མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས25ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

བོད་ཀྱི་སྣམ་བུ་རྒྱལ་སྤྱིའི་གར་སྟེགས་ཐོག་སླེབས་པ།

2024-04-01 09:35:44   |   645

 རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3ཚེས26ཉིན་པེ་ཅིང་དུ་གཉེར་བའི་ཀྲུང་གོ་རྒྱལ་སྤྱིའི་གྱོན་ཆས་གཟའ་འཁོར་བྱེད་སྒོའི་ཐོག བོད་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་ཀྱིས་སྐྱེ་བོའི་མིག་དབང་འཕྲོག་པར་བྱས་ཡོད། ད་ཐེངས་ཀྱི་གར་སྟེགས་ཐོག་མངོན་པའི་གྱོན་ཆས་མང་ཆེ་བ་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་སྣམ་བུ་རྒྱུ་ཆ་གཙོ་བོར་བྱས་ཏེ་ཇུས་འགོད་ཀྱི་འདུ་ཤེས་གསར་པར་བརྟེན་ནས་བཟོ་ལྟ་དཔེ་གསར་བཟོས་པ་བརྒྱུད། བོད་རིགས་ཀྱི་སྲོལ་རྒྱུན་དང་དེང་རབས་ཀྱི་དར་སྲོལ་གསར་པ་མཉམ་འདྲེས་ཡག་པོ་བྱས་པ་ཞིག་ཡིན་ཞིང་། དེས་བོད་ལྗོངས་ཀྱི་སྲོལ་རྒྱུན་གྱོན་ཆས་ཐོན་ལས་དེ་ཁྱད་ལྡན་ཅན་དང་དར་སྲོལ་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད།

1.jpg

 ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ཁྱད་ཆོས་འདུས་པའི་གྱོན་གོས་འདི་དག་ནི་ཧུའུ་ནན་སུའུ་པའེ་གྱོན་གོས་ཀྱི“2023ལོའི་གཅེས་ཉར། བོད་ལྗོངས”ཞེས་པའི་མུ་འབྲེལ་ཐོན་རྫས་ཀྱི་གྱོན་གོས་ཁག་གཅིག་ཡིན། ཚོང་རྟགས་འདིའི་ཇུས་འགོད་པ་མཱ་ཀོའེ་ཡིས་ཧུའུ་ནན་བོད་སྐྱོར་རུ་ཁག་ཀྲུའུ་ཀྲོའུ་ལས་དོན་ཚོགས་ཆུང་དང་མཉམ་དུ་སྣམ་བུའི་ཕ་ས་ཞེས་སུ་གྲགས་པའི་གྲ་ནང་རྫོང་དུ་ཕྱིན་ནས་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་རྗེས། ས་གནས་དེ་གའི་མ་བཅོས་རྒྱུ་ཆ་དང་དེ་བཞིན་ལག་ཤེས་བཟོ་རྩལ་དང་ཟུང་འབྲེལ་གཏིང་ཟབ་བྱས་ཏེ། མི་རིགས་ཀྱི་གྱོན་གོས་རིག་གནས་ཀྱི་ནང་དོན་རྒྱུན་འཛིན་དང་གསར་གཏོད་བྱ་རྒྱུའི་ཐད་འཚོལ་ཞིབ་བྱས་ཡོད། མཱ་ཀོའེ་ཡིས་གསར་འགོད་པར། 2024ལོའི་སྟོན་དགུན་དུས་ཚིགས་གཉིས་ཀྱི་ཤོམ་སྟོན་གྱོན་གོས་བཟོ་དབྱིབས་བཟོས་ཚར་རྗེས། ཚོགས་པ་སླར་ཡང་བོད་ལྗོངས་སུ་བསྐྱོད་ནས་སྣམ་བུའི་རྒྱུ་ཆ་ཉོ་སྒྲུབ་དང་མཉམ་ལས་གཏིང་ཟབ་བྱས་ཏེ། གྱོན་ཆས་ཐོན་ལས་འཕེལ་རྒྱས་གཏོང་བར་བརྟེན་ནས་བོད་སྐྱོར་ལས་དོན་ལ་གཞོགས་འདེགས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

2.jpg

བྱེད་སྒོ་སྤེལ་ཡུལ་དུ། ཧུའུ་ནན་བོད་སྐྱོར་རུ་ཁག་ཀྲུའུ་ཀྲོའུ་ལས་དོན་ཚོགས་ཆུང་གིས་ཆེད་དུ་ཤོམ་སྟོན་བྱ་ཡུལ་དུ་ཕེབས་པའི་སྐུ་མགྲོན་ལ་བོད་ལྗོངས་ཀྱི་ཁྱད་ལྡན་གྱོན་ཆས་ཐོན་རྫས་གྲ་སྒྲིག་བྱས་ཡོད་པ་དང་མ་ཟད། འབྲེལ་ཡོད་ཁྱབ་གདལ་བྱེད་སྒོ་ཡང་སྤེལ་ཡོད། ཧུའུ་ནན་བོད་སྐྱོར་རུ་ཁག་ཀྲུའུ་ཀྲོའུ་ལས་དོན་ཚོགས་ཆུང་གི་མགོ་འཛིན། གྲ་ནང་རྫོང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རྒྱུན་ལས་རྫོང་དཔོན་གཞོན་པ་ཆིན་ཀྲི་མིང་གིས། བོད་སྐྱོར་རུ་ཁག་གིས་ད་ཐེངས་ཀྱི་བྱེད་སྒོ་འདི་གོ་སྐབས་སུ་བྱས་ཏེ། གྲ་ནང་གི་སྣམ་བུའི་ཐོན་ལས་འཕེལ་རྒྱས་ཏན་ཏིག་དང་སྤུས་ཀ་ལེགས་པོ། རྒྱ་སྟོབས་ཆེ་བ་བཅས་ཡོང་བ་བྱ་རྒྱུ་དང་། རྗེས་ཕྱོགས་ཀྱི་འབྲེལ་མཐུད་ལས་དོན་དང་ཁེ་ལས་ཀྱི་ཞབས་ཞུའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། སྣམ་བུའི“རྒྱལ་སྤྱིའི་ཕུགས་འདུན”ཐུན་མོང་ཐོག་གཏོད་རྒྱུ་ཡིན་ཞེས་གསུངས་ཡོད།

3.jpg


མཉམ་སྤྱོད།