དེ་རིང་ནི2025ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཁག་དང་པོའི་ཞིང་འཕྲུལ་ཁ་ལོ་བའི་འཛིན་ཡིག་སྤྲད།

2024-03-29 08:43:27   |   196

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་བྱང་ཁུལ་གྱིས་ཡིག་རྒྱུགས་དང་དཔྱད་ཞིབ་བྱས་པ་བརྒྱུད་ཁག་དང་པོའི་ཞིང་འཕྲུལ་ཁ་ལོ་བ68ལ་ཞིང་འཕྲུལ་ཁ་ལོ་བའི་འཛིན་ཡིག་དང་འོས་ཐོབ་དཔང་ཡིག་སྤྲད་པས། ཞིང་འཕྲུལ་བཀོལ་སྤྱོད་པས་འཛིན་ཡིག་འཁྱེར་ནས་ལས་གནས་སུ་བསྐྱོད་ཆོག་པ་མངོན་འགྱུར་བྱུང་།

1.jpg

ཐེངས་འདིའི་ཞིང་འཕྲུལ་ཁ་ལོ་པའི་འཛིན་ཡིག་དང་འོས་ཐོབ་དཔང་ཡིག་སྤྲད་པ་བརྒྱུད། ཞིང་འཕྲུལ་ཁ་ལོ་བའི་འཛིན་ཡིག་མེད་པ་དང་སྒྲིག་འགལ་ངང་འཕྲུལ་ཆས་སྐོར་བ་སོགས་ཀྱི་གནས་ཚུལ་ཉུང་དུ་ཕྱིན་ནས་ཞིང་འཕྲུལ་ཁ་ལོ་བའི་བདེ་འཇགས་འདུ་ཤེས་དང་ཁ་ལོ་བའི་རྩལ་ནུས་སྔར་བས་མཐོ་རུ་ཕྱིན་ཏེ་ཞིང་འཕྲུལ་བདེ་འཇགས་དོན་རྐྱེན་གྱི་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་སེལ་ཡོད།

ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱིས“ཐོན་སྐྱེད་ལ་དོ་དམ་བྱེད་ན་བདེ་འཇགས་ལ་དོ་སྣང་བྱེད་དགོས”ཞེས་པའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཞིང་འཕྲུལ་ཁ་ལོ་བའི་སློབ་གྲྭ་འཛུགས་པར་ཁྲིད་སྟོན་བྱས་ནས་ཁྲིམས་བསྟར་མི་སྣ47ལས་གྲུབ་པའི་ཞིང་འཕྲུལ་ཁ་ལོ་བའི་རྒྱུགས་དཔོན་དཔུང་ཁག་ཅིག་བཙུགས་ཤིང་། ཞིང་འཕྲུལ་ཁ་ལོ་བའི་ཡིག་རྒྱུགས་དང་འོས་ཐོབ་དཔང་ཡིག་སྤྲོད་པའི་བྱ་བ་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་། ཁུལ་ཡོངས་སུ་ཞིང་འཕྲུལ་ཁ་ལོ་བའི་འཛིན་ཡིག་མེད་པའི་གསོ་སྦྱོང་སྒྲིག་གཞིའི་རྣམ་པ་སྔ་མོ་ནས་སེལ་ཏེ་མཚོ་བྱང་ཁུལ་གྱི་ལོ་མང་རིང་གི་ཞིང་འཕྲུལ་ཁ་ལོ་བའི་སློབ་གྲྭའི་སྟོང་ཆ་བསྐངས་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ཡོད།


མཉམ་སྤྱོད།