དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱ་གར་གྱི་ཕྱི་འབྲེལ་པུ་ཀྲང་གིས་མཐའ་མཚམས་སྐོར་གཏམ་བཤད་པའི་ཐད།

2024-03-27 10:22:38   |   1383

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས25ཉིན། ཀྲུང་གོའི་ཕྱི་འབྲེལ་པུ་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། ཚེས23ཉིན་རིག་གཞུང་ཞིབ་འཇུག་བྱེད་སྒོར་ཞུགས་སྐབས་རྒྱ་གར་གྱི་ཕྱི་འབྲེལ་པུ་ཀྲང་སུའུ་ཅེ་ཧྲེང་གིས་ཀྲུང་གོ་ཕྱོགས་ཀྱིས་ཉེ་ཆར“ཨ་ལུའུ་ན་ཆར་མངའ་སྡེ” (ཀྲུང་གོའི་བོད་ལྷོའི་ས་ཁུལ)དང་འབྲེལ་བའི་ཐད་འདོད་ཚུལ་བསྟན་པར་གཏམ་བཤད་པ་རེད། གསར་འགོད་པས་དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 

ལིན་ཅན་གྱིས་བསྟན་དོན། ཀྲུང་གོ་དང་རྒྱ་གར་གྱི་ས་མཚམས་དངོས་སུ་གཏན་འཁེལ་བྱས་མྱོང་མེད་ཅིང་། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད། འབྲས་ལྗོངས་རྒྱུད་བཅས་སུ་དབྱེ་ཡོད། ཤར་རྒྱུད་བོད་ལྷོ་ས་ཁུལ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མངའ་ཁོངས་ཡིན། རྒྱ་གར་གྱིས་ཁྲིམས་འགལ་ངང་བཙན་བཟུང་མ་བྱས་གོང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བོད་ལྷོ་ས་ཁུལ་ལ་སྲིད་འཛིན་དོ་དམ་ནུས་ལྡན་བྱས་ཡོད་པས། གཞི་རྩའི་དོན་དངོས་འདི་ཁས་མི་ལེན་པ་བྱེད་མི་རུང་། 

1987ལོར། རྒྱ་གར་གྱིས་ཁྲིམས་འགལ་ངང་བཙན་བཟུང་བྱས་པའི་ཀྲུང་གོའི་མངའ་ཁོངས་སུ“ཨ་ལུའུ་ན་ཆར་མངའ་སྡེ”ཞེས་བཙུགས་པ་དེར། ཀྲུང་གོ་ཕྱོགས་ཀྱིས་སྐབས་དེ་དུས་གསལ་བསྒྲགས་སྤེལ་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་དང་། རྒྱ་གར་ཕྱོགས་ཀྱིས་བྱ་སྤྱོད་དེ་ཁྲིམས་འགལ་དང་རྩིས་མེད་ཡིན་པ་ནན་བཤད་བྱས། ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དེར་འགྱུར་ལྡོག་བྱུང་མེད།


མཉམ་སྤྱོད།