མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

གཏམ་བཟང་། བྱིས་པར་རིན་མེད་ངང་མིག་ནད་བདེ་སྲུང་སྐོར་གྱི་ནད་བརྟག་སྨན་བཅོས་བྱ་རྒྱུ་རེད།

2024-04-02 10:22:13   |   1520


སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


དུས་རབས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཡར་རྒྱས་དང་བསྟུན་ནས། གློག་རྡུལ་ཐོན་རྫས་ཁྱབ་གདལ་སོང་བ་དང་། དེ་བཞིན་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཉེ་སྒྲིབ་དང་རྒྱང་སྒྲིབ།  མིག་ཤེས་ཞན་པ་སོགས་ཀྱི་སྣང་ཚུལ་འབྱུང་བཞིན་ཡོད་པ་དང་། ན་གཞོན་ཁྲོད་དུ་སྣང་ཚུལ་འདི་དག་སྔར་བས་མང་བས་ཁྱིམ་ཚང་མང་པོ་ཞིག་ལ་དཀའ་ངལ་ཚད་མེད་འཕྲད་ཀྱིན་ཡོད།

1.png

མཚོ་བྱང་ཁུལ་མ་བུ་བདེ་སྲུང་དང་འཆར་ལྡན་བུ་བཙའི་ཞབས་ཞུ་ལྟེ་གནས་ཀྱིས་རིན་མེད་ངང་བྱིས་པའི་མིག་ཤེས་ལ་བརྟག་དཔྱད་དང་། རིན་མེད་ངང་རྒྱང་སྒྲིབ་ཉེ་སྒྲིབ་ལ་ཕྱོགས་བསྡུས་སྨན་བཅོས། རྒྱང་སྒྲིབ་ཉེ་སྒྲིབ་སྔོན་འགོག་དང་ཚད་ལྡན་མཛུབ་ཁྲིད་སོགས་བྱིས་པའི་མིག་དང་མིག་ཤེས་བདེ་སྲུང་སྐོར་གྱི་ཞབས་ཞུའི་རྣམ་གྲངས་རབ་དང་རིམ་པ་དམིགས་སུ་བཀར་ནས་མཁོ་འདོན་བྱ་རྒྱུ་རེད།

微信图片77.png

འདི་ནས་ང་ཚོས་ཁྱེད་ཀྱི་ཕྲུ་གུར་རིན་མེད་ངང་མིག་ཤེས་བརྟག་དཔྱད་བྱེད་རྒྱུ་ཡིན་ལ། ཚན་རིག་དང་མཐུན་པའི་བརྡར་གཅོད་དང་གསོ་རིག་སྨན་བཅོས་ཀྱི་བསམ་འཆར་ཀྱང་བཏོན་ནས་སྔ་མོ་ནས་ནད་བཅོས་བྱེད་པར་སྟབས་བདེ་བསྐྲུན་རྒྱུ་ཡིན།

འདི་ནས་ང་ཚོས་ཁྱེད་ཀྱི་བྱིས་པར་ཉེ་སྒྲིབ་རྒྱང་སྒྲིབ་སྔོན་འགོག་གི་ཞབས་ཞུ་ཚད་ལྡན་མཁོ་འདོན་བྱ་རྒྱུ་ཡིན་ཏེ། ཉེ་སྒྲིབ་རྒྱང་སྒྲིབ་ཏུ་མི་འགྱུར་བར་སྔ་མོ་ནས་ཐེ་གཏོགས་བྱ་རྒྱུ་ཡིན།

འདི་ནས་ང་ཚོས་ཁྱེད་ལ་ཆེད་ལས་ཀྱི་མཛུབ་ཁྲིད་དང་མིག་སྤྱོད་གོམས་གཤིས་སྐོར་སློབ་སྟོན་བྱ་རྒྱུ་ཡིན་ཏེ། འཚོ་བའི་གོམས་གཤིས་ངན་པས་མིག་ལ་གནོད་འཚེ་བཟོ་རྒྱུ་ཉུང་དུ་གཏོང་རྒྱུ་ཡིན།

3.png

མིག་ནི་སེམས་ཀྱི་སྒེའུ་ཁུང་ཡིན་པ་དང་། མིག་ནི་མིའི་རིགས་ཀྱི་ཁ་ཕྱོགས་སྟོན་པའི་གློག་སྒྲོན་ཡིན་ཏེ། ང་ཚོ་ལ་མདུན་སྐྱོད་ཀྱི་ལམ་ཁ་གསལ་བར་བསྟན་ཅིང་། མུན་ནག་གི་འཇིག་རྟེན་གསལ་བར་བྱས། མཚོ་བྱང་ཁུལ་མ་བུ་བདེ་སྲུང་དང་འཆར་ལྡན་བུ་བཙའི་ཞབས་ཞུ་ལྟེ་གནས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་ཀུན་སློང་གིས་ཁྱེད་ཀྱི་ཕྲུ་གུའི་འོད་སྣང་ལྡན་པའི་འབྱུང་འགྱུར་ལ་རམ་འདེགས་བྱ་རྒྱུ་ཡིན། 

བློ་འདྲིའི་ཁ་པར། 0970—8642783

འབྲེལ་གཏུག་བྱ་ཡུལ། སྨན་པ་ཧྲེན་ལགས།

སྔོན་མངགས་ཨང་གྲངས། 13309706547

ས་གནས། མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དམག་དཔོན་ལམ་དང་པོའི་ཁུལ་བུད་མེད་དང་འཆར་ལྡན་བུ་བཙའ་ལྟེ་གནས་ཀྱི་ཐོག་སོ2པའི་བྱིས་པའི་མིག་ནད་བདེ་སྲུང་ཚན་ཁག


མཉམ་སྤྱོད།