དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སངས་འབུམ་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱ་བར་རྟོག་ཞིབ་བྱས།

2024-03-27 11:08:21   |   639

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3ཚེས26ཉིན། ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་གྱིས་གསེར་ཐང་ཡུལ་ཚོ་དང་མཁར་ཟུར་གསུམ་གྲོང་རྡལ། མདའ་བཞི་རྫོང་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་བཅས་སུ་མདའ་བཞི་རྫོང་གི་བདེ་འཇགས་འཛུགས་སྐྱོང་ལས་དོན་དང་དེ་བཞིན་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས།

 微信图片_20240327114826.jpg

微信图片_20240327114831.jpg

བརྟག་ཞིབ་བྱ་བའི་ཁྲོད། སངས་འབུམ་གྱིས་རྫོང་ཡོངས་ཀྱི་གོང་འོག་བར་གསུམ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། “གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་ཡི་བཅོས་སྒྲིག་བྱེད་པའི”ལས་གཞིའི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གང་ལེགས་ཀྱིས“བྱ་བའི་བྱེད་ཐབས་དྲུག”ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། བདེ་འཇགས་འཛུགས་སྐྱོང་དང་གྲོང་གསེབ་བཅོས་སྐྱོང་ལས་དོན་ཐད་དཔེ་སྟོན་གྱི་ནུས་པ་འདོན་འཐོན་དགོས་པ་བསྟན། 

རྫོང་རིམ་པའི་མགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག ཡུལ་ཚོ་དང་གྲོང་རྡལ་གྱི་འགན་འཁུར་བློ་མཐུན་བཅས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།


མཉམ་སྤྱོད།