གནས་དེ་ན།》ཞེས་པའི་གླུ་གཞས་ཀྱི་འཁྲུངས་ཡུལ་གསེར་དངུལ་ཐང་།

微信图片_20240325165813.jpg

མཐོ་སྒང་གི་རྡོ་རྗེ་ཕ་ལམ་མམ་སྐྱེ་ཁམས་ཀྱི་ཚིག་མཛོད་གསོན་པོ་རུ་འབོད་པའི་སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།

微信图片_20240325165820.jpg

རྒྱལ་ཁབ་རི་འཛེག་གངས་ཤུད་སྦྱོང་བརྡར་རྟེན་གཞི། གངས་དཀར་རི་བོ།

微信图片_20240325165825.jpg

རྒྱལ་ཁབ5Aརིམ་པའི་གནས་སྐོར་ལྗོངས་ཁུལ། ཨ་མྱེས་སྟོང་སོ།

微信图片_20240325165830.jpg

དག་སྣང་མཚོ་བྱང་།

དག་སྣང་མཚོ་བྱང་དུ་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པར་མ་ཟད། དམངས་སྲོལ་རིག་གནས་ཀྱི་རྫོངས་སྟུག་པོ་ཡིན་སྟེ། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་དཔའ་རིས་རྒྱན་གོས་དང་ཧེའི་རིགས་གསོལ་སྟོན་གཞས། མཚོ་སྔོན་པོའི་མཚོ་མཆོད། ཨ་རིག་གླུ་ཤགས་སོགས་ཀྱང་འདི་རུ་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ཡོད་ལ། གནས་སྐོར་དང་རིག་གནས་མཉམ་འདྲེས་ཀྱི་རྣམ་པ་བཟང་པོ་གྲུབ་སྟེ་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྩལ་ཡོད།

微信图片_20240325165835.jpg

微信图片_20240325165840.jpg

微信图片_20240325165845.jpg

微信图片_20240325165850.jpg

ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་ཝང་ལུའོ་པིན་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན་དང་མཚོ་སྔོན་པོའི་གསེར་ཉ་སྐྱེ་འཕེལ་གློད་གཏོང་དང་ཉ་གཟིགས་སྲོག་བླུའི་དུས་ཆེན། མཚོ་སྔོན་འཇུ་ལག་ལོག་དཀར་མེ་ཏོག་རིག་གནས་གནས་སྐོར་གྱི་ཕྲེང་བསྟར་བྱེད་སྒོ ཀྲུང་གོའི་ཆེས་མཛེས་པའི་རྩྭ་ཐང་སྟེ་མདོ་ལ་རིང་མོའི་རྩྭ་ཐང་ཡུལ་སྲོལ་གོམས་གཤིས་རིག་གནས་ཀྱི་གནས་སྐོར་གྱི་ཕྲེང་བསྟར་བྱེད་སྒོ་སོགས་དུས་སྟོན་དང་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད། དག་སྣང་མཚོ་བྱང་གི་སྙན་གྲགས་སྔར་ལས་མཐོ་རུ་ཕྱིན་ཡོད།  སྔ་རྗེས་སུ་གསེར་མདོག་འཇུ་ལག་དང་། ལྷ་ཡུལ་མདོ་ལ། བོད་མཁར་རྐང་ཚ། བདེ་བརྟན་མདའ་བཞི། ཀྲུང་གོའི་རྡུལ་ཕྲན་མཁར་སོགས་རིག་གནས་གནས་སྐོར་གྱི་ཆས་རྟགས་གྲགས་ཅན་ཁག་ཅིག་བཏོད་ཡོད།

མིག་སྔའི་བར། མཚོ་བྱང་ཁུལ་མདོ་ལ་རྫོང་དང་རྐང་ཚ་རྫོང་གཉིས་རྒྱལ་ཁའི་ངང་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་གནས་སྐོར་དཔེ་སྟོན་ཁུལ་དུ་བསྐྲུན་པ་དང་འཇུ་ལག་དང་མདའ་བཞི་རྫོང་གཉིས་རྒྱལ་ཁའི་ངང་ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་གནས་སྐོར་དཔེ་སྟོན་ཁུལ་དུ་བསྐྲུན། མདོ་ལའི་ཨ་མེས་སྟོང་སོ་ལྗོངས་ཁུལ་རྒྱལ་ཁབ5Aརིམ་པའི་གནས་སྐོར་ལྗོངས་ཁུལ་དུ་བསྐྲུན་པ་དང་མདའ་བཞི་གསེར་དངུལ་ཐང-རྡུལ་ཕྲན་མཁར་ལྗོངས་ཁུལ་རྒྱལ་ཁབ5Aརིམ་པའི་གནས་སྐོར་ལྗོངས་ཁུལ་གཏོད་པའི་མིང་ཐོའི་ནང་དངོས་སུ་བཅུག་པ། ཁུལ་ཡོངས་སུ(རྐང་ཚ་རྫོང་མཐོ་སྒང་མཚོ་ངོགས་བོད་མཁར་ལྗོངས་ཁུལ་དང་འཇུ་ལག་རྫོང་ལེ་དབར་བརྒྱ་ཡི་ལོག་དཀར་མེ་ཏོག་རྒྱ་མཚོའི་ལྗོངས་ཁུལ། མདའ་བཞི་རྫོང་གསེར་དངུལ་ཐང-རྡུལ་ཕྲན་མཁར་ལྗོངས་ཁུལ། མདོ་ལ་རྫོང་རི་ཆུའི་གནས་སྐོར་ལྗོངས་ཁུལ། མདོ་ལ་རི་བོའི་སྐྱེ་ཁམས་ཕྱུགས་ར།)སོགས4Aརིམ་པའི་གནས་སྐོར་ལྗོངས་ཁུལ5ཡོད་པ་དང(མདོ་ལ་རྫོང་མཁར་དམར་གནའ་མཁར་རྗེས་ཤུལ་སྤྱི་གླིང་ལྗོངས་ཁུལ། (མདོ་ལ་དར་གོས་ལོང་ལམ་སྒྱུ་རྩལ་གླིང་ཚུད)མདོ་ལ་རྫོང་ཤྭ་གསོ་ར་བ། མདའ་བཞི་རྫོང་གི་མདའ་བཞི་དམངས་སྲོལ་སྡེ་བའི་ལྗོངས་ཁུལ། མདའ་བཞི་རྫོང་གསེར་དངུལ་ཐང་ཆུ་ཐོག་སྤྲོ་སྐྱིད་གླིང་། འཇུ་ལག་རྫོང་ཀྱུ་ཡངས་ལུང་པའི་ལྗོངས་ཁུལ།)བཅས3Aརིམ་པའི་གནས་སྐོར་ལྗོངས་ཁུལ5ཡོད།  (མདོ་ལ་རྫོང་མཁར་དམར་གྲོང་རྡལ་ཁ་གཟེབ་ལུང་པ་སྡེ་བ་དང་འཇུ་ལག་རྫོང་འབྲུ་གུ་ཡུལ་ཚོ་སྟེ་ཀྱོ་སྡེ་བ། སེམས་ཉིད་ཡུལ་ཚོ་མཆོད་ཐང་སྡེ་བ། ཤར་ཐང་ཡུལ་ཚོ་དམར་ལྡང་སྡེ་བ།)བཅས་རྒྱལ་ཁབ་རིམ་པའི་གྲོང་གསེབ་གནས་སྐོར་གཙོ་གནད་སྡེ་བ4བཅས་ཡོད། ཞིང་ཆེན་རིམ་པའི་གྲོང་གསེབ་གནས་སྐོར་གྱི་གཙོ་གནད་སྡེ་བ24 (ཁག་དང་པོར་སྡེ་བ།20) འཇུ་ལག་རྫོང་འབྲུ་གུ་ཡུལ་ཚོ་སྟེ་ཀྱོ་སྡེ་བ། སེམས་ཉིད་ཡུལ་ཚོ་དར་གྲོང་སྡེ་བ། འཇུ་ལག་གྲོང་རྡལ་ཐང་གོང་མ་སྡེ་བ། བསོད་སྐྱིད་ཐང་ཡུལ་ཚོ་བསོད་སྐྱིད་ཁུག་སྡེ་བ།   ཆུ་མིག་ལ་ཁ་གྲོང་རྡལ་སྐེད་ཁོག་ཁུག་སྡེ་བ་བཅས་དང་། མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་ཁ་གཟེབ་ལུང་བ་སྡེ་བ། དུང་སོ་ཆེ་བ་སྡེ་བ། བཙུན་མོ་གཞོང་གྲོང་རྡལ་ར་དོང་ཐང་སྡེ་བ། བཙུན་མོ་གཞོང་གྲོང་རྡལ་དམར་ཝོར་ཆུ་སྡེ་བ། རྫ་དམར་ཡུལ་ཚོ་སྒོ་མེ་སྡེ་བ། མདའ་བཞི་རྫོང་མཚོ་སྔོན་པོ་ཡུལ་ཚོ་མདའ་བཞི་བུ་རྒོད་སྡེ་བ་དང་ཝ་མགྱོགས་ཡུལ་ཚོ་མདའ་བཞི་སྡེ་བ། གསེར་ཐང་ཡུལ་ཚོ་སྟོང་མདའ་སྡེ་བ། དཔལ་སྤྱིན་ཡུལ་ཚོ་དཔལ་སྦྱིན་སྡེ་བ། གསེར་ཐང་ཡུལ་ཚོ་འོད་ཟེར་སྡེ་བ། རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་ཉྭ་ནག་སོ་མ་སྡེ་བ་དང་མཚོ་འཁྱིལ་ཡུལ་ཚོ་བཀྲ་སོག་སྡེ་བ། དཔལ་དགེ་ཐང་ཆུ་སྡེ་བ། འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ། དཔལ་དགེ་གྲོང་རྡལ་དགོན་གོང་མ་སྡེ་བ། (ཁག་གཉིས་པར་སྡེ་བ།4)  མདོ་ལ་རྫོང་མཁར་དམར་གྲོང་རྡལ་མཁར་དམར་སྡེ་བ།  བཙུན་མོ་གཞོང་གཤམ་རྩ་དམར་སྡེ་བ། འཇུ་ལག་རྫོང་མཁར་གྲོང་ཤར་ཐང་སྡེ་བ། བྱང་རི་ཡུལ་ཚོ་གྲུམ་པ་ཐང་གོང་མ་སྡེ་བ། སྐར་མ་རིམ་པའི་གྲོང་གསེབ་ཀྱི་གནས་སྐོར་སྣེ་ལེན་ས་ཚིགས་ཁྱོན101ཡོད་པ་དང་སྐར་མ་རིམ་པའི་གསོལ་མགྲོན་ཁང34ཡོད། མཚོ་སྐོར་ལྕགས་རྟ་སྒེར་གཏོང་དང་རླངས་འཁོར་སྒེར་གཏོང་སྒར་སའི་སྤྱི་གླིང་རྒྱལ་ཡོངས་ཀྱི4Cརིམ་པའི་སྒེར་གཏོང་རླངས་འཁོར་དང་གནས་སྐོར་རླངས་འཁོར་གྱི་སྒར་སའི་མིང་ཐོའི་ནང་ཚུད། 

སྣ་མང་རང་བཞིན་གྱི་ས་ཁམས་ཆགས་ཚུལ་དང་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་ཀྱིས་མཚོ་བྱང་བརླན་ས་དང་བྱེ་ཐང་། རྩྭ་ཐང་། གངས་རི། ནགས་དང་མཚོ། གྲོག་རོང་སོགས་ཐུན་མོང་མ་ཡིན་པའི་མཐོ་སྒང་རང་བྱུང་མཛེས་ལྗོངས་དང་སྣ་མང་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་གྲུབ་ཡོད། སྐྱེ་ཁམས་ཁོར་ཡུག་མཛེས་པ་དང་རིག་གནས་ཀྱི་རྣམ་པ་ཟབ་ལ་གནས་སྐོར་གྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་ཡིན་པས་མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་པར་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད་པ་དང་། མགྲོན་བརྩི་ཆེ་བའི་མཚོ་བྱང་མི་དམངས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་གྲོགས་པོར་ལྷག་བསམ་ཟོལ་མེད་ངང་དགའ་བསུ་ཞུས་ནས་མཉམ་དུ་མཐོ་སྒང་དཀྱིལ་དབུས་སུ་བསྐྱོད་དེ་དག་སྣང་མཚོ་བྱང་གི་མཛེས་པ་ལ་མཐའ་མེད་པའི་ལྗོངས་ཁུལ་ལ་གཟིགས་ཞིབ་ཐེངས་གཅིག་གནང་རོགས།


མཉམ་སྤྱོད།