མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས16ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མདའ་བཞི་རྫོང་དུ་རྟོག་ཞིབ་གནང་།

2024-03-29 15:17:36   |   385

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


1.jpg

ཟླ3པའི་ཚེས28ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་མདའ་བཞི་རྫོང་གསེར་ཐང་ཡུལ་ཚོ་སྟོང་རྟ་སྡེ་བར་ཕྱིན་ནས“ཆུང་བ་དྲུག”གི་བྱ་བའི་བྱེད་ཐབས་དང་སྡེ་བའི་ལོ་རྒྱུས་ཁང་། སྐར་གསོག་ཚོང་ཁང་། རྒན་པ་ལྟ་སྐྱོང་ཁང་བཅས་ཀྱི་གནས་ཚུལ་བཅས་ལ་རྟོག་ཞིབ་གནང་བ་མ་ཟད། སྟོང་རྟ་སྡེ་བའི་སྡོད་ཁང་སྔ་གཞུག་གི་ལྗང་སྒྱུར་གནས་ཚུལ་དང་མདའ་བཞི་རྫོང་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་བཅས་ཀྱི་བྱ་བ་སྒྲུབ་པའི་གནས་ཚུལ་ལ་རྒྱུས་ལོན་བྱས། 

2.jpg

རྟོག་ཞིབ་བྱེད་རིང་། མཁར་ཟུར་གསུམ་གྲོང་རྡལ་སན་ལེན་སྡེ་བའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དྲིལ་བསྒྲགས་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། ཀྲུང་གོ་རྡུལ་ཕྲན་མཁར་གྱི་ན་གཞོན་དང་གཞོན་ནུའི་གསར་བརྗེ་ཞིབ་འཇུག་སྒར་གཞིའི་ཕྱོགས་བསྡུས་ལག་ལེན་ལྟེ་གནས་སུའང་རྟོག་ཞིབ་གནང་།

         3.jpg

ཁུལ་གྱི་མགོ་ཁྲིད་ཧྲི་ཧུང་ཀྲན་དང་ཝང་ཡུང་ཁྲང་། སངས་འབུམ། དེ་མིན་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་དང་མདའ་བཞི་རྫོང་སྲིད་གཞུང་གི་འགན་ཁུར་བློ་མཐུན་རྟོག་ཞིབ་བྱ་བར་ཞུགས།

4.jpg


མཉམ་སྤྱོད།