དེ་རིང་ནི2025ལོའི་ཟླ02པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མདོ་ལ་རྫོང་གིས་ཞང་གྲོང་ཏང་གི་སློབ་གྲྭའི་འཛུགས་སྐྲུན་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་བྱས་པ།

2024-04-01 09:51:59   |   188

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་ཞང་གྲོང་གི་ཏང་གི་སློབ་གྲྭ་འཛུགས་སྐྲུན་བྱེད་པ་དེ་གཞི་རིམ་ཏང་ཡོན་གྱི་སློབ་གསོ་བྱ་བའི་ལས་དོན་གལ་ཆེན་ཏུ་བརྩིས་པ་དང་།  གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱེད་པ་དང་ཐོན་ལས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། རང་ས་གནས་ཀྱི་ཁྱད་ཆོས་ལ་རྐང་འཛུགས་པའི་བྱེད་ཐབས་གསུམ་ལ་བརྟེན་ནས། ཞང་གྲོང་གི་ཏང་གི་སློབ་གྲྭ་འཛུགས་སྐྲུན་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་བྱས་ཏེ། རོང་འབྲོག་པའི་ཏང་ཡོན་སློབ་གསོའི་སློབ་སྦྱོང་གི་རྣམ་པ་གསར་པ་བཏོད།

གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱས་ཏེ། གཞི་གཅིག་ཅན་གྱི“གསར་བརྗེའི་སློབ་གླིང”གསར་སྐྲུན་བྱས། ཞང་གྲོང་ཏང་གི་སློབ་གྲྭ་སོ་སོས་ནུབ་སྐྱོད་དམར་དམག་བཅིངས་འགྲོལ་དམག་གི་འབུམ་ཤོག་གཉིས་པའི་རྗེས་དྲན་གླིང་དང་ཧོང་ཧྥན་སིའི་དམག་འཁྲུག མཁར་དམར་གནའ་མཁར་སོགས་གནའ་ཤུལ་དང་འབྲེལ་བའི་གསར་བརྗེའི་གཏམ་རྒྱུད་སྔོག་འདོན་ཟབ་མོ་བྱས་པ་བརྒྱུད།“དངོས་ཡོད+དངོས་སྤྱོད+དངོས་ཕན”བཅས་ཀྱི་རྩ་དོན་ལྟར། “ཆེད་དོན་ཏང་གི་སློབ་ཁྲིད+ཡུལ་དངོས་སློབ་ཁྲིད+ཏང་གི་སློབ་ཁྲིད་ཐུང་གྲས+ཏང་གཤིས་སློབ་གསོ+ལྟ་སྐོར་མྱོང་རྟོགས+ལྗོངས་རྣམ་ལད་ཟློས”བཅས་གནས་དྲུག་གཞི་གཅིག་གི་སློབ་ཁྲིད་མ་དཔེ་གྲུབ་པར་བྱས་ཏེ། རྒྱ་ཆེའི་ཏང་ཡོན་གྱིས་གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་ཁྲོད་ཏང་གཤིས་སྦྱོང་བརྡར་དང་བྱེད་སྟངས་ཁག་ཁུར་བྱེད་པར་སློབ་གསོ་བཏང་།

ཐོན་ལས་ལེགས་ཆ་འདོན་སྤེལ་བྱས་ཏེ། དངོས་སྦྱོང་ཅན་གྱི“ཞིང་ཚིགས་སློབ་ཁང”གསར་སྐྲུན་བྱས། ནང་དུ་སོང་ན་སློབ་ཁང་དང་ཕྱིར་ཐོན་ན་ཡུལ་དངོས་ཀྱི་བླང་བྱ་ལྟར། ནོར་ནག་ཐོན་ལས་མཉམ་འབྲེལ་སྒྲིག་གཞི་དང་མདོ་ལའི་འབྲོག་ལུག མདོ་ལའི་ཤྭ་མོ་སེར་པོ། ནགས་གླའི་ཐོན་ལས་སོགས་ཐོན་ཁུངས་ལེགས་ཆར་ཟུང་འབྲེལ་བྱེད་པ་དང་། སློབ་གསོའི་བྱེད་ཐབས་གསར་གཏོད་བྱེད་པ། གསོ་སྤེལ་ཁྱིམ་ཆེན་དང“ཡུལ་ཕྱོགས་ཀྱི་རིགས་གཅིག་མཁས་པ” “ཤེས་ཡོན་ཅན”། ཕྱུག་བསྒྱུར་འཇོན་མི་སོགས་ཤེས་ཡོན་པ་ཞང་གྲོང་གི་ཏང་གི་སློབ་གྲྭའི་དགེ་འོས་མི་སྣའི་གྲལ་དུ་འཇོག་པ་དང་། སློབ་ཁང་དུ་གཞུང་ལུགས་འཆད་པ་དང་ཕྱི་རུ་ལག་ལེན་བྱེད་པའི་ཐབས་ལམ་བརྒྱུད་དེ། ཏང་ཡོན་མང་ཚོགས་ཀྱི“རིག་པའི་སྒོ་མོ”འབྱེད་པའི་ཞོར་དུ“ཁུག་མ་ཇེ་མཐུག”ཏུ་གཏོང་བར་ཡང་རོགས་རམ་བྱས། མིག་སྔའི་བར་དུ་བསྡོམས་པས་རིགས་སོ་སོའི་སློབ་ཁྲིད་བྱ་འགུལ་ཐེངས32སྤེལ་བ་དང་། རིམ་བསགས་ཀྱིས་སྦྱོང་བརྡར་ཐོབ་པའི་ཏང་ཡོན་མི་ཐེངས700ལྷག་ཡོད།

རང་ས་གནས་ཀྱི་ཁྱད་ཆོས་ལ་རྐང་བཙུགས་ཏེ། ཕྱོགས་སྒྲིལ་ཅན་གྱི“སློབ་གསོའི་ཟོང་རྟགས”གསར་སྐྲུན་བྱས། ཞང་གྲོང་སོ་སོས་སྡེ་བའི་ལོ་རྒྱུས་ཁང་དང་རིག་གནས་ཐང་ཆེན།“ཏང་ཀྲི་པུ་རྩ་འཛུགས་འཚོ་བའི་མཉམ་རོལ་བྱེད་གནས”སོགས་ལ་བརྟེན་ནས་རྟེན་གཞི་འཛུགས་སྐྲུན་དང་། བཙུན་མོ་གཞུང་གྲོང་རྡལ་ཁ་གཟེབ་ལུང་བ་སྡེ་བའི་ལོ་རྒྱུས་ཁང་དང་མཁར་དམར་གྲོང་རྡལ་མཁར་དམར་སྡེ་བའི་ཏང་དམངས་ཞབས་ཞུ་ལྟེ་གནས། རྫ་དམར་ཞང་སྒོ་མེ་སྡེ་བའི་དམངས་སེམས་དྲ་མིག་སོགས་ཁྱད་ལྡན་སློབ་ཁྲིད་ས་ཚིགས་བཙུགས་པར་མ་ཟད།“ཏང་གི་སློབ་གྲྭ+རྟེན་གཞི”ཡི་གསོ་སྦྱོང་བྱེད་ཡུལ་གྱི་མཉམ་འབྲེལ་སྒྲིག་གཞི་ཆགས་པར་བྱས་ཐོག  རང་རང་གི་ཁྱད་ཆོས་དང་སྣ་མང་ཕུན་སུམ་ཚོགས་པའི་སློབ་སྒྲུབ་ཁྱད་ཆོས་མངོན་ཏེ། རོང་འབྲོག་པའི་ཏང་ཡོན་གྱིས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་ལག་ལེན་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་།


མཉམ་སྤྱོད།