དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་འགན་འཁྲི་ནན་མོས་དམངས་ཀྱི་ཡིད་སེམས་གསོས།

2024-03-26 14:54:16   |   2129

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་མཐའ་ཚད་སྲུང་ཞིང་། དམངས་འཚོ་འགན་ལེན། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཀྱི་རོགས་སྐྱོབ་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། གཞི་རྩའི་དམངས་འཚོ་འགན་ལེན་དྲ་བ་བརྟན་དུ་གཏོང་བ། རྒན་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བཅས་བྱས་ནས་སྤྱི་ཚོགས་ཞབས་ཞུ་སྔར་བས་སྤུས་ལེགས་ནུས་ཆེ་དང་། དངོས་གནས་དམངས་སྲིད་ལས་དོན་གྱི་འཕེལ་རྒྱས་དེ་དྲོད་དང་ལྡན་པ། སྤུས་ཚད་ཡོད་པ། ཆེས་བདེ་སྐྱིད་ལྡན་པའི་བྱ་གཞག་ཅིག་ཏུ་གྱུར། 

མགྱོགས་མྱུར་དང་གནད་སྨིན་གྱིས་སྤྱི་ཚོགས་རོགས་སྐྱོབ་སྔར་བས་དྲོ་སྐྱིད་ལྡན་པ་བྱུང་ཡོད། གཞི་རྩའི་འཚོ་བའི་རོགས་སྐྱོབ་དང་། ཆེད་དམིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ། དཀའ་བྲེལ་གྱི་སྤྱི་ཚོགས་རོགས་སྐྱོབ་བཅས་གཙོ་བོར་བྱེད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་རྒྱུ་ཁ་གསབ་ཏུ་བྱས་ཏེ། རིམ་པ་དང་རིགས་དབྱེ་བའི་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་མ་ལག་བཙུགས་ཤིང་འཐུས་ཚང་དུ་བཏང་། 2023ལོར། དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི0.66ལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི3221.17སྤྲད། “དགུན་དུས་དྲོ་སྐྱིད་སྐྱེལ་བའི”ཆེད་དོན་རོགས་སྐྱོབ་བྱ་སྤྱོད་ཏན་ཏིག་ངང་ཡག་པོ་བསྒྲུབས་པ་དང་། ཁྲོམ་གཞུང་དུ་ཡུལ་གྱར་སློང་མོ་ཞུ་མཁན་མི་ཐེངས19ལ་སྐོར་ཞིབ་ཁ་ཏ་བྱས་ཤིང་། མི་ཐེངས6ལ་རོགས་སྐྱོབ་བྱས། དབང་པོ་སྐྱོན་ཅན1435ལ་དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཁག་གཉིས་སྒོར་ཁྲི152.81སྤྲད། “བྱིས་པའི་ཁྱིམ་གཞིས”ཀྱི་རྣམ་གྲངས5དོན་འཁྱོལ་བྱས་ནས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་སྤྱི་ཕན་རྣམ་པ་དང་། ཆེད་གཏོགས་རྣམ་པ། སློབ་སྦྱོང་རོལ་རྩེད་རྣམ་པ་བཅས“ཕྱོགས་གསུམ་གཞི་གཅིག”གི་བྱེད་སྒོ་སྤེལ་ཡུལ་ཞིག་བཏོད་ཡོད། རྨང་གཞི་དེའི་ཐོག་མདོ་ལ་རྫོང་གི་བྱིས་པའི་ཕན་བདེ་ཁང་ལེགས་སྒྱུར་དང་སྤུས་ཚད་ལེགས་སུ་གཏོང་བའི་སྒྱུར་བཅོས་ལག་བསྟར་བྱས་ཏེ་སྤྱི་བདེ་ལས་ཁུངས་ལ་དུས་ཐོག་ཏུ་མཐུན་སྦྱོར་བྱས་ནས་མཉམ་སྡེབ་ཐེམ་ཐོ་བཟོས་པ་མ་ཟད། བྱིས་པ་ཐང་བསྐྱུར5ཡི་ཉར་གསོ་ལས་དོན་ལེགས་པོར་བསྒྲུབས།

གཞི་རྩ་སྲུང་བ་དང་ཀུན་ཕན་ལ་སྐུལ་འདེད་བཏང་ནས་རྒན་གསོའི་ཞབས་ཞུ་སྔར་བས་བློ་བདེ་ཡོང་བ་བྱས། “རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སྤྲོ་སྣང་ཡོད་པ། རྒས་དུས་སྨན་བཅོས་ཐུབ་པ”བཅས་ཀྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ནས་རྒན་པའི་ཞབས་ཞུའི་ལྟེ་གནས་ཀྱི་དོ་དམ་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུར་ཤུགས་བསྣན་ཞིང་། རྒན་པའི་ཟས་རོགས་ས་ཚིགས10ལེགས་པོར་བཏོད་དེ“ཟ་ཁང་ཆུང་ངུ”ལ་དྲོ་སྐྱིད་ལྡན་པའི“བདེ་སྐྱིད་ཀྱི་བྲོ་བ”སྤྱོད་ཐུབ་པ་བྱས། རྒན་པ་ལ་འཚམ་པའི་སྒྱུར་བཀོད་རྣམ་གྲངས་གནད་སྨིན་ལག་བསྟར་བྱས་ནས་དཀའ་ངལ་ཡོད་པའི་རྒན་རྒོན་ཁྱིམ་ཚང74ལ་ཕན་པ་ཐོབ་པ་མ་ཟད། ཆ་རྐྱེན་དང་མཐུན་པའི་ནུས་པ་ཤོར་བ་དང་ནུས་པ་ཕྱེད་ཙམ་ཤོར་བའི་རྒན་པ156ལ་ཟས་རོགས་ཞབས་ཞུ་དང་། ཁྱིམ་ཚང་གཙང་སྦྲ། སྨན་བཅོས་རོགས་རམ། ཁམས་གསོ་སོགས་སྒོ་རྩར་ཞབས་ཞུ་བྱས་ཏེ“སྒྱུར་བཀོད་ཆུང་ངུ”ལ་བརྟེན་ནས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་གནད་དོན་ཆེན་པོ་ཐག་གཅོད་བྱས་ཡོད། ལོ70ཡན་གྱི་ལོ་ན་མཐོ་བའི་རྒན་རྒོན་ལ་ལོ་ན་མཐོ་བའི་ཁ་གསབ་སྒོར་ཁྲི337.33སྤྲད་པ་དང་། ལོ60ཡན་གྱི་རྒན་རྒོན་གྱི་བསམ་ཡུལ་ལས་འདས་པའི་གྱོང་གུད་འགན་བཅོལ་ནང་ཞུགས་པའི་ཞབས་ཞུའི་ལས་དོན་མུ་མཐུད་དུ་སྤེལ་ནས་རྫོང་ཡོངས་ཀྱི་རྒན་པ4791ལ་བསམ་ཡུལ་ལས་འདས་པའི་གྱོང་གུད་འགན་བཅོལ་ཉོས་པ་རེད།

དཔེ་སྟོན་དང་ཚད་གཞི་བཟོས་ནས་སྤྱི་ཚོགས་ཀྱི་ཞབས་ཞུ་སྔར་བས་ཁ་ཐག་ཉེ་བོ་བྱས། རྫོང་ཡོངས་ཀྱི་ཐོ་འགོད་བྱས་པའི་སྤྱི་ཚོགས་ཚོགས་པ56དང་། དམངས་གཉེར་ཁེ་ལས་མིན་པའི་ཚན་པ2ཀྱིས་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱིས་སྒྲིག་འགལ་ངང་ཁེ་ལས་དང་འབྲེལ་བའི་གྲོན་བསྡུ་དང་། “རོ་རེངས་ཅན”གྱི་སྤྱི་ཚོགས་རྩ་འཛུགས་གཙང་བཤེར་བཅོས་སྒྲིག ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ལ་རྡུང་རྡེག་དང་བཅོས་སྒྲིག་སོགས་ཀྱི་ལས་དོན་གཙོ་གནད་ཐོག་སྤེལ། གཉེན་སྒྲིག་ཐོ་འགོད་ལ“ཞིང་ཆེན་ནང་ཁུལ་དུ་ཀུན་ཁྱབ་ངང་གཉེར་རྒྱུ”དང་དོན་ཚན4གཅིག་འཐུས་རྣམ་པའི་གཉེར་བ། གཉེན་སྒྲིག་ཐོ་འགོད383བྱས་པ། གཉེན་སྒྲིག་ཁྱིམ་ཚང་གི་འགལ་བ་མི་ཐེངས186འདུམ་འགྲིག་བྱས་པ། ཞིང་ཆེན་ཡོངས་དང་མཉམ་དུ་གཉེན་སྒྲིག་ཐོ་འགོད་ཆ་འཕྲིན་གྱི་རྒྱལ་ཡོངས་དྲ་སྦྲེལ་ཞིབ་བཤེར་ལེགས་འགྲུབ་བྱས། རེས་སྐོར་གསར་བའི་མེ་དུར་ཁུལ་དང་དུར་འཇུག་སྒྱུར་བཅོས་ཁུལ་ལུགས་མཐུན་ངང་ལེགས་སྒྲིག་བྱས་ཤིང་། ས་ཆ་གྲོན་ཆུང་གི་སྐྱེ་ཁམས་དུར་འཇུག72བྱས། རྫོང་ཡོངས་ཀྱི་སྡེ་བ(སྡེ་ཁུལ)50ལ་མཛུབ་ཁྲིད་བྱས་ནས་སྡེ་བ་རིམ་པའི་རྩ་འཛུགས་ལམ་སྲོལ་གྱི་སྒོ་བྱང་དང་། ལས་ཀའི་ལས་དོན། དཔང་ཡིག་དོན་ཚན་བཅས་དང་དེ་བཞིན《ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་ཡིག》དང་། 《འདས་དོན་དང་དགའ་སྟོན་གྱི་སྙན་ཞུ་ལམ་ལུགས》《འདས་དོན་དང་དགའ་སྟོན་སྒྲུབ་གཉེར་གྱི་ཞུ་ཚགས་བརྒྱུད་རིམ》བཅས་ཚད་ལྡན་དུ་བཏང་བ་དང་འབྲེལ་གོ་རིམ་ལྟར་གྲོང་སྲོལ་དམངས་ཆིངས་དང་སྡོད་དམངས་སྤྱི་ཆིངས་ལ་ཁྱོན་ཡོངས་ནས་བཟོ་བཅོས་འཐུས་ཚང་དུ་བཏང་།


མཉམ་སྤྱོད།