དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-25 07:46:33   |   1233

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་དངུལ་རྩའི་ལས་དོན་སྐོར་གྱི་རྣམ་བཤད་གནད་བསྡུས》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད། 

  • ཞིང་ལས་གནས་ཚུལ་གསར་ཤོས་ཀྱི་བཀོད་གཏོང་ལས་མངོན་པར་གཞིགས་ན། མིག་སྔར། ལྷོ་ཕྱོགས་ཀྱི་སྔ་སྨིན་འབྲས་ཀྱི་ལྗང་པ་འདེབས་འཛུགས་ཕྱེད་ཀ་ལྷག་ཙམ་ཚར་བ་དང་། དཔྱིད་གྲོ་དང་། དཔྱིད་རྨོས་མ་རྨོས་ལོ་ཏོག དཔྱིད་འདེབས་སྲན་ཆེན་བཅས་གོ་རིམ་ལྡན་པའི་ངང་འདེབས་འཛུགས་བྱས། རྒྱལ་ཡོངས་སུ་དཔྱིད་འདེབས་འབྲུ་རིགས4.4%ཟིན་ཡོད་པ་རེད། 

  • བཟོ་འཕྲིན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ1པོ་ནས2པའི་བར་ཁེ་ལས་འབྲིང་ཆུང་གི་ཉོ་སྒྲུབ་སྟོན་གྲངས51.4%ཟིན་ནས་མུ་མཐུད་དུ་དར་རྒྱས་ཀྱི་ཁྱབ་ཁོངས(景气期间)སུ་གནས་ཡོད། 

  • ཉེ་ཆར། ནོར་སྲིད་པུ་དང་འཕྲལ་སྡོམ་དོ་དམ་པུ་ཡིས་སྒོར་ཁྲི་4000བཏང་ནས་སི་ཁྲོན་དང་ཡུན་ནན་ཞིང་ཆེན་གཉིས་ཀྱིས་ནགས་ཚལ་མེ་སྐྱོན་དང་ཐན་སྐྱོན་གྱི་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད། 

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་ཚན་རྩལ་གསར་གཏོད་དང་སྒྲིག་སྲོལ་ལམ་སྲོལ་གསར་གཏོད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་བཅས་ཕྱོགས་གསུམ་གྱི་ཐད་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས(新质生产力)སྐྱེད་སྲིང་དང་འཕེལ་རྒྱས་གཏོང་རྒྱུ་རེད། 

  • རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོར་སླེབས་སྐབས། རང་རྒྱལ་གྱིས་རྡོ་སོལ་གཏེར་ཁ་རིག་ནུས་ཅན་གྱི་ཚད་ལྡན་མ་ལག་རགས་ཙམ་བསྐྲུན་རྒྱུ་ཡིན་པ་རེད། 

01.jpg

  • རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། 2023ལོའི་ལོ་མཇུག་བར། རང་རྒྱལ་དུ་ལུས་རྩལ་ར་བ་ཁྱོན་སྡོམ་ཁྲི་459.27ཡོད་པ་རེད། 

  • རྒྱལ་སྲུང་པུས་ཧྥི་ལི་ཕིན(菲律宾)གྱི་རེན་ཨའེ་ཅོ(仁爱礁)ལ་བཙན་འཛུལ་བྱས་པར་ཡ་ལན་བསློགས་ནས་ཧྥི་ལི་ཕིན་ཕྱོགས་ལ་འགལ་བ་ཛ་དྲག་ཏུ་འགྲོ་སྲིད་པ་དང་དུས་བབ་ཇེ་སྡུག་ཏུ་འགྲོ་སྲིད་པའི་གཏམ་བརྗོད་གང་ཡང་སྤེལ་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། དབང་ཆར་བཙན་གནོད་དང་འཁྲུག་རྐྱེན་སློང་བའི་བྱེད་སྤྱོད་མཐའ་དག་སྤེལ་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 

  • ཨུ་རུ་སུའི་མོ་སི་ཁོ་ཀྲོའུ་འཕྲོད་བསྟེན་སྡེ་ཚན་གྱིས་གསར་དུ་བཀོད་པའི་རྨས་མའི་ཆ་འཕྲིན་ལས་མངོན་པ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཚེས24ཉིན་གྱི་ཆུ་ཚོད10པར། མོ་སི་ཁོའི་སྨན་བཅོས་སྒྲིག་གཞི་ཁག་གིས་ཁྱོན་སྡོམ་འཇིགས་སྐུལ་འཇབ་རྒོལ་གྱོད་གཞིའི་རྨས་མ་154བསྡུས་ཡོད་པ་རེད། མིག་སྔར། གནས་སྐབས་རིང་མིང་ཐོའི་ནང་ཀྲུང་གོའི་མི་སྣའི་ཆ་འཕྲིན་ཡོད་པ་ཤེས་རྟོགས་ཐུབ་མེད། 

སྤྱི་ཚོགས། 

02.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཉེན་ཟོན་སྔོན་བརྡ་བཏང་བ་ལྟར་ན། དེ་རིང་། ཨན་ཧུའེ་དང་ཅང་སུའུ། ཧུའུ་པེ(湖北)། ཁྲུང་ཆིང་། ཀྲེ་ཅང་། ཀོང་ཤིས་སོགས་ས་ཁུལ་ཁག་གཅིག་ཏུ་རིམ་པ8ནས་10བར་གྱི་ཐོག་རྒོད་རླུང་ཆེན་དང་སེར་བ་འབབ་པའི་གནམ་གཤིས་འབྱུང་རྒྱུ་རེད། 

  • ཉེ་བའི་ལོ་འགར། རང་རྒྱལ་གྱི་འདུས་འདྲིལ་ནད(结核病)འགོག་བཅོས་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་སྟེ། འདུས་འདྲིལ་གཅོང་ནད་བྱུང་ཚད་མར་ཆག་པའི་མྱུར་ཚད་དེ་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ2ལ་སླེབས་པ་དང་། ནད་པའི་དྲག་སྐྱེད་བྱུང་ཚད་དེ་90%ཡན་ལ་སྲུང་འཛིན་བྱས་ཡོད། 

  • 2023ལོའི་ཟླ12བར། རང་རྒྱལ་གྱི་དྲ་ཐོག་གནས་སྐོར་གྱི་སྔོན་མངགས་འཛད་སྤྱོད་པའི་གཞི་ཁྱོན་མི་དུང་ཕྱུ5.09ཟིན་ཡོད་པ་རེད། 

  • ཚེས23ཉིན། འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྐྱལ་མཆོང་འཛམ་གླིང་བུམ་པའི་པེར་ལིན(柏林)ས་ཚིགས་ཀྱི་འགྲན་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཁྲེན་དབྱི་ཝུན་དང་ལུས་རྩལ་པ་ཅུན་ཅེ་སོ་སོར་བུད་མེད་རྐྱང་པའི་སྨི3དང་སྐྱེས་པའི་རྐྱང་པའི་སྨི10ཡི་ཨང་དང་པོ་ཐོབ་པ་རེད། 

  • ཚེས24ཉིན། 2024ལོའི་ཝུའུ་ཤིས(无锡)མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཧོ་ཅེ་ཡིས་རྒྱལ་ཡོངས་ཀྱི་སྐྱེས་པའི་མ་ལ་སུང་རྒྱང་རྒྱུག་གི་ཟིན་ཐོ་བཏོད་ཡོད་པ་རེད། 

03.jpg

  • ཚེས24ཉིན། སྤྱིའི་ལྗིད་ཚད་ཏུན37000ཙམ་ཟིན་པའི་ཨེ་ཤེ་ཡའི་ཆུ་ཟབ་འདྲེན་སྦུག་དང་པོ་སྟེ“མཚོ་རྨང་ཨང་གཉིས་པ”རྟགས་ཅན་དེ་མཚོ་ཐོག་སྒྲིག་འཇུག་ལས་སྒྲུབ་བྱེད་མགོ་ཚུགས་པ་རེད། 

  • ཉེ་ཆར། ཧྲི་ཧྥང(什邡)རྟགས་ཅན་གྱི“དོམ་ཁྲའི་ཆེད་སྤྱོད་མེ་འཁོར”དེ་ཚོད་ལྟའི་འགྲུལ་སྐྱེལ་ཐོག་མར་སྤེལ་པ་རེད།  

  • དྲ་རྒྱའི་བརྙན་གཟིགས་ཐུང་གྲས《དགེ་རྒན་མ་རྒྱུགས》ཞེས་པར་ཟློས་གར་གྱི་ནང་དོན་ཐ་ཤལ་སོགས་ཀྱི་གནད་དོན་ལྷག་ཡོད་ཅིང་། མིག་སྔར་དྲ་བ་ཡོངས་ནས་གཏོང་མཚམས་བཞག་པ་རེད།  

04.jpg

  • མིག་སྔར། ཤིན་ཅང་ཧྥུའུ་ཧའེ་རྫོང(福海县)གི་ཁ་ལ་མའེ་ལི(卡拉麦丽)རང་བྱུང་སྲུང་སྐྱོང་ཁུལ་གྱི་རྐྱང་གི་གྲངས་འབོར25བར་མང་དུ་ཕྱིན་ཡོད་པ་རེད། 

སྲིད་ཇུས། 

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བསམ་འཆར་བསྡུ་ལེན་མ་ཟིན་ཡོངས་བསྒྲགས་བྱས་ནས་བདེ་འཇགས་སྲུང་ཞྭ་དང་ལྕགས་སྐུད་སོགས་གཙོ་གནད་ཐོན་རྫས་ལ་བཟོ་ལས་ཐོན་རྫས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་དོ་དམ་བྱ་རྩིས་ཡོད་པ་རེད། 

  • མཚོ་སྔོན་གྱིས་ཡིག་ཆ་སྤེལ་ནས་མི་ཐབས་རིག་ནུས་ཐོན་ལས་ཀྱི་གཙོ་གནད་རྣམ་གྲངས་ལ་སྤྱིའི་མ་འཇོག་སྡོམ་འབོར་གྱི20%མི་བརྒལ་བའི་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་དང་རྒྱབ་སྐྱོར་ཐོབ་རྒྱུ་ཡིན་པ་རེད། 

  • སི་ཁྲོན་གྱིས་ཆ་རྐྱེན་དང་མཐུན་པའི5ཡི་ནང་ཚུན་གྱི་མཐོ་སློབ་སློབ་ཐོན་སློབ་མར་གྲངས་གཞིའི་ལག་རྩལ་བཟོ་བཀོད་པ་ཆེད་ལས་ལག་རྩལ་རིམ་པའི་ལག་ཁྱེར་ཐོབ་པ་དང་། རང་བརྟེན་ལས་གཏོད་བྱེད་མཁན་ལ་ལས་གཏོད་ཁ་གསབ་སྒོར10000སྤྲོད་རྒྱུ་ཡིན་པ་རེད། 

དེ་རིང་གི་གནམ་གཤིས། 

05.jpg

  • ཞིན་ཅང་གི་བྱང་ཕྱོགས་དང་ཐེན་ཧྲན་ས་ཁུལ་དང་། བོད་ལྗོངས་ཀྱི་དབུས་ཁུལ། མཚོ་སྔོན་གྱི་ལྷོ་ཁུལ་དང་ནུབ་རྒྱུད། ཀན་སུའུ་ཡི་རྨ་ནུབ་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད།  ཧོང་ཧོའེ(黄淮)ས་ཆ་མང་ཆེ་བ་དང་། ཅང་ཧོའེ(江淮)། ཅང་ཧའེ(江汉)། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ། ཁྲུང་ཆིང་། ཀུའེ་ཀྲོའུ་ཤར་རྒྱུད། ཀོང་ཤིས་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེའི་ནང་། ཨན་ཧུའེ་ནུབ་ལྷོའི་རྒྱུད་དང་། ཧུའུ་པེ(湖北)ཤར་རྒྱུད་དང་ལྷོ་རྒྱུད། ཧུའུ་ནན(湖南)བྱང་རྒྱུད་དང་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།