དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་སློབ་ལག་ལེན་སློབ་གསོ་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་མདའ་བཞི་རྫོང་དུ་འཚོགས།

2024-04-02 09:25:44   |   1326

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་ཁག་གཉིས་པ་དང་གསུམ་པའི་ཞིང་ཆེན་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་སློབ་ལག་ལེན་སློབ་གསོ་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་མདའ་བཞི་རྫོང་ཀྲུང་གོའི་རྡུལ་ཕྲན་མཁར་ན་གཞོན་གསར་བརྗེའི་ཞིབ་སློབ་སྒར་ས་རུ་འཚོགས་པ་དང་། ཞིང་ཆེན་སློབ་གསོ་ཐིན་གྱི་ཏང་ཙུའི་ཁོངས་མིའམ་ཐིན་ཀྲང་གཞོན་པ་དབྱང་ཧའོ་རན་གྱིས་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་དང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧ་ཝུན་ཞིག་མཛད་སྒོར་ཞུགས། ཞིང་ཆེན་སློབ་གསོ་ཐིན་གྱི་ཏང་འཛུགས་དང་ཆབ་སྲིད་ཁྲུའུ་ཡི་ཁྲུའུ་ཀྲང་ཡན་གོ་ལེན་གྱིས་མཛད་སྒོར་གཙོ་སྐྱོང་གནང་།

01.png

མཛད་སྒོའི་ཐོག  སངས་འབུམ་གྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཚབ་བྱས་ནས་མཛད་སྒོར་ཞུགས་པའི་མགོ་ཁྲིད་རྣམ་པ་དང་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ཆེ་ཞུས། ཁོང་གིས་བསྟན་དོན། ཐེངས་འདིའི་སྒོ་བྱང་འགེལ་བའི་མཛད་སྒོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་རྒྱུན་མི་ཆད་པའི་གསར་གཏོད་ཀྱི་ནུས་པར་བསྒྱུར་དགོས་ཞེས་པའི་དགོངས་དོན་གལ་ཆེན་ལག་ལེན་ཏུ་བསྟར་པ་ཞིག་དང་། ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཁྲིན་ཀང་གིས་རྡུལ་ཕྲན་མཁར་རྟེན་གཞིའི་བཟོ་ལས་གནའ་ཤུལ་བེད་སྤྱོད་གཏིང་ཟབ་བྱས་ནས་གསར་བརྗེའི་གནས་སྐོར་ཡག་པོ་གཉེར་དགོས་པའི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་དོན་ཆེན་ཞིག་ཀྱང་ཡིན་ལ། མདའ་བཞི་རྫོང་གིས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་འབྱུང་ཁུངས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། ཞིང་ཆེན་སློབ་གསོ་ཐིན་གྱི་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་སློབ་ལག་ལེན་སློབ་གསོའི་བྱ་འགུལ་ལག་ལེན་དོན་འཁྱོལ་བྱེད་པ་དང་། ཁུལ་ཨུའི་མཚོ་བྱང་ནི་དུས་རབས་གསར་བའི་རྒྱལ་ཡོངས་གསར་བརྗེའི་སློབ་གསོ་རྟེན་གཞི་རུ་བསྐྲུན་པའི་བྱ་བ་གལ་ཆེན་ཞིག་ཀྱང་ཡིན། མདའ་བཞི་རྫོང་གིས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཀྱི་གསར་བརྗེའི་རྩ་བ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་ཡག་པོ་བྱས་ནས་མི་འགྱང་བར་གནས་འདི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པའི་གཡུལ་ས་གལ་ཆེན་ཞིག་ཏུ་བསྒྱུར་བ་དང་། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་ན་གཞོན་གསར་བརྗེའི་ཞིབ་སློབ་སྒར་ས་ཡག་པོར་བསྐྲུན་ནས་དུས་རབས་གསར་པའི་མཚོ་སྔོན་གྱི་སློབ་གསོའི་གཏམ་རྒྱུད་ཡག་པོ་བརྗོད་པའི་སྒེལ་ཁུང་གལ་ཆེན་ཞིག་དང་། མཚོ་སྔོན་གྱི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་དུ་འཛུགས་སྐྲུན་ཡག་པོ་བྱས་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་གསར་བརྗེའི་མིང་བྱང་ཞིག་ཏུ་བསྒྱུར་དགོས་པ་བསྟན།

02.png

དབྱང་ཧའོ་རན་གྱིས་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས། གཅིག་ནས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་དགོས་པ་དང་། ཞིབ་སློབ་ལག་ལེན་གྱི་སློབ་གསོའི་ངེས་གནས་ཁ་གསལ་བཟོ་དགོས་པ། ས་གནས་སོ་སོའི་སློབ་གསོའི་སྡེ་ཁག་གིས་ས་ཁོངས་ནང་གི་རྟེན་གཞི་དང་སྒར་ས། སློབ་ཕྱིའི་བྱ་འགུལ་སྤེལ་ཡུལ་སོགས་ནས་ཞིབ་སློབ་ལག་ལེན་གྱི་སློབ་གསོ་སྤེལ་བར་མཛུབ་ཁྲིད་བྱ་དགོས། སློབ་གྲྭ་འབྲིང་ཆུང་གིས་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིབ་སློབ་ལག་ལེན་སློབ་གསོ་དེ་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་ཀྱི་འཆར་གཞིའི་ནང་འཇུག་པ་དང་། ཕྱོགས་བསྡུས་ལག་ལེན་བྱ་འགུལ་གྱི་སློབ་ཚན་ལ་སྤྱི་འདོམས་བསམ་གཞིག་བཏང་ནས་སློབ་གསོ་ལག་ལེན་ཞིབ་འཇུག་དང་སློབ་གྲྭའི་སློབ་ཁྲིད་གཉིས་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ལག་ལེན་གྱིས་མི་སྣ་གསོ་སྐྱོང་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་དགོས། གཉིས་ནས་མཉམ་སྐྲུན་མཉམ་སྤྱོད་ལ་ཤུགས་བསྣན་ནས་སློབ་གྲྭའི་སློབ་གསོ་དང་སློབ་ཕྱིའི་སློབ་གསོའི་ཐོན་ཁུངས་གཅིག་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་ཁག་དང་སློབ་གྲྭ་ཁག་གིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། སྤྱི་འདོམས་མཐུན་སྦྱོར་དང་ཐོན་ཁུངས་བསྡུ་སྒྲིལ་སྒོས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ལག་ལེན་སློབ་གསོའི་རྟེན་གཞི་དང་སྒར་ས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་།  སློབ་གྲྭའི་ཕྱི་ནང་གི་སློབ་གསོའི་ཐོན་ཁུངས་ནུས་ལྡན་ངང་མཉམ་འདྲེས་ཐུབ་པ་བྱེད་དགོས། རྟེན་གཞི་ཁག་དང་སྒར་ས་ཁག་གིས་མི་སྣ་གསོ་སྐྱོང་གི་གཞི་རྒྱུ་སྔོག་འདོན་གང་ལེགས་བྱས་ཏེ། ཞིབ་སློབ་ལག་ལེན་གྱི་སྤུས་ལེགས་ལམ་ཐིག་འཆར་འགོད་བྱེད་པ་དང་། སློབ་མར་འཚམ་པའི་ཉམས་ལེན་རང་བཞིན་དང་ལག་ལེན་རང་བཞིན་གྱི་སློབ་ཁྲིད་དང་བྱ་འགུལ་ཞིབ་འཇུག་གསར་སྤེལ་བྱེད་པ། ཞིབ་སློབ་ལག་ལེན་བྱ་སྤྱོད་དང་སློབ་སྦྱོང་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། གསུམ་ནས་བྱ་བའི་འགན་འཁྲི་ཁ་གསལ་བཟོས་ཏེ་ཞིབ་སློབ་ལག་ལེན་གྱི་སློབ་གསོ་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་དགོས། ས་གནས་ཁག་གི་སློབ་གསོ་སྡེ་ཁག་གི་ཆེད་བསྐོས་མི་སྣས་ཞིབ་སློབ་ལག་ལེན་གྱི་སློབ་གསོའི་ལས་དོན་ལ་འགན་འཁུར་བ་དང་། སློབ་གྲྭ་འབྲིང་ཆུང་གི་ཞིབ་སློབ་ལག་ལེན་སློབ་གསོའི་ལས་དོན་ལ་གཅིག་གྱུར་བཀོད་སྒྲིག་དང་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། དུས་ཐོག་ཏུ་ཇུས་གཞི་དང་འཆར་གཞི་བཟོ་དགོས། རིམ་བཞིན་དོ་དམ་ཚད་ལྡན་དང་འགན་འཁྲི་ཁ་གསལ། གྲོན་དངུལ་མཉམ་འཁུར། བདེ་འཇགས་འགན་སྲུང་བཅས་ཀྱི་ཞིབ་སློབ་ལག་ལེན་སློབ་གསོའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། བཞི་ནས་ནང་དོན་འཕེལ་རྒྱས་གཏོང་རྒྱུར་སྣང་ཆེན་བྱས་ནས་ཞིབ་སློབ་ལག་ལེན་སློབ་གསོའི་བྱ་འགུལ་རྩ་འཛུགས་ཡག་པོ་བྱེད་དགོས། ས་གནས་ཁག་གི་སློབ་གསོའི་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྟེན་གཞིའི་ནང་འཇུག་ཚད་གཞི་དང་། ཕྱིར་འཐེན་ལམ་སྲོལ། གདེང་འཇོག་མ་ལག་བཅས་འཛུགས་དགོས་པ་དང་། རྟེན་གཞི་དེ་བརྟེན་ས་གལ་ཆེན་དུ་བྱས་ཏེ། ཐོན་ཁུངས་མཉམ་སྤྱོད་དང་ས་ཁོངས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དཔེ་སྟོན་རང་བཞིན་གྱི་ཞིབ་སློབ་ལག་ལེན་སློབ་གསོའི་སྤུས་ལེགས་ཀྱི་ལམ་ཕྱོགས་ཁག་གཅིག་བཏོད་དེ་ཁྱབ་བཀོད་ལུགས་མཐུན་དང་ཕན་ཚུན་སྦྲེལ་མཐུད་ཀྱི་ཞིབ་སློབ་ལག་ལེན་སློབ་གསོའི་དྲ་བ་ཞིག་རིམ་བཞིན་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་།

03.png

མཛད་སྒོའི་ཐོག  ཚོགས་ཞུགས་མགོ་ཁྲིད་ཀྱིས་ཁག་གཉིས་པ་དང་གསུམ་པའི་ཞིང་ཆེན་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་སློབ་ལག་ལེན་སློབ་གསོའི་རྟེན་གཞིའི་མཚན་སྙན་ཐོབ་པའི་ལས་ཁུངས15ལ་གཅིག་སྡུད་ཐོག་སྒོ་བྱང་སྤྲད་པ་དང་། སྒར་སའི་ཕྱོགས་བསྡུས་ལག་ལེན་ལྟེ་གནས་ཀྱིས་མདའ་བཞི་རྫོང་ཀྲུང་གོའི་རྡུལ་ཕྲན་མཁར་གྱི་ན་གཞོན་དང་གཞོན་ནུའི་གསར་བརྗེའི་ཞིབ་སློབ་སྒར་སའི་སྒོ་བྱང་གི་ཡོལ་བ་ཕྱེས།

04.png

མཛད་སྒོ་མཇུག་སྒྲིལ་རྗེས། ཚོགས་ཞུགས་མི་སྣས་ཀྲུང་གོའི་རྡུལ་ཕྲན་མཁར་གྱི་ན་གཞོན་དང་གཞོན་ནུའི་གསར་བརྗེའི་ཞིབ་སློབ་དང་གནས་སྐོར་དྲིལ་བསྒྲགས་འོས་སྦྱོར་གྱི་བརྙན་འཕྲིན་ལ་གཟིགས་པ་མ་ཟད། སྔ་རྗེས་སུ་ཀྲུང་གོའི་རྡུལ་ཕྲན་མཁར་གྱི་ན་གཞོན་དང་གཞོན་ནུའི་གསར་བརྗེའི་ཞིབ་སློབ་སྒར་སའི་ཕྱོགས་བསྡུས་ལག་ལེན་ལྟེ་གནས་དང་མདའ་བཞི་རྫོང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཉམས་ལེན་ཁང་། རྡུལ་ཕྲན་མཁར་གྱི་དྲན་གསོ་ཁང་བཅས་ལ་གཟིགས་སྐོར་གནང་། ཐེངས་འདིའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ་དེས་མདའ་བཞི་རྫོང་གི་ཞིབ་སློབ་ལག་ལེན་སློབ་གསོའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ་མ་ཟད། རྒྱ་ཆེའི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་སྔར་ལས་ཀྱང་སློབ་སྦྱོང་གི་ལས་སྟེགས་ཤིག་མཁོ་འདོན་བྱས་ཡོད། མདའ་བཞི་རྫོང་གིས་ཞིབ་སློབ་ལག་ལེན་སློབ་གསོའི་ཁྱབ་ཁོངས་ཀྱི་ལེགས་ཆ་མུ་མཐུད་དུ་འདོན་སྤེལ་བྱས་ནས་གསར་གཏོད་ཀྱི་སྙིང་སྟོབས་དང་ལག་ལེན་གྱི་ནུས་པ་ལྡན་པའི་ཤེས་ལྡན་པ་མང་བོ་ཞིག་གསོ་སྐྱོང་བྱེད་པར་ནུས་པ་འབུལ་རྒྱུ་རེད།

05.png

ཐེངས་འདིའི་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་གཙོ་སྒྲུབ་དང་། ཀྲུང་གོའི་རྡུལ་ཕྲན་མཁར་ན་གཞོན་དང་གཞོན་ནུའི་ཞིབ་སློབ་རྟེན་གཞིས་འགན་སྒྲུབ་བྱས་ཡོད། ཞིང་ཆེན་སློབ་གསོ་ཐིན་གྱི་ལས་བགོས་འགན་འཁུར་བློ་མཐུན་དང་གཞན་ཡང་འབྲེལ་ཡོད་ཁྲུའུ་དང་ཁང་གི་འགན་འཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་སོ་སོའི་སློབ་གསོ་ཅུའི་ལས་བགོས་འགན་འཁུར་བློ་མཐུན། མདའ་བཞི་རྫོང་གི་ཚན་ཁག་ཆེན་པོ་བཞི་ཡི་འགན་འཁུར་བློ་མཐུན་གཙོ་བོ། ཁག་གཉིས་པ་དང་གསུམ་པའི་ཞིང་ཆེན་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་སློབ་ལག་ལེན་སློབ་གསོའི་རྟེན་གཞིའི་འགན་འཁུར་བློ་མཐུན་གཙོ་བོ། མདའ་བཞི་རྫོང་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་། རྫོང་ཨུའི་སྡེ་ཁག་སོ་སོ། རྫོང་མི་དམངས་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་མཛད་སྒོ་སྟེང་ཞུགས་ཡོད།


མཉམ་སྤྱོད།