མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས28ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

དྲ་ཐོག་ནས་གསེར་ཉོ་སྐབས་གཟབ་གཟབ་མ་གནང་ན་མགོ་སྐོར་ཐེབས་སྲིད།

2024-03-25 15:05:28   |   2439

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ལམ། རྒྱལ་སྤྱིའི་གསེར་གྱི་རིན་གོང་གིས་བསྟུད་མར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། གསེར་འཛད་སྤྱོད་ཁྲོམ་རའང་ཚ་ཚ་འུར་འུར་དུ་གྱུར་ཡོད། དེ་དང་བསྟུན་ནས་གསེར་འཛད་སྤྱོད་དང་འབྲེལ་བའི་ཞུ་གཏུག་ཀྱང་ཉིན་རེ་བཞིན་མང་དུ་སོང་ཡོད། འཛད་སྤྱོད་པ་མང་པོ་ཞིག་གིས་དྲ་རྒྱའི་སྟེགས་བུ་ཁ་ཤས་ཀྱིས་ཕྱིར་འཚོང་བྱེད་བཞིན་པའི999ལྷད་མེད་གསེར་མཆོག་ཐོན་རྫས་དེར་རྫུན་མ་ངོ་མར་བརྫུས་པ་དང་། ལྷད་བསྲེས་པ་སོགས་ཀྱི་གནད་དོན་ཡོད་ཅེས་བསྟན་འདུག འཛད་སྤྱོད་པས་དྲ་ཐོག་ནས་ཉོས་པའི་ལྷད་མེད་གསེར་མཆོག་ཐོན་རྫས་ཟེར་བ་དེ་ཚོར་དོན་དམ་པར་གཡོ་ཇུས་ཅི་ཡོད་དམ།

微信图片_20240325160557.jpg

ཐད་གཏོང་ཁང་དུ་ལྷད་མེད་གསེར་མཆོག་དང་རྒྱལ་ཁབ་ཀྱི་ཞིབ་བཤེར་དཔང་ཡིག་ཅེས་པ་གཡོ་ཐབས་སུ་བྱས་ནས་ཉོ་མཁན་འགུག་བཞིན་ཡོད།

དྲ་རྒྱའི་སྟེགས་བུའི་སྟེང་། ཐད་གཏོང་ཁང་མང་པོ་ཞིག་གིས999ལྷད་མེད་གསེར་མཆོག་ཐོན་རྫས་འཚོང་བཞིན་ཡོད། དྲ་རྒྱའི་ཐད་གཏོང་མཁན་ཁ་ཤས་ཀྱིས་ནོར་བུ་ཉོ་ཚོང་ལྟེ་གནས་ནས་ཉོ་སྒྲུབ་འབོར་ཆེན་བྱས་ཤིང་། ལྷད་མེད་གསེར་མཆོག་དང་ཧོ་ཐེན་གཡུ། རང་བྱུང་ཚྭ་མེད་ཆུའི་མུ་ཏིག རྒྱལ་བཤེར་དཔང་ཡིག་སོགས་འགག་རྩའི་ཚིག་གཡོ་ཐབས་སུ་བཟུང་ནས་ལྟད་མོ་བས་མངགས་ཉོ་བྱ་རྒྱུའི་ཡིད་འགུག་བྱེད་བཞིན་ཡོད།

འཛད་སྤྱོད་མཁན་དབྱང་གིས་བརྗོད་དོན། 999ལྷད་མེད་གསེར་མཆོག་ཡིན་པ་ཡག་པོ་བལྟས་རྗེས་ད་གཟོད་ཉོས་པ་ཡིན། སྐབས་དེར་ཁེ་རེར་སྒོར500ཡི་རིན་གོང་ནས་ཉོས་ཤིང་། གོང་ཁེའི་སྤ་སེ་ཡོད་པས་སྒོར400རེད། ཁོས་དཔང་ཡིག་ལྡན་ཞིང་། རྩ་གཉིས་ཨང་གྲངས་ཡོད་ཟེར། ཁོས་ཕལ་ཆེར་མི་གཞན་གྱིས་བརྟག་བཤེར་བྱ་རྒྱུ་མིན་པར་རློམ་ཡོད་པ་འདྲ། ངས་ཁྱེར་ཡོང་ནས་བརྟག་བཤེར་ཞིག་བྱས་པ་ན། ཅི་ཡང་བརྟག་ཐུབ་མ་སོང་། ཁོར་བདེན་པ་རེད་དམ་རྫུན་མ་རེད་ཅེས་དྲིས་མོད། འོན་ཀྱང་ཁོས་ལན་གསལ་པོ་ཞིག་མ་བཏབ་པར་ཕྱིར་བསྐུར་ཤོག་ཟེར།

微信图片_20240325160602.jpg

“གསེར་རྫུན་མ”ཡང་མེ་ཡི་བཙོ་སྦྱངས་ལ་མི་སྐྲག རྫུན་བཟོ་བྱ་ཐབས་ཀྱི་རིམ་པ་སྤར་འདུག

ཁེ་ལྗིད་ཚད་དང་ཆེ་ཆུང་། བཞུ་གནས་བཅས་ནི་འཛད་སྤྱོད་པ་མང་པོས་གསེར་གྱི་བདེན་རྫུན་བརྟག་པའི་བྱ་ཐབས་ཡིན། འོན་ཀྱང་གསར་འགོད་པས་བཅར་འདྲིའི་ཁྲོད་ནས་ཤེས་རྟོགས་བྱུང་བར། རྫུན་བཟོ་བྱ་ཐབས་ཟམ་མི་ཆད་པར་རིམ་པ་སྤོར་བཞིན་པ་དང་། རྒྱུན་ལྡན་གྱི་བྱ་ཐབས་མང་དག་ཅིག་དང་ཐ་ན་ཆེད་ལས་ཀྱི་གནོད་མེད་བརྟག་བཤེར་གྱིས་ཀྱང་ལྷད་མེད་གསེར་མཆོག་གི་བདེན་རྫུན་འབྱེད་ཁག་པོ་ཡོད། ཟླ་གོང་མའི་ཟླ་སྨད་དུ། ཧྲང་ཧེ་གྲོང་ཁྱེར་སྤྱི་བདེ་ཅུས་ཕུའུ་ཐུའོ་ཡན་ལག་ཅུས་ཁྲང་ཧྲོའུ་ལམ་མངགས་གཏོང་ཁང་དུ་གྱོད་དོན་སྙན་ཞུ་ཞིག་འབྱོར་ཡོད་དེ། འཛད་སྤྱོད་མཁན་ལི་ཆེ་གེ་མོས་དཔྱིད་གསར་གོང་དྲ་རྒྱའི་དངོས་རྙིང་ཕྱིར་འཚོང་སྟེགས་བུ་ཞིག་ནས་སྒོར་ཁྲི་གཉིས་ཅན་གྱི་ལྷད་མེད་གསེར་མཆོག་ལག་གདུབ་ཅིག་ཉོས། ཉོ་འཚོང་བྱེད་སྐབས་དཔང་ཡིག་དང་འཛིན་ཤོག་གཉིས་ཀ་འཛོམས་ཤིང་། ཐ་ན་མེ་ཡིས་བསྲེགས་ཀྱང་གནད་དོན་ཅི་ཡང་བྱུང་མེད།

འཛད་སྤྱོད་མཁན་ལི་ཆེ་གེ་མོས། ཉོ་དུས་སྒོར28000རེད། སྐབས་དེར་ང་ཚོས་ད་དུང་མེ་ཡིས་བསྲེགས་ནས་དམར་པོར་གྱུར་མོད། ཁ་དོག་མ་འགྱུར་བས། ངས་ད་དུང་ཆེད་དུ་རྒྱ་མ་ཆུང་ཆུང་ཉོས་ནས་ཚད་པ་དང་། ཁེ་མང་ཉུང་དང་ལྗིད་ཚད་ཚང་མ་གཅིག་འདྲ་རེད། ཁོས་ད་དུང་རྫུན་བཟོའི་ཀྲོའུ་ཏ་ཧྥུ་ཡི་ཁུག་མ་སྤྲད་པ་མ་ཟད། འཛིན་ཤོག་ཀྱང་བྱིན། མཐའ་མར་གསལ་འབྱེད་བྱེད་དུ་ཁྱེར་ནས་བཏུབ་པ་ན་ནང་ངོས་ཡོད་ཚད་དངུལ་རེད་འདུག དེར་བརྟེན་ཉེན་རྟོག་ཕྱོགས་ལ་གཏུགས་པ་ཡིན་ཞེས་བརྗོད།


微信图片_20240325160607.jpg

ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུས་ཕུའུ་ཐུའོ་ཡན་ལག་ཅུས་ཁྲང་ཧྲོའུ་ལམ་མངགས་གཏོང་ཁང་ཁྲིམས་འཛིན་གྱོད་སྒྲུབ་རུ་ཁག་གི་མི་དམངས་ཉེན་རྟོག་པ་ཁྲེན་ཞི་ཡིས། གྱོད་དོན་སྙན་ཞུ་འབྱོར་རྗེས། ང་ཚོས་དེ་མུར་མྱུལ་ཞིབ་ལས་དོན་སྤེལ་མོད། འོན་ཀྱང་དོགས་ཡོད་མི་སྣས་བཟོ་ཚོང་སྡེ་ཁག་ཏུ་ཆ་འཕྲིན་ཐོ་འགོད་བྱས་ཡོད་པ་ཤེས་རྟོགས་མ་བྱུང་། ཐེངས་འདིའི་ཕྱིར་འཚོང་བྱ་སྤྱོད་ནི་མི་སྒེར་གྱི་ཕྱིར་འཚོང་བྱ་སྤྱོད་གྲས་སུ་གཏོགས། དེ་དང་ཆབས་ཅིག ཉེན་རྟོག་ཕྱོགས་ཀྱིས་ཀྱང་དོགས་ཡོད་ཉེས་ཅན་གྱིས་མཁོ་འདོན་བྱས་པའི་དངོས་ཟོག་བསྐུར་གནས་ནི་རྫུན་བཟོའི་ས་གནས་ཤིག་ཡིན་པ་ཤེས་རྟོགས་བྱུང་ཡོད། གྱོད་གཞི་དེའི་ཁྲོད། དོགས་ཡོད་ཉེས་ཅན་གྱིས་གློག་རྡུལ་ཚོང་དོན་སྟེགས་བུ་ག་གེ་མོ་བརྒྱུད་ཚོང་དུད་ཅིག་རྙེད་པ་དང་། གསེར་ཉོ་སྐབས་མཁོ་བའི་ཉོ་སྒྲུབ་ཁུག་མ་དང་། སྤུས་ཚད་འགན་ལེན་དཔང་ཡིག ཕྱིར་འཚོང་ཐོ་ཡིག་དང་ལག་གདུབ་ཀྱི་འདེགས་བྱང་བཅས་བཟོས་པ་དང་། ད་དུང་ཁོས་སྟེགས་བུ་བརྒྱུད་འཛིན་ཤོག་རྫུན་མ་ཞིག་བཟོས་ཤིང་། དེ་ཡང་ཉིན་དེའི་ཁྲོམ་རའི་གསེར་གྱི་རིན་གོང་ལྟར་བཟོས་པ་རེད། གྱོད་གཞི་འདིའི་གནོད་འཚེ་ཕོག་མཁན་གྱིས་ཉོས་པའི་ལག་གདུབ་དེའི་སྤྱིའི་ཁེའི་ལྗིད་ཚད་ལ་ཁེ45.11དང་། གསེར་འདུས་ཚད་ཁེ10 དངུལ་འདུས་ཚད་ཁེ35རེད། རྒྱུན་ལྡན་གྱི་བརྟག་བཤེར་བྱ་ཐབས་ཀྱིས་རྩ་བ་ནས་དབྱེ་འབྱེད་བྱེད་མི་ཐུབ་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་བརྟག་བཤེར་ལས་ཁུངས་ཀྱིས་ད་གཟོད་བདེན་རྫུན་གྱི་དབྱེ་བ་འབྱེད་ཐུབ་ཅེས་བརྗོད།

གསེར་གྱི་ནང་ལྷད་བསྲེས་པར་ཡང་གཡོ་ཐབས་གསར་པ་བྱུང་འདུག ལའེ་འདུས་པའི་གསེར་གྱི་བདེན་རྫུན་འབྱེད་དཀའ།

གསེར་ཉོ་མཁན་དུ་མང་དུ་སོང་བ་དང་བསྟུན་ནས། གསེར་གྱི་ནང་ལྷད་བསྲེས་པར་ཡང་གཡོ་ཐབས་གསར་པ་བྱུང་ཡོད། ཉེ་ཆར། ཀྲེ་ཅང་ཉིང་པོ་གྲོང་ཁྱེར་སྤུས་ཚད་ཞིབ་བཤེར་ཁང་གསེར་ནག་རིན་ཆེན་དང་མིག་ཤེལ་བརྟག་བཤེར་ལྟེ་གནས་སུ་འབྲེལ་ཡོད་སྡེ་ཁག་གི་ཞིབ་བཤེར་མངགས་བཅོལ་ཞིག་འབྱོར་ཡོད་དེ། མ་དཔེའི་ཕྱི་དབྱིབས་ལྷད་མེད་གསེར་མཆོག་དང་ཧ་ཅང་འདྲ་མོད། འོན་ཀྱང་གསལ་པོར་ཞིབ་བཤེར་བྱས་ན་ལའེ་བསྲེས་པའི་གསེར་རེད་འདུག ལའེ་ཡི་ཕྱིར་འཚོང་རིན་གོང་ཁེ་གང་ལ་སྒོར་བཅུ་ཕྲག་ལས་མི་དགོས། གསེར་གྱི་ནང་བསྲེས་ན་རིན་གོང་དམའ་བ་མ་ཟད་ཤེས་རྟོགས་བྱེད་ཁག་པོ་ཡོད་པ་རེད།

微信图片_20240325160612.jpg

ཤེས་རྟོགས་བྱུང་བར་གཞིགས་ན། གཞི་རྒྱུ་ལའེ་ནི་ཕྱི་དབྱིབས་ནི་དངུལ་མདོག་གི་ལྕགས་རིགས་སམ་ཕྱེ་རྡུལ་སྐྱ་བོའམ་ནག་པོ་ཅན་ཡིན་པ་དང་། རྒྱུ་ཆ་སྲ་ཞིང་མཁྲེགས་པ། གཙུབ་བརྡར་ནུས་པ། རུལ་མི་སླ་བ། འདུས་ཚད་ལྷད་མེད་གསེར་མཆོག་དང་འདྲ་བས། རྒྱུན་ལྡན་ལྟར་ལྗིད་ཚད་འཇལ་ན་དབྱེ་བ་འབྱེད་དཀའ་མོད། འོན་ཀྱང་མཁྲེགས་ཚད་དང་བཞུ་གནས་གཉིས་ཀ་ལྷད་མེད་གསེར་མཆོག་ལས་མཐོ། ཆེད་མཁས་མི་སྣས་དྲན་སྐུལ་གནང་དོན། ཁྲོམ་རའི་སྟེང་གི་ལའེ་བསྲེས་པའི་གསེར་མིག་གིས་བལྟས་པ་དང་ལྗིད་ཚད་འཇལ་བ་ཙམ་གྱིས་བདེན་རྫུན་འབྱེད་ཁག་པོ་ཡོད། དེ་བས་འཛད་སྤྱོད་པས་གསེར་ཉོ་སྐབས། སྙན་གྲགས་ལྡན་པའི་ཚོང་རྟགས་དང་ཚོང་ཁང་འདེམ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།


མཉམ་སྤྱོད།