མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས28ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཤ་བོ་སྐྱབས་རྐང་ཚ་རྫོང་དུ་བསྐྱོད་དེ་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་གནང་པ།

2024-03-25 08:54:35   |   2419

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས21ཉིན།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་དུ་བསྐྱོད་དེ་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་ལ། དགོ་དམར་སྐོར་སྐྱོད་སྲུང་སྐྱོབ་དང་ཆུ་ཚན་གསར་སྤེལ་བེད་སྤྱོད།  གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་བྱ་བར་རྟོག་ཞིབ་གནང་།

1.jpg

ཆུ་ཁོལ་ཐོན་ལས་གླིང་ཁུལ་ཚེ་ཐར་གཏེར་ཁ་དང་ཚེ་ཐར་གདོང་ལེན་གཏེར་ཁར་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་གཏེར་རིའི་སྐྱེ་ཁམས་ཉམས་གསོའི་ལས་གཞིར་སྐུལ་འདེད་བཏང་ཚུལ་དང་བཅོས་སྒྲིག་གི་ཕན་འབྲས་ལ་ལྟ་ཞིབ་བྱས་ལ།  བཞུགས་མོལ་ཚོགས་འདུ་འཚོགས་ནས་བྱ་བའི་སྙན་ཞུར་ཉན་པ་དང་བཅོས་སྒྲིག་བྱ་བའི་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་རྒྱུས་ལོན་བྱས་ཏེ་ནན་གྱིས་བསྟན་དོན།  ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་མཚོ་བྱང་ཁུལ་གྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ཞིང་།  ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་བྱ་བའི་བླང་བྱ་ལྟར་ངོས་འཛིན་མཐོར་གཏོང་དང་ཚད་མཐོའི་སྐུལ་འདེད།  དཔེ་རིས་བཀལ་ནས་དམག་འཐབ་རྒྱག་པ་བཅས་བྱས་ཏེ་སྤུས་འབོར་འགན་ལེན་གྱིས་གཏེར་དོང་བསྐྱར་གསོ་དང་བེད་མེད་རི་སླར་གསོ།  མཐའ་མཚམས་བཅོས་སྒྲིག  རྩྭ་འདེབས་ལྗང་བསྒྱུར་སླར་གསོ་བཅས་ཀྱི་བཅོས་སྒྲིག་བྱ་བ་སོ་སོ་ཡག་པོར་བསྒྲུབ་པ་དང་། སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཐོན་པའི་སྔོན་ཐོན་གྱི་བྱེད་སྟངས་དང་དཔེ་མཚོན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་མ་ལག་ལྡན་པའི་ཚན་རིག་གི་དོ་དམ་ལམ་སྲོལ་ཞིག་ཆགས་པར་བྱས་ནས་གནད་དོན་དེ་རིགས་བསྐྱར་དུ་མི་འབྱུང་བའི་འགན་ལེན་བྱས་ནས་བཅོས་སྐྱོང་གི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས་ཟེར།

2.png

དཔལ་དགེ་གྲོང་རྡལ་དུ་ཤ་བོ་སྐྱབས་དགོ་དམར་དམིགས་བསལ་སྲུང་སྐྱོབ་ཁུལ་དུ་བསྐྱོད་དེ་ཡུལ་དངོས་ནས་དགོ་དམར་འཚོ་སྡོད་བྱས་ཚུལ་དང་ཁྱུ་ཚོགས་ཀྱི་གྲངས་འབོར་སོགས་ལ་ལྟ་ཞིབ་བྱས་ནས་དགོ་དམར་ཚན་རིག་ཁྱབ་གདལ་ཞིབ་འཇུག་རྟེན་གཞིའི་ཚན་རིག་ཁྱབ་གདལ་ཁང་དང་ལྟ་སྐོར་སྒྲོམ་སྟེགས། གནས་སྐོར་ཞབས་ཞུ་ལྟེ་གནས། སྐར་གཟིགས་ཁང་པ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་ཚུལ་ལ་རྒྱུས་ལོན་བྱས་ཏེ་ནན་གྱིས་བསྟན་དོན། ཚན་རིག་ཁྱབ་གདལ་རྟེན་གཞི་སྐྲུན་བཞིན་པའི་རྨང་གཞིའི་ཐོག་རྐང་ཚ་རྫོང་གིས་གཅིག་གྱུར་འཆར་འགོད་དང་ཏན་ཏིག་ངང་སྐུལ་འདེད་བཏང་སྟེ་ཚན་རིག་ཁྱབ་གདལ་ཞིབ་འཇུག་རྟེན་གཞི་སྔ་མོ་ནས་ལས་གཉེར་ཐུབ་རྒྱུའི་འགན་ལེན་བྱེད་དགོས་ཏེ། གཅིག་ནས་དགོ་དམར་སྐྱོབ་བཅོས་དང་སྲོག་སྐྱོབ།  གཟན་རྩྭ་གཏོང་འདྲེན། འཐུང་ཆུ་འགན་ལེན་བཅས་ཀྱི་བྱ་བ་མུ་མཐུད་ཡག་པོར་བསྒྲུབ་པ་དང་། ནགས་ཚལ་དང་རྩྭ་ཐང་དོ་དམ་སྲུང་སྐྱོབ་པའི་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མི་མེད་གནམ་གྲུའི་སྐོར་ཞིབ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། སྐོར་གཡེང་ལྟ་ཞིབ་ཚད་ལེན་གྱི་ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དགོ་དམར་སྲུང་སྐྱོབ་ཀྱི་དྲིལ་སྒྲོག་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། གླེང་ཕྱོགས་ལ་ཁ་གཏད་གཅོག་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། གཉིས་ནས་ཚན་རིག་ཁྱབ་གདལ་རྟེན་གཞི་དྲིལ་སྒྲོག་ཁྱབ་གདལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རིག་གནས་ལུས་རྩལ་བྱེད་སྒོ་སྣ་ཚོགས་གཞི་རྟེན་དུ་བྱས་ཏེ་སྲོག་ཆགས་ལ་གཟན་ཆས་སྟེར་བ་སོགས་ཉམས་ལེན་ལས་གཞི་མང་དུ་གཏོང་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད་ཐོན་རྫས་བྲིན་ཚོང་བྱས་ནས་རྒྱ་ཆེའི་གནས་སྐོར་བ་ཚན་རིག་ཁྱབ་གདལ་རྟེན་གཞིར་གནས་སྐོར་ལྟ་སྐོར་བྱེད་དུ་ཡོང་རྒྱུའི་ཡིད་དབང་འགུག་དགོས། གསུམ་ནས་ཚན་རིག་ཁྱབ་གདལ་རྟེན་གཞིར་གླ་ཚེར་འདེབས་འཛུགས་རྟེན་གཞི་བསྐྲུན་ནས་གླ་ཚེར་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་བཏང་སྟེ་ལྗང་མདོག་དང་འབབ་འཕར་གཉིས་ཕན་ཡོང་བར་བྱས་ཏེ་སྐྱེ་ཁམས་དང་ཐོན་ལས་གཉིས་ཀར་སྐུལ་འདེད་གཏོང་དགོས་ཟེར།     

3.png  

རྐང་ཚའི་ཆུ་ཁོལ་ཆུ་ཚན་དུ་ཤ་བོ་སྐྱབས་ཀྱིས་ཆུ་ཚན་གྱི་ཆུའི་མང་ཉུང་དང་སྤུས་ཚད། ཉེ་འཁོར་གྱི་ཁོར་ཡུག བགྲོད་ལམ་འགྲིམ་འགྲུལ་སོགས་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ལ། རྐང་ཚ་རྫོང་གིས་ཆུ་ཁོལ་གྱི་ས་འོག་ཚ་ནུས་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ“རང་བྱུང་ཁམས་གསོ་གཙོ་བོར་བྱེད་པ་དང་གནས་སྐོར་གསར་སྤེལ་ཕལ་བ་བྱེད་པའི”རྩ་དོན་ལྟར་ལུགས་མཐུན་གྱི་འཆར་འགོད་ཇུས་གཞི་བཟོས་ཏེ་རིག་གནས་གནས་སྐོར་ཁམས་གསོའི་སྤུས་དག་ལས་གཞི་བསྐྲུན་ནས་ཆུ་ཚན་གྱི་ཉེ་འཁོར་བཅོས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ཡག་པོར་བསྒྲུབ་དགོས་པའི་བླང་བྱ་བཏོན། 

5.jpg   

དཔལ་དགེ་མངགས་གཏོང་ཁང་དུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་མངགས་གཏོང་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ལྟ་ཞིབ་དང་གཞི་རིམ་གྱི་ལས་རོགས་ཉེན་རྟོག་པའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན། གཙོ་གནད་བྱ་བའི་སྙན་ཞུ་བཅས་ལ་ཉན་ནས་ནན་གྱིས་བསྟན་དོན། གཞི་རིམ་མངགས་གཏོང་ཁང་ནི་སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་དང་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་གཙོ་བོ་ཞིག་ཡིན་པས། གཞི་རིམ་མངགས་གཏོང་ཁང་གི་ཕྱོགས་བསྡུས་ནུས་པ་མཐོ་རུ་གཏོང་བའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཏེ། གཅིག་ནས་མངགས་གཏོང་ཁང་གི་འཚོ་བ་དང་གཞུང་སྒྲུབ་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ་སྡེ་བའི་ཉེན་རྟོག་པའི་གཞི་རྩའི་འགན་ལེན་དོན་འཁྱོལ་བྱེད་པ་དང་། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་པ། ལས་སྒོའི་རྩལ་ནུས་གསོ་སྦྱོང་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གཞི་རིམ་མངགས་གཏོང་ཁང་གིས་སྔར་ལས་ལེགས་པའི་སྒོ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པའི་འགན་ལེན་བྱེད་དགོས། གཉིས་ནས་ལག་རྩལ་དང་སྔོན་འགོག་གི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་སྟེ་བརྙན་ལམ་ལྟ་སྐུལ་ཚོད་འཛིན་ཁྱབ་ཚད་དང་སྦྲེལ་དྲ་ཁྱབ་ཚད་མཐོ་རུ་གཏོང་བ། “བྱ་བའི་བྱ་ཐབས་དྲུག”སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱེད་པ། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་ཐག་གཅོད་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། ཁྲིམས་ཆད་འཁུར་ཡུན་ལོངས་ནས་བཏང་པའི་མི་སྣ་དང་ཡོ་བསྲང་མི་སྣ་མེད་པར་བཏང་བའི་བཀོད་སྒྲིག་དང་རོགས་རམ་སློབ་གསོ་གཏོང་བའི་བྱ་བ་ཡག་པོར་བསྒྲུབ་པ་བཅས་བྱས་ནས་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། གསུམ་ནས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་ཆེན་པོ་བྱས་ནས་དུས་ཐོག་ཏུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ཤེས་རྟོགས་ཐུབ་པ་དང་འཕྲལ་དུ་བཅོས་སྒྲིག་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་དོན་རྐྱེན་མི་འབྱུང་བའི་སྔོན་འགོག་བྱེད་དགོས་ཟེར། 

6.png          

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་།  ཨ་ཁྱུང་། ཁུལ་སྐྱེ་ཁམས་ཁོར་ཡུག རང་བྱུང་ཐོན་ཁུངས། མཁོ་བསྟུན་དོ་དམ། ནགས་རྩྭ། རིག་གནས་གནས་སྐོར། ཆུ་བེད་སོགས་སྡེ་ཁག་དང་རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་མཉམ་དུ་རྟོག་ཞིབ་ལ་ཕེབས་རོགས་གནང་།


མཉམ་སྤྱོད།