དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཇུ་ལག་རྫོང2023ལོའི་ཀྲུང་གོའི་ཆེས་མཛེས་པའི་རྫོང་ཁོངས་ལ་བདམས།

2024-04-01 11:05:41   |   280

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉིན་ཤས་གོང་། "2023ལོའི་ཀྲུང་གོའི་ཆེས་མཛེས་པའི་རྫོང་ཁོངས་ཀྱི་མིང་ཐོ"དེ་སྐབས་བཅུ་དགུ་པའི་ཀྲུང་གོའི(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ཉོ་ཚོང་ཚོགས་འདུའི་བརྗོད་དོན་གལ་ཆེན་ཡིན་པའི་ཆ་ནས་ཧྲེན་ཀྲེན་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་རྫོང་དང་གྲོང་ཁུལ105ཡི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། འཇུ་ལག་རྫོང་མིང་ཐོའི་ནང་བདམས་ཐོན་བྱུང་།

ཀྲུང་གོའི་ཆེས་མཛེས་པའི་རྫོང་ཁོངས་ཀྱི་མིང་ཐོའི་དཔྱད་འདེམས་ནི་ཀྲུང་གོ་དཔལ་འབྱོར་བཅོས་སྒྱུར་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི2023ལོའི་ཀྲུང་གོའི་རྫོང་ཁོངས་དངོས་མང་སྟོན་ཚོགས་ཀྱི་ཕྲེང་བསྟར་བྱེད་སྒོའི་གྲས་ཤིག་རེད། ཀྲུང་གོའི་ཆེས་མཛེས་པའི་རྫོང་ཁོངས་དཔྱད་འདེམས་ནི་འགྱུར་ལྡོག་རང་བཞིན་ཅན་གྱི་མིང་ཐོ་ཞིག་ཡིན་ཞིང་། དེ་ནི་ཞིབ་འཇུག་གི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་དང་བསྟུན་ནས་ལེགས་སྒྲིག་བྱེད་བཞིན་ཡོད།

དཔྱད་འདེམས་བྱེད་པར་རྫོང་ཁོངས་ཀྱི་སྐྱེ་ཁམས་ཀྱི་མཛེས་པ་དང་མི་ཆོས་ཀྱི་མཛེས་པ། ཐོན་ལས་ཀྱི་མཛེས་པ་བཅས་གདེང་འཇོག་གི་ཚད་གཞིར་འཛིན་པ་དང་། དེ་ནི་ཚོང་ལས་རྒྱུ་རྐྱེན་གྱིས་ཤུགས་རྐྱེན་མི་ཐེབས་པའི་སྤྱི་ཕན་མིང་ཐོ་ཞིག་རེད། "མཛེས་པའི་ཀྲུང་གོ"ཡི་འདུ་ཤེས་སྐྱེད་སྲིང་བྱེད་པ། ས་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་དང་སྲིད་ཇུས་ལག་བསྟར་བྱེད་པའི་ཁྲིད་སྟོན་འོག ཀྲུང་གོའི་ཆེས་མཛེས་པའི་རྫོང་ཁོངས་མིང་ཐོ་ཁྱབ་བསྒྲགས་བྱེད་པའི་དོན་སྙིང་དང་དམིགས་ཡུལ་ནི་མཛེས་པ་ཤེས་རྟོགས་དང་མཛེས་པ་ཁྱབ་སྤེལ། མཛེས་པ་གསར་སྐྲུན། མཛེས་པ་ལོངས་སྤྱོད་བཅས་བྱས་ཏེ། གནས་སྐོར་བ་དུང་ཕྱུར་མང་པོར་གདམ་ག་བྱས་ཆོག་པའི་གནས་སྐོར་བྱ་ཡུལ་སྔར་ལས་མང་བ་མཁོ་འདོན་བྱེད་པ་དང་། ས་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་དང་ས་ཁོངས་དཔལ་འབྱོར་དར་སྤེལ་གཏོང་བར་རམ་འདེགས་བྱ་ཆེད་རེད།


མཉམ་སྤྱོད།