དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐབས23པའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་ཟླ7པའི་ཚེས7ཉིན་སྤེལ་རྒྱུ་རེད།

2024-04-02 09:28:03   |   1404

རྩོམ་སྒྲིག སངས་རྒྱས་སྐྱིད།  ཡོང་ཁུངས། མཚོ་སྔོན་པོ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུས་ལོན་པ་ལྟར་ན། ཟླ3པའི་ཚེས30ཉིན། མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྒྲིག་འཛུགས་ཨུ་ལྷན་གཞུང་དོན་ཁང་གིས་ཟི་ལིང་གྲོང་ཁྱེར་ཤིན་ཉིང་ཐང་ཆེན་དུ2024ལོའི་སྐབས་ཉེར་གསུམ་པའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་གྱི་ལྡོག་རྩིས་དུས་ཚོད་ཉིན100ཡི་མགོ་ཚུགས་མཛད་སྒོ་བསྡུས་པ་དང་། སྐབས་ཉེར་གསུམ་པའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་དེ2024ལོའི་ཟླ7པའི་ཚེས7ཉིན་མགོ་འཛུགས་རྒྱུ་རེད།

1.jpg

 བྱེད་སྒོ་སྤེལ་ཡུལ་དུ་མང་ཚོགས་ཀྱི་ལུས་རྩལ་འགྲེམས་འཁྲབ་ཡོད་པ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་དང་། ཁེ་ལས་ཀྱི་འོས་སྦྱོར། ཚོང་དོན་བྱེད་སྒོ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་ཡང་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱིས་ལུས་རྩལ+”མཉམ་འདྲེས་འཕེལ་རྒྱས་ཀྱི་སྟོན་མོར་རོལ་མྱོང་བྱས་ཆོག་པ་རེད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུ་ཡིས་ཁྱབ་གདལ་བཏང་བའི“ཀྲུང་གོའི་སྙིང་སྟོབས•ལུས་རྩལ་སྟོབས་ཤུགས”ཀྱི་སྐོར་སྐྱོད་འགྲེམ་སྟོན་ཡང་བྱེད་སྒོ་སྤེལ་ཡུལ་དུ་མཉམ་དུ་འགྲེམ་སྟོན་བྱས། མཚོ་སྐོར་འགྲན་སྡུར་གཉེར་བ་དེས་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་རྒྱུ་དང་ཐོན་ལས་ཀྱི“ཁུལ་བཞི”བསྐྲུན་རྒྱུ་དང་། དུས་རབས་གསར་པའི་མཐོ་སྒང་གི་ལུས་རྩལ་སྟོབས་ཆེའི་ཞིང་ཆེན་བསྐྲུན་པར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།

2.jpg

 སྐབས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་བྱེད་སྒོ་ལ་མཚོན་ན། སྒྲིག་འཛུགས་ཨུ་ལྷན་གྱིས་མགོ་ཚུགས་མཛད་སྒོར་ཉིན100ལས་མེད་པའི་མཚམས་འདི་ནས་བཟུང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་། དྲ་ཐོག་རི་མོ་བསྡུ་རུབ་ཀྱི་འགྲན་སྡུར། དང་བླངས་པ་བསྡུ་ལེན། མཚོ་སྐོར་འགྲན་སྡུར་གྱི་ཅ་ཉན་ཧྭ་སོགས་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་དུ་སྤེལ་རྒྱུ་ཡིན་པ་རེད།

བྱེད་སྒོ་དེ་དག་མཚོ་སྐོར་འགྲན་སྡུར་སྒྲིག་འཛུགས་ཨུ་ལྷན་དང་། ཞིང་ཆེན་ལུས་རྩལ་ཅུ། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱ་རྒྱུ་དང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་མི་དམངས་སྲིད་གཞུང་དང་། ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུ། ཟི་ལིང་གྲོང་ཁྱེར་རིག་གནས་གནས་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུ། ཞིང་ཆེན་ལུས་རྩལ་འགྲན་སྡུར་དོ་དམ་ལྟེ་གནས། མཚོ་སྔོན་ལུས་རྩལ་འགྲན་སྡུར་ཚད་ཡོད་འགན་འཁྲི་སྤྱི་གཉེར་བཅས་ཀྱིས་གཉེར་འགན་འཁུར་རྒྱུ་རེད།


མཉམ་སྤྱོད།