དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་རྐང་ཚ་ཡིས་ཁྱིམ་ཚང་ཁྲི་ལ“དཔྱིད་རླུང”དྲོད་ཁོལ་སྐྱེལ།

2024-03-26 15:18:42   |   399

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་པོའི་བྱང་ངོགས་ཀྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་ཆོས་ཚ་གྲོང་ཚོ་རུ་ལུ་གུ་མང་པོ་མ་མོའི་རྗེས་སུ་འབྲངས་ནས་གཟན་རྩྭ་ལ་རོལ་གྱི་ཡོད།  ཉི་འོད་རྩྭ་རར་འཕྲོས་པ་དང་ལྷན་དུ་སྡེ་བའི་ཐང་ཆེན་དུ་ལ་ལུང་བརྒྱུད་ནས་ཡོང་བའི་འབྲོག་པ་མང་པོ་གཅིག་ཏུ་འཛོམས་བྱུང་། “ཚང་མས་དྲིལ་སྒྲོག་དེབ་འཁྱེར་ཡོང་ཡོད་དམ།  དེ་རིང་གི་སྒྲོག་འགྲེལ་མགོ་རྩོམ་རྒྱུ་ཡིན། ཞེས་ཆོས་ཚ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ནོར་བུ་འབུམ་གྱིས་སྡེ་མི་ཡོངས་སར་བཙོག་ཏུ་བཅུག་རྗེས།   སྒྲོག་འགྲེལ་བྱེད་སྒོའི་འབྲེལ་ཡོད་གནས་ཚུལ་ཚང་མར་མཚམས་སྦྱོར་བྱས་པ་དང་།  རྒྱལ་ཁབ་ནུས་ཁུངས་སྡེ་ཤོག་རྐང་རྩ་རྫོང་དུ་བཅའ་སྡོད་བྱས་འི་དཔལ་དགེ་གྲོང་རྡལ་ཆོས་ཚ་སྡེ་བའི་གྲོང་སྡོད་ཧྲུའུ་ཅི་དང་པོ་དབྱང་ཧུང་ཝེ་ཡིས་ཀྲུང་དབྱང་གི་ཡིག་ཆ་དང་པོ་དངོས་སུ་སྒྲོག་འགྲེལ་བྱེད་མགོ་བརྩམས།   དེའི་རྗེས་སུ།  མངགས་གཏོང་ཁང་གི་ཉེན་རྟོག་པ་དང་། དམངས་སྲིད་ཆེད་སྒྲུབ་པ།  ཞིང་གྲོང་དར་སྤེལ་གྱི་ཆེད་སྒྲུབ་པ།  ཁྲིམས་འཛིན་གྱི་ལས་ཀ་བ་ཚང་མས་སོ་སོ་ནས་གློག་འཕྲིན་ཁ་བསླུས་སྔོན་འགོག་དང་། ཞིང་འབྲོག་མང་ཚོགས་ཀྱི་ཟབ་སྦྱོང་།  ཞིང་གྲོང་དར་སྤེལ་གྱི་ལས་དོན།  འགལ་བ་འདུམ་འགྲིག་ལ་སོགས་པའི་ཕྱོགས་ནས་ཚིག་དོན་གསལ་ཞིང་གོ་སླ་བའི་སྒོ་ནས་མང་ཚོགས་ལ་སྒྲོག་འགྲེལ་བྱས།

1.png

ལོ་ཡི་འཆར་གཞི་དཔྱིད་ནས་རྩོམ།  ལས་ལ་རྩོམ་པའི་སྙིང་སྟོབས་མཐོང་།  ལོ་འདིའི་སྡེ་མིའི་ཚོགས་ཆེན་ཐེངས་དང་པོས་བརྒྱུད་སྒྲོག་གི་ནང་དོན་ནི་ཆོས་ཚ་སྡེ་བའི་འཕེལ་རྒྱས་ཁ་ཕྱོགས་དང་བསྒྲུབ་བྱའི་ལས་ཀ་རེད།  “ཅི་ཞིག་སྒྲོག་དགོས་པའི་ཕྱོགས་ནས་སྒྲོག་འགྲེལ་ཚོགས་ཆེན་གྱི་སྔོན་ལ་གྲོང་སྡོད་ལས་བྱེད་དཔུང་སྡེས་སྡེ་གཞུང་ལ་འབྲེལ་བ་བྱས་ནས་གྲོས་ཐེངས་མང་བྱས་ཡོད། ”ཏན་ཏན་ཏིག་ཏིག་གི་སྒོ་ནས་ཏང་གི་སྲིད་ཇུས་མང་ཚོགས་ལ་དྲིལ་སྒྲོག་གནད་ལ་ཁེལ་བ་ཞིག་བྱེད་དགོས་པ་མ་གཏོགས། ད་ལོའི་ཆོས་ཚ་སྡེ་བས་རིག་སྐྱོར་ལས་ཀ་སྤེལ་ཏེ།  སྡེ་བའི་ནང་གི་སྐམས་ཤ་དང་ལུག་ཤའི་ཐོན་ལས་གོང་སྤེལ་ལ་ཚོང་རྟགས་བཟོས་ནས་ཐོ་འགོད་དགོས་པ་དང་། ཟི་ལིང་དུ་སྐམས་ཤ་དང་ལུག་ཤ་ཐད་འཚོང་ཁང་སོགས་འབྲེལ་ཡོད་ལས་ཀ་སྤེལ་བའི་ཕྱོགས་ནས་ཚང་མར་ངོ་སྤྲོད་བྱ་རྒྱུ་དེ་ཡིན། དེ་མིན “ད་ལོར་ང་ཚོའི་སྡེ་བའི་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མ་ཚོར་མཚོན་ན།  སྡེ་སྡོད་ལས་བྱེད་དཔུང་སྡེ་ཡིས་མོས་འཐད་རེས་མིག་བསྐང་དུས་འབྱུང་འགྱུར་གྱི་ལས་ཀ་དང་ལས་ཞུགས་ཕྱོགས་ནས་ང་ཚོས་རོགས་རམ་བྱེད་ཐུབ་པར་རེ་བ་ཡོད་ཅེས་དབྱང་ཧོང་ཝེ་ཡིས་བཤད་བྱུང་།

2.png

2023ལོའི་ཟླ6པར། དབྱང་ཧུང་ཝེ་དཔལ་དགེ་གྲོང་རྡལ་ཆོས་ཚ་སྡེ་བའི་མངགས་ནས་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་བཞེས། 2023ལོའི་ཟླ11པར་ཆོས་ཚ་སྡེ་བར“སྐམས་ཤ་དང་ལུག་ཤ་མངག་ཉོ་ཕྱིར་འཚོང”གཙོ་བྱས་ནས“སྡེ་བ་རེ་ལ་སྤུས་རྟགས་རེ”གཏོད་པའི་འཆར་ཇུས་བཟོས། ལོ་དེའི་ལོ་མཇུག་ཏུ་འཐབ་ཇུས་དེ་ལ་བརྟེན་ནས་སྡེ་བའི་ཐུན་མོང་གི་དཔལ་འབྱོར་ཡོང་སྒོ་སྒོར་ཁྲི163.9ལ་བསླེབས།  དེ་ནི་ང་ཚོའི་ཆོས་ཚ་སྡེ་བ་ཡོངས་ལ་བགོ་རྒྱུ་ཡོད་པའི་ཁེ་སྤོགས་ཐོག་མ་ཡིན་ཟེར།

3.png

གྲུབ་འབྲས་བཟང་བོ་བླངས་རྗེས།  དབྱང་ཧུང་ཝེ་དང་སྡེ་སྡོད་ལས་བྱེད་དཔུང་སྡེ་ཡིས་དེར་འཕྲད་པའི་དཀའ་ངལ་དང་ཐག་གཅོད་ཐབས་བཀོད་ཀྱི་འཆར་གཞི་ཐོག་མ་སྡེ་དམངས་ཚོགས་ཆེན་སྟེང་དུ་ཚང་མར་ཁྱབ་སྒྲོག་བྱས། “ན་ནིང་ང་ཚོའི་སྐམས་ཤ་དང་ལུག་ཤ་བྲིན་འཚོང་གི་འབྲས་བུ་བཟང་ན་ཡང་། ཕུགས་ལ་འདང་བརྒྱབ་ན་ད་དུང་གནད་དོན་མང་པོ་མཆིས།   དཔེར་ན་བྲིན་འཚོང་གི་ཐབས་ལམ་སྔར་ལས་ཡངས་བ་དང་སྙན་གྲགས་ཀྱི་ཁྱབ་རྒྱ་སྔར་ལས་ཆེ་དགོས་པས། ང་ཚོས་དེའི་ཕྱོགས་ནས་ལས་ཀ་མང་པོ་བསྒྲུབ་དགོས།  སླད་ཕྱིན་ང་ཚོས་བཟོ་སྣོན་སྤྱི་གཉེར་ལ་མངག་བཅོལ་དང་། ཟོག་འདྲེན་ཁེ་ལས་ལ་གྲོས་བསྡུར་བྱས་ནས་ད་ལོར་གྲུབ་འབྲས་སྔར་ལས་ལྷག་པ་ཞིག་ལོན་པར་བརྩོན་ལེན་བྱེད་འཆར་ཡོད་ཟེར། ”ལས་ཀར་ནུས་ཤུགས་ལྡན་ན།  ཞབས་ཞུ་ལ་ད་གཟོད་དྲོ་སྐྱིད་ལྡན།   “ང་ཚོས་མུ་མཐུད་དུ་དམངས་ཀྱི་གནས་ཚུལ་དང་། དམངས་ཀྱི་སེམས་འདུན། དམངས་ཀྱི་སེམས་ཁྲལ་བཅས་ལ་རྒྱུས་ལོན་གསལ་བོ་བྱས་ཏེ།  སྒྲོག་འགྲེལ་བྱེད་སྒོ་སྣ་མ་སྣ་ཚོགས་སྤེལ་ནས་མང་ཚོགས་ལ་དོན་བཟང་དང་དངོས་དངོས་བསྒྲུབ་ནས་དཀའ་གནད་སེལ་རྒྱུ་དང་། མང་ཚོགས་ལ་སྲིད་ཇུས་ཀྱི་ཁེ་བཟང་མང་པོ་སྤྱད་དུ་བཅུག་ནས་གྲོང་མིའི་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་གཏང་རྒྱུ་ཡིན་ཟེར། ”


མཉམ་སྤྱོད།