དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས་ཀྲུང་དབྱང་ཡིག་ཆ་ཨང་དང་པོའི་དགོངས་དོན་དོན་འཁྱོལ་བྱས།

2024-03-25 10:22:34   |   2630

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ2པའི་ཚེས26ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་གཤམ་སྐྱོད་ཀྱི“སློབ་སྦྱོང་གཅིག་དང་སྒྲོག་འགྲེལ་གཉིས། སྐུལ་འདེད་གསུམ། མཐོར་འདེགས་བཞིའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་ཚུན་དུ། མདོ་ལ་རྫོང་གིས་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་དུས་ཐོག་ཏུ་ལས་བྱེད་པ་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་ཀྲུང་དབྱང་དང་ཞིང་ཨུའི་ཡིག་ཆ་ཨང་དང་པོ་དང་། དེ་བཞིན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ། ཀྲུང་དབྱང་ཞིང་སྡེ་ལས་དོན་ཚོགས་འདུ། ཞིང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ། ཞིང་ཨུའི་རོང་འབྲོག་ཁུལ་གྱི་ཚོགས་འདུ་ཐེངས་བརྒྱད་པ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཁུལ་ཨུའི་རོང་འབྲོག་ཁུལ་གྱི་ལས་དོན་ཚོགས་འདུ། རྫོང་ཨུའི་སྐབས་བཅོ་ལྔ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། རྫོང་ཨུའི་རོང་འབྲོག་ཁུལ་གྱི་ལས་དོན་ཚོགས་འདུའི་དགོངས་དོན་བཅས་སྒྲོག་འགྲེལ་བྱས། མང་ཚོགས་ཀྱི་དོ་ཁུར་བྱེད་བཞིན་པ་དང་དངོས་ཡོད་གནད་དོན་ཐག་གིས་བཅད་ཅིང་། ཧ་ཅང་ཉན་སྤྲོ་བའི་སྒྲོག་འགྲེལ་གྱི་ཐབས་ལམ་བརྒྱུད་ཏང་གི་གསུངས་སྐད་དང་དམངས་ལ་ཕན་པའི་སྲིད་ཇུས་ཁག་དོན་འཁྱོལ་བྱས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་བདེ་སྐྱིད་ཚོར་སེམས་ཁྱོན་ཡོངས་ནས་ཆེ་རུ་བཏང་།

གཞུང་ལུགས+སྒྲིག་འཛུགས་ཞིབ་ཚགས་ཟུང་འབྲེལ་བྱས་པ། སྒྲོག་འགྲེལ་བྱེད་སྒོ་སྤེལ་ཚུན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་དང་། རྟོག་འདོམས་ཚོགས་ཆུང་། དྲིལ་སྒྲོག་སྙན་འབུལ་ཚོགས་ཆུང་བཅས་དུས་ཐོག་ཏུ་བཙུགས་པ་དང་། 《2024ལོར་རྫོང་ཡོངས་ཀྱི་ལས་བྱེད་པ་གཤམ་སྐྱོད་བྱས་ནས“སློབ་སྦྱོང་གཅིག་དང་། སྒྲོག་འགྲེལ་གཉིས། སྐུལ་འདེད་གསུམ། མཐོར་འདེགས་བཞིའི”སྒྲོག་འགྲེལ་བྱེད་སྒོའི་ལག་བསྟར་ཇུས་གཞི》གཏན་འབེབས་གཤམ་སྤྲོད་བྱས་ཤིང་། 《མདོ་ལ་རྫོང་རྫོང་རིམ་པའི་མགོ་ཁྲིད་ཀྱི“1+N+10”ཡི་གཞི་རིམ་དང་འབྲེལ་གཏུག་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་ལམ་སྲོལ》ལྟར། རྫོང་ཡོངས་ཀྱི་རྫོང་རིམ་པའི་མགོ་ཁྲིད20འབྲེལ་གཏུག་སྡེ་བ45རུ་སྒྲོག་འགྲེལ་དུ་ཕྱིན། མིག་སྔའི་བར་སྒྲོག་འགྲེལ་ཐེངས57དང་རྟོག་འདོམས་ཐེངས30བྱས་ནས་མགོ་ཁྲིད་ཀྱི་འགན་གཙང་ལེན་མཉམ་འབྲེལ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཡོད། སྒྲོག་འགྲེལ་བྱེད་སྒོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱ་ཆེད། རྫོང་ཡོངས་ཀྱི་ལས་བྱེད་པའི་སྐུལ་སློང་ཚོགས་ཆེན་དུས་ཐོག་ཏུ་འཚོགས་པ་དང་། ལས་བྱེད་པ135སྐོང་འཐེན་བྱས་ནས་སྲིད་འཛིན་སྡེ་བ45ལ་སྒྲོག་འགྲེལ་བྱེད་པར་བསྐྱོད་ཅིང་སྡེ་བར་སྒྲོག་འགྲེལ་བྱེད་ཚད100%ལ་ཟིན་པ་དང་། སྒྲོག་འགྲེལ་ཟུར་ཁྲིད་ཀློག་དེབ1200ལྷག་ཙམ་དང་སྒྲོག་འགྲེལ་དཔྱད་ཡིག5800ལྷག་ཙམ་སྤྲད་པ་རེད། 

གཞུང་ལུགས+གསར་གཏོད་བྱེད་སྟངས་ཟུང་འབྲེལ་བྱས་པ། སྒྲོག་འགྲེལ་བྱེད་སྒོ་དངོས་སུ་དོན་འཁྱོལ་ཐུབ་པ་བྱ་ཆེད། “སྲིད་ཇུས་ཀྱི་བརྡ་དོན”དང“ཡིག་ཆའི་ནང་དོན”དེ“གོ་སླ་བའི་སྐད་ཆ”རུ་བསྒྱུར་ཞིང་། དྲ་ཐོག་དང་དྲ་ཕྱི་གཉིས་ཀར་ཤུགས་བརྒྱབ་པ་དང་། རིག་རྩལ་གཞུང་ལུགས་མཉམ་དུ་ཞུགས་པ་སོགས་ཀྱི་ཐབས་ལམ་མང་པོ་དང་ཟུར་ཚད་མང་པོའི་ཐོག་ནས་མང་ཚོགས་ལ་སྲིད་ཇུས་ཀྱི་དཔྱིད་རླུང་བསྐྱལ་བ་དང་། རིམ་རྩིས་བྱས་ན་གཅིག་སྡུད་སྒྲོག་འགྲེལ་ཐེངས99བྱས་པ་དང་ཁྱིམ་ཚང4114ཡི་མང་ཚོགས10554ལ་སྒྲོག་འགྲེལ་བྱས། དེ་དང་ཆབས་ཅིག་ཡུལ་གྲོང་དང་སྡེ་ཚན་ཁག་གིས“ཁྲི་སྟོང་འདུ་འགོད”ཉམས་མྱོང་དེ་ཏང་ཨུ(ཏང་ཙུའུ)གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ནང་དོན་གཙོ་བོའི་ནང་བཅུག་སྟེ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པར་བརྟེན་ནས་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་མིག་དཔེ་སྟོན་རྒྱུར་སྐུལ་འདེད་བཏང་། 

གཞུང་ལུགས+དམངས་ལ་ཞབས་འདེགས་ཞུ་བ་ཟུང་འབྲེལ་བྱས་པ། སྒྲོག་འགྲེལ་བྱེད་སྒོ་དེ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བའི་ལག་ལེན་སློབ་ཚན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་ཇུས་ཡག་པོ་ཤོད་པ་དང་ཆབས་ཅིག ཡུལ་བབ་དང་བསྟུན་ནས་གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་རོང་འབྲོག་མང་ཚོགས་ལ་ལས་གནས་བརྟན་པོ་དང་། འབབ་འཕར་ཕྱུག་འགྱུར། བདེ་ཐང་ཞབས་ཞུ་སོགས་ཀྱི་ཐད་ཤུགས་བརྒྱབ་ནས་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་ཡིད་ཆེས་དང་ཐོབ་སྣང་ཆེ་རུ་བཏང་། ཆེད་མཁས་པའི་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཞིང་ཁ་དང་འབྲོག་ཁར་བསྐྱོད་ནས་བྱང་ཚད་མཐོ་བའི་ཞིང་བའི་རྗེས་འདེད་ཞབས་ཞུའི་བྱེད་སྒོ་སྤེལ། ལག་རྩལ་མི་སྣ་མི་ཐེངས20བཏང་བ་དང་སློབ་མ50ལ་འདྲི་བཅར་བྱས། ཕྱིར་ལོག་བྱེད་ཚད100%ཟིན་པ་དང་བློ་ཡིད་ཚིམ་ཚད100%ལ་སླེབས་ཡོད། དེ་དང་ཆབས་ཅིག་ཆེད་མཁས་པ་ཚོགས་པ་སྒྲིག་འཛུགས་བྱས་ནས་སློབ་མར་འདེབས་འཛུགས་གསོ་ཚགས་ལག་རྩལ་དང་རྫས་ལུད། ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བ་སོགས་ཐད་ཀྱི་ཤེས་བྱ་སློབ་ཁྲིད་བྱས་ཏེ་དཔྱིད་དུས་ཀྱི་སྲོག་ཆགས་ཀྱི་རིམས་འགོག་ལ་དངོས་པོའི་འགན་ལེན་བྱས་པ་དང་། དུག་སེལ་སྨན226གསོག་འཇོག་བྱས་པ། འགོག་སྲུང་གྱོན་ཆས་ཆ་ཚང21000དང་རིགས་ཁག་གི་རིམས་འགོག་སྨན་ཁབ་ཧའོ་ཧྲེང་ཁྲི222སྤྲད། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་དཀའ་ངལ་ཐག་གཅོད་བྱེད་པར་མི་ཐེངས36ལ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་དང་། སྨན་རིགས14ཡི་སྒམ་ཆུང200ལྷག་ཙམ་རིན་མེད་ངང་སྤྲད་པ་རེད། འགོས་ནད་འགོག་བཅོས་ཤེས་བྱའི་ལག་དེབ600ལྷག་ཙམ་སྤྲད་པ་དང་། ཏེན་ཚྭ་ཁུག་མ350རིན་མེད་ངང་གནང་སྦྱིན་བྱས། “དཔྱིད་རླུང་བྱ་སྤྱོད”ཀྱི་ལས་ཞུགས་ཞབས་ཞུའི་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་ནས་ལས་གནས2500ལྷག་ཙམ་མཁོ་འདོན་བྱས་པ་དང་། རིམ་རྩིས་བྱས་ན་དྲིལ་སྒྲོག་མཁོ་ཆས་སྣ་ཚོགས1000ལྷག་སྤྲད་པ། ཡུལ་དངོས་སུ་མི120ལྷག་ཙམ་ལས་ཞུགས་འདོད་མཐུན་བཞག་པ། ཡུལ་དངོས་སུ་མི5ལ་གན་རྒྱ་བཞག གཞུང་ལུགས+ཞིང་ཕྱུགས་ལས་ཐོན་སྐྱེད་ཟུང་འབྲེལ་བྱས་པ། 

རྨོ་ཞིང་གི“འབྲུ་རིགས་མིན་པའི”བཅོས་སྒྲིག་དང་། འབྲུ་རིགས་བདེ་འཇགས་འགན་ལེན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་འགན་ལེན། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས། རོང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད། རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ། ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སོགས་གཙོ་གནད་ལས་དོན་ལ་དམིགས་ནས་ཞིང་ལས་ཁྱིམ་ཚང་དུ་བསྐྱོད་དེ་དྲིལ་སྒྲོག་དང་ཞབས་ཞུ་སྤེལ་ཞིང་། དྲིལ་སྒྲོག་དཔྱད་ཡིག་སྣ་ཚོགས2000ལྷག་ཙམ་སྤྲད། དཔྱིད་རྨོད་གྲ་སྒྲིག་དང་། ལུ་གུ་གསོ་བ། ཕྱུགས་རིགས་ཀྱི་རིམས་ནད་འགོག་བཅོས། གནོད་འགོག་གེགས་སེལ་དང་དེ་བཞིན་རྩྭ་ཐང་ནགས་ཚལ་མེ་ཟོན་སོགས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་རོགས་བྱས་ཏེ་ཞིང་ལས་རྒྱུ་ཆ་སྔ་ཙམ་གྲབས་གསོག་དང་། སོན་བཟང་སྔ་ཙམ་ཉོ་བ། ལུད་སྔ་ཙམ་དབོར་འདྲེན་བྱེད་པའི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་། ས་བོན་ལས་གྲྭའི་རྣམ་གྲངས་ལ་བརྟེན་ནས་སྐྱེ་ལྡན་ལུད་ཏུན500དང་། ཞིང་སྨན་སྤྱི་རྒྱ40 སོན་བཟང་སྤྱི་རྒྱ་ཁྲི6.49 རྫས་ལུད་ཏུན160 སྐྱེ་ལྡན་ལུད་ཏུན3000 ཞིང་འཕྲུལ་ལག་ཤེས་པ20བཅས་གྲབས་གསོག་བྱས། ཞིང་ཕྱུགས་ལས་ཐོན་སྐྱེད་ཐད་ཀྱི་དངོས་ཡོད་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཐེངས84བྱས་པ་དང་། བྱུར་རྐྱེན་གནས65 ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བདེ་འཇགས་ཞིབ་བཤེར་ཐེངས73 ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བྱུར་རྐྱེན་གནས་ཁག62ལ་གྲལ་བཤེར་བྱས།


མཉམ་སྤྱོད།