དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-04-02 08:11:18   |   1287

སྒྲིག་སྒྱུར།  ཁོན་ཐར་ཚེ་རིང་།   ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཟླ4པའི་ཚེས1ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ལ་བདམས་ཐོན་བྱུང་བའི་ཕུའུ་ལ་པོ་ཨོ(普拉博沃)དང་གྲོས་མོལ་གནང་།

  • བཟོ་འཕྲིན་པུའི་གྲངས་གཞི་ལས་མངོན་པར། ཟླ1ནས2པའི་བར། རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར17050ཡིན་པ་དང་། དུས་མཚུངས་ལས11.9%འཕར་ཡོད།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ4པའི་ཚེས1ཉིན་ནི་ད་ལོའི་འབྲུབ་ཆུ་རྒྱས་པའི་དུས་ཚོད་ཡིན་པ་དང་། ལོ་མང་གི་ཆ་སྙོམས་ཀྱི་འབྲུབ་ཆུ་རྒྱས་པའི་དུས་ཚོད་དང་གཅིག་མཚུངས་ཡིན།

  • རྒྱལ་ཁབ་གནས་སྤོ་ཡུལ་མི་དོ་དམ་ཅུ་ཡིས་ཚེས1ཉིན་སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་རྒྱལ་ཡོངས་ཀྱི་འགག་སྒོར་ཉིན་རེར་ཆ་སྙོམས་ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི178ཐོན་རྒྱུ་ཡིན་པ་དང་། ན་ནིང་གི་དུས་མཚུངས་ལས74.5%འཕར་རྒྱུ་རེད།

  • 2023ལོར་རང་རྒྱལ་གྱི་མ་བཅོས་རྡོ་སོལ་ཐོན་འབོར་ཏུན་དུང་ཕྱུར47.1ཡིན་པ་དང་། དུས་མཚུངས་ལས3.4%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད།

  • ཀྲུང་དབྱང་དངུལ་ཁང་གིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2023ལོར་རང་རྒྱལ་གྱིས་སྒུལ་བདེའི་གཏོང་སྤྲོད་ལས་སྒོ་ཁྱོན་དུང་ཕྱུར1851.47ཐག་གཅོད་བྱས་པ་དང་། དུས་མཚུངས་ལས16.81%འཕར་ཡོད།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་དུ་འཛམ་གླིང་ས་གཤིས་སྤྱི་གླིང6གསར་སྣོན་བྱུང་ནས། སྡོམ་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

  • ཉེ་ཆར། རྒྱལ་ཁོངས་ཀྲུང་གོ་ཡིན་པའི་འབར་མའི(缅甸)གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཉེས་གསོག་དོགས་ཅན་མི352རང་རྒྱལ་ལ་རྩིས་སྤྲད་བྱས།

  • ཕྱི་འབྲེལ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཕ་ཁི་སི་ཐན་གྱི་ཏ་སུའུ(巴基斯坦达苏)རྣམ་གྲངས་ཀྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཀྲུང་གོ་ཕྱོགས་ཀྱི་མི་སྣའི་སྐུ་ཕུང་ཚེས1ཉིན་ཕ་ཁི་སི་ཐན་གྱི་དམག་སྤྱོད་གནམ་གྲུས་མེས་རྒྱལ་ལ་ཕྱིར་བསྐྱལ་ཡོད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཁ་གཏད་རྒྱུ་བའི་གནམ་གཤིས་ཀྱི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན། དེ་རིང་། ཧུའུ་པེའི་ལྷོ་རྒྱུད་དང་། ཧུའུ་ནན་དབུས་བྱང་རྒྱུད། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་གི་དབུས་བྱང་རྒྱུད། ཀུའེ་ཀྲོའུ་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་རིམ་པ8ནས10ཡི་ཐོག་གློག་རླུང་ཆེན་ནམ་ཡང་ན་སེར་བ་འབབ་པའི་གནམ་གཤིས་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་གཞུང་དོན་ཁང་དང་སྤྱི་བདེ་པུ། ཞིང་ལས་གྲོང་གསེབ་པུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་བཅས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། ས་གནས་ཁག་གིས་དུས་ཡུན་ཟླ་བ8རིང་གི་ཤ་རིགས་ཐོན་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུ་རེད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས1ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་འཁོར་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཏུན་རེར་སྒོར200དང་སྒོར190སོ་སོར་མཐོ་རུ་བཏང་།

  • ཟླ3པར། ཀན་སུའུ་ཐེན་ཧྲུའེ་གྲོང་ཁྱེར(天水市)གྱིས་རིམ་རྩིས་བྱས་ན་གནས་སྐོར་བ་མི་ཐེངས་ཁྲི464ལ་སྣེ་ལེན་ཞུས་པ་དང་། ལོ་གོང་མའི་དུས་མཚུངས་ལས64.8%འཕར་ཡོད།

02.gif

  • ཚེས1ཉིན། ཀྲུང་གོའི་འགྲན་ཞུགས་པ་ཧོའུ་ཀྲི་ཧུའེ(侯志慧)ཡིས2024ལོའི་ལྗིད་འདེགས་འཛམ་གླིང་བུམ་པའི་བུད་མེད་ཀྱི་སྤྱི་རྒྱ49རིམ་པའི་འགྲན་བསྡུར་ནང་འཛིན་འདེགས་ཕྱོགས་ཀྱི་གསེར་གྱི་རྟགས་མ་བླངས་པ་མ་ཟད་འཛམ་གླིང་གི་ཟིན་ཐོ་ལས་བརྒལ་བ་རེད། དགྱེ་འདེགས་དང་སྤྱིའི་སྐར་གྲངས་ཀྱིས་དངུལ་གྱི་རྟགས་མ་བླངས།

  • ཚེས1ཉིན་གྱི་ཆུ་ཚོད12པར། རྨ་ཆུའི་ཉིང་ཞ(宁夏)དུམ་བུ་ནས་ཧའེ་ཁོའུ་བར་དུས་ཡུན་ཟླ་བ་བཞིའི་ཉ་འཛིན་མཚམས་འཇོག་པའི་དུས་སུ་སླེབས་པ་དང་། རྨ་ཆུའི་ས་ཁོངས་ཧྲིལ་པོ་དེ་ནས་བཟུང་ཉ་འཛིན་མཚམས་འཇོག་པའི་དུས་སུ་སླེབས་ཡོད།

03.jpg

  • ཚེས1ཉིན། རྨ་ཆུ་རྒྱུག་ཁུལ་དུ་ས་བབ་མཐོ་ཤོས་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་ཆུ་ཤུགས་གློག་ཁང་ཆེ་ཤོས་ཏེ། མར་ཐང(玛尔挡)ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་དང་པོ་དྲ་སྦྲེལ་གློག་གཏོང་བཞིན་ཡོད་པ་རེད།

04.jpg

  • ཚེས1ཉིན། དམག་འཁྲུག་ཁྲོད་ཨ་རིའི་དམག་དཔུང་གི་འཕུར་སྐྱོད་པ་གྲགས་ཅན་མར་ལྷུང་དུ་འཇུག་མཁན་གྱི་མཁའ་དམག་གི“རིམ་པ་གཉིས་པའི་དམག་འཐབ་དཔའ་བོ”ཧན་ཏེ་ཚའེ(韩德彩)སྐུ་གཤེགས་པ་དང་དགུང་ལོ91ཡིན།

640.gif

  • ཅང་སུའུ་ནན་ཅིང་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་ཐོག་གློ་བུར་དུ་སྙིང་ནད་ཕོག་པའི་ནད་པ་ཞིག་འཕྲལ་བསྟུན་འཁོར་ལམ་དུ་སྡོད་སྐབས། བུད་མེད་འགྲིམ་འགྲུལ་ཉེན་རྟོག་པ་སུན་མིང་ཧྭ(孙铭华)ཡིས་འཕྲལ་ཐག་ཆོད་པོས་ནད་པར་བྲང་ཁོག་བསྟུད་མར་མནན་མཐར་ནད་པ་སྨན་བཅོས་བྱེད་པར་བསྐྱལ་བ་དང་རྒྱུན་གཏན་ལྟར་སླར་གསོ་བྱུང་ཡོད།

སྲིད་ཇུས།

  • ཧྲང་ཧའེ་ཡིས་བརྡ་ཐོ་བཏང་ནས་འཛད་སྤྱོད་པས་ཆ་རྐྱེན་དང་མཐུན་པའི་ལྗང་མདོག་རིག་ནུས་ཁྱིམ་སྤྱོད་གློག་ཆས་ཉོས་ནས་ཁ་གསབ་མཐོ་ཤོས་སྒོར1000ལོངས་སྤྱོད་བྱེད་ཆོག་པའི་བརྡ་ཐོ་བཏང་།

  • སི་ཁྲོན་ཁྲེང་ཏུའུ་ཡིས་བརྡ་ཐོ་བཏང་ནས་སྤྱིར་བཏང་གི་སྨན་བཅོས་འགྲོ་གྲོན་དེ་ལས་བཟོའི་སྨན་བཅོས་འགན་བཅོལ་སྒོ་བསྟེན་གྱི་སྤྱི་འདོམས་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ནས་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • ཧེ་ལུང་ཅང་ཧའར་པིན(哈尔滨)གྱིས་བརྡ་ཐོ་བཏང་ནས་དམག་ཞབས་ཐིམས་པའི་དམག་མིས་གསར་དུ་བསྐྲུན་པའི་ཚོང་སྒྱུར་སྡོད་ཁང་ཐོག་མའམ་ཡང་ན་གཉིས་པ་ཉོས་པར་ཐེངས་གཅིག་གི་ཁང་པ་ཉོ་བའི་ཁ་གསབ་སྒོར་ཁྲི3ཐོབ་རྒྱུ།

དེ་རིང་གི་གནམ་གཤིས།

05.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཞིན་ཅང་གི་ལྷོ་རྒྱུད་ཀྱི་གཞོང་ས། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ས་ཆ་མང་ཆེ་བ། ཀན་སུའུ་ཡི་ལྷོ་རྒྱུད་དང་། སི་ཁྲོན་གྱི་ནུབ་རྒྱུད་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། ཧྲའན་ཞིའི(陕西)བྱང་ཤར་རྒྱུད་དང་། ཧྲན་ཞིའི(山西)དབུས་རྒྱུད། ཧོང་ཧོའེ(黄淮)ལྷོ་རྒྱུད། ཅང་ཧོའེ(江淮)ཡི་ས་ཆ་མང་ཆེ་བ། ཅང་ཧན།(江汉) ཅང་ནན(江南)གྱི་དབུས་བྱང་རྒྱུད། སི་ཁྲོན་གཤོང་སའི་ཤར་རྒྱུད། ཁྲུང་ཆིང་གི་ས་ཆ་མང་ཆེ་བར་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད།



མཉམ་སྤྱོད།