མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-29 08:12:37   |   330

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཀྲུང་དབྱང་དམག་ཨུའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་དེ་ཚེས28ཉིན་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་འཚོགས་པ་རེད། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་གནས་སྤར་བའི་མཛད་སྒོར་ཞུགས། 

  • ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་ཁྲིམས་སྲོལ་ཅུས《ཀྲུང་གོ་གུང་ཁྲན་ཏང་ཏང་ནང་གི་ཁྲིམས་སྲོལ་བདམས་བསྒྲིགས(2017ལོ་ནས་2022ལོ་བར)》རྩོམ་སྒྲིག་བྱས་པ་དང་། ཉེ་ཆར་བཅའ་ཁྲིམས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད། 

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ནས་གནས་ཚུལ་འབྱོར་བ་ལྟར་ན། ད་ལོའི་ཟླ1པོ་ནས2པའི་བར་རྒྱལ་ཡོངས་ཀྱི་སྒོ་བསྟེན་སྨན་ཁང་དང་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྨན་རིན་ཐད་ཀར་རྩིས་ཞུ་བྱེད་ཚད་མི་ཐེངས་ཁྲི3200ལྷག་ཙམ་ཟིན་པ་དང་། མང་ཚོགས་ཀྱིས་སྨན་རིན་སྔོན་དུ་སྤྲོད་ཚད་སྒོར་དུང་ཕྱུར257ཉུང་དུ་ཕྱིན་ཡོད་པ་རེད། 

  • ཆུ་བེད་པུས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི60%ཡན་གྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་དེ་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་ཀྱི་ཚད་གཞིར་སླེབས་ཡོད། 

  • བཟོ་འཕྲིན་པུ་སོགས་སྡེ་ཚན་བཞིས་ཇུས་གཞི་པར་འགྲེམས་བྱས་ནས2030ལོར་སླེབས་སྐབས།  སྤྱི་སྤྱོད་མཁའ་འགྲུལ་སྒྲིག་ཆས(通用航空装备)དེ་མཐོ་ཚད་དམའ་བའི་བར་སྣང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱས་ནས་དུང་ཕྱུར་ཁྲི་རིམ་པའི་ཁྲོམ་རའི་གཞི་ཁྱོན་ཞིག་ཆགས་པ་བྱེད་དགོས་ཞེས་བཏོན་པ་རེད། 

  • ཀྲུང་གོ་གྲུ་གཟིངས་བཟོ་ལས་ལས་རིགས་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ1པོ་ནས2པའི་བར་རང་རྒྱལ་གྱི་གྲུ་གཟིངས་བཟོ་བའི་དམིགས་ཚད་ཆེན་པོ་གསུམ་མུ་མཐུད་དུ་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད་པ་རེད། 

  • ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ནས་ཟླ3པའི་ཚེས29ཉིན་ནས་བཟུང་། ཨོ་སི་ཁྲུ་ལི་ཡ་ནས་ནང་འདྲེན་བྱེད་པའི་འབྲེལ་ཡོད་རྒུན་འབྲུམ་ཨ་རག་ལ་ཕམ་ཚོང་རྒྱག་པར་རྒོལ་བའི་དཔྱ་ཁྲལ་དང་ཁ་གསབ་དཔྱ་ཁྲལ་བསྡུ་བ་མཚམས་འཇོག་རྒྱུའི་གཏན་འབེབས་བྱས་པ་རེད། 

  • ཚེས28ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་ནི་ལྷོ་རྒྱ་མཚོའི་གནད་དོན་གྱི་དོ་བདག་ཕྱོགས་ཤིག་མིན་པར་ཀྲུང་གོ་དང་ཧྥི་ལི་ཕིན(菲律宾)རྒྱལ་ཁབ་གཉིས་པོའི་དབར་གྱི་གནད་དོན་ནང་ཞུགས་མི་རུང་ཞེས་བརྗོད་པ་རེད། 

  • ཚེས28ཉིན། “འཚོལ་ཞིབ་ཨང་དང་པོའི(探索一号)”ཚན་རིག་རྟོག་ཞིབ་གྲུ་གཟིངས་ཀྱིས“འབད་འཐབ་པ(奋斗者)”རྟགས་ཅན་གྱི་མི་བཞུགས་ཆུར་འཛུལ་ཡོ་བྱད་བླུགས་ནས་སན་ཡར་ཕྱིར་ལོག་བྱས་ཏེ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ཀྲོ་ཝ་ལུང་ཤུར་གྱི་མཚོར་འཛུལ་ཚན་རིག་རྟོག་ཞིབ་ཐེངས་དང་པོའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད། 

  • ཚེས27ཉིན། རང་རྒྱལ་གྱི་ཅི་ལིན་ཁྲང་པའེ་རི་བོ(吉林长白山)དང་ཧྥུའུ་ཅན་ལུང་ཡན(福建龙岩)སོགས་ས་གཤིས་སྤྱི་གླིང6ལ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང་གི་མཚན་སྙན་དངོས་སུ་ཐོབ་པ་རེད། 

སྤྱི་ཚོགས། 

02.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་བྱེ་རླུང་གི་ཉེན་ཟོན་སྔོན་བརྡ་སྔོན་པོ་བཏང་། མཁའ་རླུང་གྲང་མོ་དང་རླུང་ཆེན་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་དེ་རིང་ནང་སོག་གི་དབུས་རྒྱུད་དང་། ཧེ་ལུང་ཅང་གི་ཤར་རྒྱུད། ཧོ་པེ། པེ་ཅིང་། ཐེན་ཅིན། ཤིན་ཅང་ལྷོ་རྒྱུད་གཤོང་ས་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་བྱེ་རླུང་གི་གནམ་གཤིས་འབྱུང་རྒྱུ་རེད། 

  • ཉེ་ཆར། རིག་གནས་གནས་སྐོར་པུ་ཡིས་ཁེ་ལས་དང་ལས་ཁུངས99དེ2023ལོ་ནས་2025ལོ་བར་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་དཔེ་སྟོན་རྟེན་གཞི་ཡིན་པའི་ངོས་འཛིན་བྱས་པ་རེད། 

  • ཚེས28ཉིན། ཀྲུང་གོའི་རྒྱལ་ཁབ་ཀྱི་སྐྱེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་དེ་སྔའི་རྩལ་ཁྲིད་པ་གཙོ་བོ་ལི་ཐིའེ་ཡིས་ལྐོག་རྔན་བླངས་པ་དང་། ལྐོག་རྔན་སྤྲོད་པ། ལས་ཁུངས་ཀྱིས་ལྐོག་རྔན་སྤྲོད་པ། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ལྐོག་རྔན་ལེན་པ། རྒྱལ་ཁབ་ཀྱི་ལས་བྱེད་མ་ཡིན་པའི་མིར་ལྐོག་རྔན་སྤྲད་པའི་གྱོད་གཞིར་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་པ་རེད། 

  • ཚེས28ཉིན། ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས“རྒྱན་འགྱེད་དང་རྫུས་མ། རྫུན་མའི”གནད་དོན་ཐེར་འདོན་དང་ཐག་གཅོད་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས་ཁྱབ་བསྒྲགས་བྱས་པ་རེད། 

03.jpg

  • ཚེས28ཉིན། 2024ལོའི་ཀྲུང་ཧྭ་ཞུན(中华鲟)གློད་པའི་བྱེད་སྒོ་སྤེལ་མགོ་ཚུགས་ནས་ལོ་ཚད་མི་འདྲ་བའི་ཀྲུང་ཧྭ་ཞུན་ཁྲི20ལྷག་ཙམ་འབྲི་ཆུའི་ནང་བཏང་བ་རེད། 

04.jpg

  • ཀྲོའུ་བྱང་མའི་ཝུའུ་ཏིའི་ཡུས་ཝུན་ཡུང(北周武帝宇文邕)གི་དབུ་བརྙན་གྱི“ཉམས་པ་སོར་ཆུད་རི་མོ”དང་འབྲེལ་ཡོད་གནའ་རྫས་རྟོག་ཞིབ་གྲུབ་འབྲས་ཚེས28ཉིན་དངོས་སུ་ཁྱབ་བསྒྲགས་བྱས། དེ་ནི་རང་རྒྱལ་གྱིས་ཚན་རྩལ་གནའ་རྫས་རྟོག་ཞིབ་ཀྱི་རྣམ་པའི་ཐོག་ནས་གནའ་བོའི་རྒྱལ་པོའི་ངོ་གདོང་སླར་གསོ་བྱེད་ཐེངས་དང་པོ་དེ་ཡིན་པ་རེད། 

  • རང་རྒྱལ་གྱི་ཚན་རིག་པའི་ཚད་རྡུལ་དངོས་ལུགས(量子物理)ཁྱབ་ཁོངས་སུ་ཡར་རྒྱས་ཆེན་པོ་བྱུང་སྟེ། ཐེངས་དང་པོར་འགུག་ཤུགས་ཀྱི་རྡུལ(引力子)དེ་དཀག་འདུས་རྣམ་པའི་དངོས་པོའི(凝聚态物质)ཁྲོད་ཀྱི“བརྙན་ཕབ”ལ་ལྟ་ཞིབ་བྱས་པ་རེད། 

05.png

  • ཀྲེ་ཅང་ཧང་ཀྲོའུ་ཧྥུའུ་དབྱང་ཁུལ་དུ་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་རིགས་གསར་པ་ཞིག་རྙེད་པ་ནི་ཐེན་ཀྲུང་ཧྲན་གྱི་ལྦུ་མགོ་ཤ་མོ(天钟山泡头菌)ཡིན། 

  • ཡུན་ནན་རུའེ་ལི་ཡིས་གློག་སྒུལ་རླངས་འཁོར་ཞིག་དུ་དུག་རྫས་སྦས་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། ཧའེ་ལུའོ་དབྱིན(海洛因)སྤྱི་རྒྱ20ལྷག་ཙམ་གཞུང་བཞེས་བཏང་ཡོད། 

06.gif

  • སི་ཁྲོན་ཅན་དབྱང་གི་ན་གཞོན་ཞིག་ཆུ་ནང་དུ་ལྷུངས་རྗེས་ཉེན་ཁའི་གནས་སུ་གྱར་ཞིང་། ལོ68ལ་སླེབས་པའི་ཕན་ཡུང་ཞན་དང་ལོ61ལ་སླེབས་པའི་ཐན་ཀོང་གིས་གནས་ཚུལ་དེ་མཐོང་མ་ཐག་ལམ་སེང་ཆུ་ནང་དུ་མཆོང་ནས་ནུས་ཤུགས་ཡོད་རྒུས་མི་དེ་བསྐྱབས། 

སྲིད་ཇུས། 

  • ཅང་ཤིས་ཀྱིས་ཟླ4བའི་ཚེས1ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ལས་རིགས་རིགས་གཉིས་ནས་བརྒྱད་བར་གྱི་ལས་རྨས་འགན་བཅོལ་གྲོན་དངུལ་གྱི་ཚད་གཞི་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་གྲོན་དངུལ་གྱི་ཚད་རྨང་གཞིར་བྱས་ནས་གཅིག་གྱུར་ཐོག་20%དམའ་རུ་གཏོང་རྒྱུ་ཡིན་པ་རེད། 

  • ནང་སོག་གིས་ཡིག་ཆ་བཀྲམ་ནས་ཟླ4པའི་ཚེས1ཉིན་ནས་ཟླ12པའི་ཚེས31ཉིན་བར་ལྗོངས་ཡོངས་ཀྱིAརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ80ལ་སྒོ་འཛིན་ཐོག་མ(首道门票)དེ་སྤྲོད་དགོས་ཀྱི་མེད་པ་རེད། 

  • ཧའེ་ནན་གྱིས་དུས་ཡུན་རིང་པོའི་ནང་གྲོང་གསེབ་ཏུ་ལས་ཀ་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཆེ་ཙམ་ཕུལ་བའི་ཚན་རྩལ་དང་སློབ་གསོ། སྨན་བཅོས། རིག་གནས་སོགས་ཀྱི་ཤེས་ལྡན་མི་སྣའི་གོ་མིང་ཞིབ་དཔྱད་གཏན་འཁེལ་དང་ལས་གནས་གདན་ཞུ་བྱེད་སྐབས་ཆ་རྐྱེན་གཅིག་མཚུངས་འོག་སྔོན་ལ་གཟིགས་སྐྱོང་བྱེད་དགོས་པ་ཁ་གསལ་བྱས་ཡོད།  

དེ་རིང་གི་གནམ་གཤིས། 

07.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་རྒྱུད། ཅི་ལིན་གྱི་ཤར་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད། ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད།  ཧེ་ལུང་ཅང་གི་ཤར་རྒྱུད་དང་། ཧྲན་ཏུང་གི་ཤར་རྒྱུད། ཡུན་ནན་གྱི་དབུས་ཤར་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཀོང་ཞི་ཡི་ནུབ་རྒྱུད་ཤར་རྒྱུད། ཀོང་ཏུང་གི་དབུས་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད། 


མཉམ་སྤྱོད།