དེ་རིང་ནི2025ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-04-01 08:13:09   |   323

སྒྲིག་སྒྱུར།  ཁོན་ཐར་ཚེ་རིང་།   ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ4པའི་ཚེས1ཉིན་པར་སྐྲུན་བྱེད་པའི《བདེན་འཚོལ》དུས་ཐེངས་བདུན་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཏེ《ངེས་པར་དུ་མི་དམངས་གཙོ་བོར་འཛིན་དགོས》ཞེས་པ་སྤེལ་རྒྱུ་རེད།

  • ཟླ3པར། ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་སྤྱི་གཉེར་གྱི་སྟོན་གྲངས50.8%ཡིན་པ་དང་། དཔལ་འབྱོར་འཕར་ཚད་ཀྱི་རྣམ་པ་སྔར་བས་ཇེ་ལེགས་སུ་སོང་ཡོད།

  • ཟླ1པོ་ནས2པའི་བར། རང་རྒྱལ་གྱི་ནང་འདྲེན་ཟོག་འགྲེམས་སྡོམ་འབོར་སྒོར་དུང་ཕྱུར་ཁྲི2.9ཡིན་པ་དང་། དུས་མཚུངས་ལས8.7%འཕར་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོ་ནས2པའི་བར། རྒྱལ་ཡོངས་ཀྱི་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར26.1ཡིན་པ་དང་། དུས་མཚུངས་ལས8.1%འཕར་ཡོད།

  • གྲངས་གཞི་ལས་མངོན་པ་ལྟར་ན། 2023ལོའི་ལོ་མཇུག་བར་དུ། རང་རྒྱལ་གྱི་རྒྱལ་ནང་གི་རིན་ཐང་མཐོ་བའི་གསར་གཏོད་ཀྱི་ཁེ་བེད་ཐོབ་ཚད་ཁྲི166.5ཡིན་པ་དང་། “ལྔ་བཅུ་བཞིའི”ཚུན་དུ་ལོ་རེར་ཆ་སྙོམས་ཀྱིས23.3%འཕར་ཡོད།

  • རྒྱལ་ཁབ་རིམས་ནད་ཚོད་འཛིན་ཅུས་ཀྱིས་མིག་སྔར་རང་རྒྱལ་གྱི་མིག་གི་རྒྱང་སྒྲིབ་དང་དེའི་ཤུགས་རྐྱེན་རྒྱུ་རྐྱེན་གྱི་ལྟ་ཞིབ་ཚད་ལེན་རྒྱལ་ཡོངས་ཀྱི་ཆུས་དང་རྫོང་ཚང་མར་ཁྱབ་ཡོད་ཅེས་བསྟན།

  • ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་དཔག་བྱས་ན་ཟླ4པའི་ཟླ་སྨད་དུ། ཧྲིན་ཀྲོའུ(神州)ཨང་རྟགས་བཅོ་བརྒྱད་པའི་མི་སྡོད་འཕུར་གྲུ་འཕེན་གཏོང་དང་། ཧྲིན་ཀྲོའུ་ཨང་རྟགས་བཅུ་བདུན་པའི་ཚོགས་ཆུང་ཕྱིར་ལོག་པར་བསུ་མ་བྱེད་རྒྱུ་རེད།

01.jpg

  • ཟླ3པའི་ཚེས31ཉིན། ཨེ་ཤེ་ཡ་དབུས་མའི་དུས་གཏན་མེ་འཁོར་ཞིག་ཅང་ཞིས་ནན་ཁྲང་ནས་ཨེ་ཤེ་ཡ་དབུས་མར་བསྐྱོད་དེ། དེ་སྔ་རྒྱལ་ཁབ་རྐྱང་པ་ཞིག་ཏུ་སླེབས་པ་དང་མི་འདྲ་བར། དེ་ནི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་བརྒྱུད་དགོས་པ་དང་། དགོས་མཁོར་གཞིགས་ནས་དངོས་ཟོག་འདོན་འཇུག་བྱེད་པའི་ཨེ་ཤེ་ཡ་དབུས་མའི་དུས་གཏན་མེ་འཁོར་ཐོག་མ་རེད།

  • འཇར་པན་ཞའོ་ལིན་སྨན་བཟོ་སྤྱི་གཉེར་གྱི་ཧུང་ཆུས(红曲)མ་བཅོས་རྒྱུ་ཆ་ཚུད་པའི་ལུས་ཁམས་བདེ་སྲུང་ཐོན་རྫས་ཀྱིས་འཛད་སྤྱོད་པའི་བདེ་ཐང་ལ་གནོད་འཚེ་ཕོག་པའི་དོགས་གཞི་ཡོད་པའི་དོན་རྐྱེན་ལ་དམིགས་ནས། འཇར་པན་སྲིད་གཞུང་གིས་ཞའོ་ལིན་སྨན་བཟོའི་ཧུང་ཆུས་མ་བཅོས་རྒྱུ་ཆ་བཟོ་གྲྭར་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་ནས། ཟླ3ཚེས31ཉིན་ནས་ཟླ4ཚེས1ཉིན་བར། ཞིན་ཅང་གི་ལྷོ་རྒྱུད་དང་ཤར་རྒྱུད་དང་། མཚོ་སྔོན་གྱི་ནུབ་བྱང་རྒྱུད། ནང་སོག་གི་ནུབ་རྒྱུད། ཀན་སུའུ་ཡི་དབུས་ནུབ་རྒྱུད་དང་། ཉིང་ཞ་ཡི་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་བྱེ་རླུང་ངམ་ཡང་ན་ཐལ་རྡུལ་གྱི་གནམ་གཤིས་ཐོན་རྒྱུ་རེད།

  • བཟོ་འཕྲིན་པུའི་གཡོ་ཟོལ་ལ་ངོ་རྒོལ་བྱེད་པའི་ཆེད་ལས་ཚན་སྐོར་གྱིས་ལད་ཟློས་བྱས་པའི“མི་སྒེར་གྱི་ཐོབ་ཁྲལ”Appཤེས་རྟོགས་བྱུང་བ་དང་། ཆེད་མཁས་པས་གསལ་འདེབས་བྱེད་དོན། སྦྲེལ་མཐུད་གསལ་པོ་མིན་པར་འཇུག་མི་རུང་བ་དང་། ཆེད་དོན་མི་སྣས་རོགས་བྱས་ནས་ཁྲལ་མང་པོ་ཕྱིར་སློག་པ་ཞེས་པར་ཡིད་ཆེས་བྱེད་མི་རུང་ཟེར།

  • ཉེ་ཆར། ཧྲང་ཧའེ་དང་ཅང་སུའུ། ཀྲེ་ཅང་བཅས་གྲོང་ཁྱེར་གཅིག་དང་ཞིང་ཆེན་གཉིས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་སོ་སོར《འབྲི་ཆུའི་ཟུར་གསུམ་གླིང་གི་སྣོད་བཅུད་ལྗང་མདོག་གཞི་གཅིག་ཅན་གྱི་འཕེལ་རྒྱས་དཔེ་སྟོན་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཟླ5པའི་ཚེས1ཉིན་ནས་བཟུང་ས་ཁུལ་གསུམ་གྱིས་དུས་གཅིག་ཏུ་ལག་བསྟར་བྱེད་རྒྱུ་རེད།

02.jpg

  • ཟླ3པའི་ཚེས31ཉིན། འཛམ་གླིང་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་རྟིང་རྩོད་འགྲན་བསྡུར་གྱི་ཧན་གོའི(韩国)ས་ཚིགས་སུ་ཀྲུང་གོའི་འགྲན་ཞུགས་པ་སུན་དབྱིང་ཧྲ་དང་ལེའང་ཅིང་ཡུ་གཉིས་ཀྱིས་སོ་སོར་བུད་མེད་རྐྱང་རྒྱག་དང་སྐྱེས་པའི་རྐྱང་རྒྱག་གི་ཨང་དང་པོ་བླངས་པ་རེད།

  • 2024ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་མིང་ཐོ་འགོད་པ་ཟླ3པའི་ཚེས31ཉིན་མགོ་བརྩམས་པ་རེད།

03.jpg

  • ཉེ་ཆར། ཞུང་ཨན་ཁུལ་གསར(雄安新区)གྱི་འཛུགས་སྐྲུན་མཐོ་ཤོས་ཀྱི་གྲས་ཏེ། མཐོ་ཚད་སྨི150ཡོད་པའི་ཀྲུང་གོའི་ཀྲུང་ཧ་ཐོག་ཁང་ཆེན་མོའི་གྲུབ་ཆ་གཙོ་བོའི་ཐོག་བཀབ།

  • ཟླ3པའི་ཚེས31ཉིན། ཧྲན་ཏུང་ཝུའེ་ཧའེ(威海)ཉེན་རྟོག་ཕྱོགས་ཀྱིས་ལོ5ཡིན་པའི་བྱིས་པ་ལ་ཉེས་རྡུང་བཏང་ནས་ཤི་རུ་བཅུག་པའི་དོན་རྐྱེན་བརྡ་ཁྱབ་བཏང་བ་དང་། བྱིས་པ་བསད་པའི་དོགས་གཞི་ཅན་ཏེ་བྱིས་པའི་ཨ་མ་དང་མོའི་དགའ་རོགས་གཉིས་ལ་ཉེས་དོན་བཀག་ཉར་བྱས།

  • མིག་སྔར། ཧྲེན་ཀྲེན(深圳)དུ་གློག་སྒུལ་རླངས་འཁོར་གྱི་གློག་གསོག་ས་ཚིགས་དང་ གློག་གསོག་མདའ(充电枪)ཡི་གྲངས་འབོར་དེ་སྣུམ་སྣོན་ས་ཚིགས་དང་སྣུམ་སྣོན་མདའ་ཡི་གྲངས་ཀ་ལས་བརྒལ་བ་མངོན་འགྱུར་བྱུང་ཡོད།

04.jpg

  • ཧྲན་ཏུང་ཡན་ཐའེ(烟台)ཡི་སྐྱེས་པ་ཞིག་ལམ་འགྲམ་དུ་གློ་བུར་དུ་ནད་ཕོག་ནས་ལོག་པ་དང་། སྦྲིད་སྨན་ཚན་ཁག་གི་ནད་གཡོག་པ་ལུའེ་ཀྲའོ་ཅེས་མཐོང་རྗེས་སྐྱེས་པར་སྐར་མ20ལྷག་ཙམ་གྱི་གློ་སྙིང་སླར་གསོ་བྱས་ནས་སྐྱེས་པའི་ཚེ་སྲོག་བདེ་བླག་ངང་སྐྱོབ་ཐུབ་པ་བྱུང་།

སྲིད་ཇུས།

  • ཧྲང་ཧའེ་ཡིས་སྲོལ་ཡིག་ལ་གྲོས་འཆམ་བྱུང་ནས། རྒྱལ་ཁབ་ལས་ཁུངས་དང་བྱ་གཞག་ཚན་པས་ཤོག་བུ་མེད་པར་གཞུང་དོན་སྒྲུབ་པ་ལག་བསྟར་བྱས་ཏེ། ཤོག་བུ་སྤྱོད་ཚད་ཉུང་དུ་གཏོང་དགོས་པ་ཁ་གསལ་བཏོན་ཡོད།

  • ཀྲེ་ཅང་གིས་བརྡ་ཐོ་བཏང་ནས། ལག་རྩལ་སློབ་གླིང་རྩེ་གྲ་བཅུ་བསྐྲུན་ནས་ཐོན་ལས་ཀྱི་ཁྱད་ཆོས་ལྡན་པའི་ལག་རྩལ་བཟོ་པའི་སློབ་གླིང་དང་ཁྱད་ལྡན་ཆེད་ལས་ཁག་གཅིག་གཏོད་དགོས་ཞེས་བཏོན་ཡོད།

  • ཧུའུ་ནན་ཁྲང་ཧྲ་ཡིས་བརྡ་ཐོ་བཏང་ནས། ལོ14མན་གྱི་བྱིས་པས་སློབ་མའི་བྱང་བུ་འཁྱེར་ན་རིན་མེད་ངང་ས་འོག་ལྕགས་ལམ་དུ་སྡོད་ཆོག་པ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

微信图片_2024.jpg

  • ཞིན་ཅང་ཐེན་ཧྲན་ས་ཁུལ་དང་ཞིན་ཅང་ལྷོ་རྒྱུད་ཀྱི་གཞོང་ས། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་ནམ་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། སི་ཁྲོན་གྱི་ཤར་རྒྱུད་དང་། ཁྲུང་ཆིན་གྱི་ས་ཆ་མང་ཆེ་བ། ཀུའེ་ཀྲོའུ་ཡི་ཤར་རྒྱུད། ཧུའུ་པེའི་ནུབ་རྒྱུད་དང་ལྷོ་རྒྱུད། ཧུའུ་ནན་གྱི་ས་ཆ་མང་ཆེ་བ། ཅང་ཞིའི་ས་ཆ་མང་ཆེ་བ་དང་བྱང་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་བྱང་རྒྱུད། ཀོང་ཏུང་གི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།