དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤྭ་སྐྱ་བརྒྱ་ལྷག་ཐོན་འདུག

2024-03-25 08:54:18   |   1830

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་དྲ་བ་བོད་ཡིག་པར་མ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཞང་དུ་པར་བ་ཚོས་ཤྭ་སྐྱ་བརྒྱ་ལྷག་གིས“དཔྱིད་དཔལ་ལ་རོལ་བའི”རྣམ་པ་པར་དུ་བརྒྱབ་པར། སྐབས་འགར་ཕར་རྒྱུག་ཚུར་རྒྱུག་དང་སྐབས་འགར་མགོ་སྒུར་ནས་ལྟོ་འཚོལ་བ་སྟེ། ཧ་ཅང་བག་ཕེབས་ཀྱི་རྣམ་པ་མངོན་འདུག

微信图片_20240325101754.png

   ཤྭ་སྐྱ་ནི་གྲེ་བ་ནས་མཆུ་ཏོའི་བར་སྐྱ་སྐྱ་ཡིན་པས་མིང་དེ་ལྟར་ཐོགས་པ་ཡིན་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་སྦྲགས། དེ་སྔ་མཐོང་དཀའ་བའི་རི་སྐྱེས་སྲོག་ཆགས་མང་པོ་མཐོང་རྒྱུ་བྱུང་ལ། ཤྭ་སྐྱ་དང་“ལམ་ཐུག”བྱུང་བ་དེའང་རྒྱུན་རྣམ་དུ་འགྱུར་བཞིན་ཡོད་པ་རེད།

微信图片_20240325101800.png

微信图片_20240325101806.jpg

微信图片_20240325101810.jpg

微信图片_20240325101815.jpg

微信图片_20240325101820.jpg

微信图片_20240325101825.jpg


མཉམ་སྤྱོད།