མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

​མཚོ་བྱང་ཁུལ་དང་ཟི་ལིང་གྲོང་ཁྱེར་བར་རྫོང་རིམ་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་གནས་འཛུགས་སྐྲུན་གྱི་མཉམ་འགུལ་ལམ་སྲོལ་བཙུགས།

2024-04-02 15:22:53   |   1839

སྒྲིག་སྒྱུར། དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།  བཤེར་འབེབས།  རིན་ཆེན་ཚེ་རིང་།


མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་གནས་གྱི་དཔེ་སྟོན་སྣེ་ཁྲིད་དང་ཟི་ལིང་གྲོང་ཁྱེར་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་གནས་ཀྱི་ལྟེ་བའི་གྲོང་ཁྱེར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། ས་གནས་གཉིས་ཀྱིས་རང་ངོས་ཀྱི་ལེགས་ཆ་དང་ལས་ཀའི་དོན་དངོས་ལ་གཞིགས་ཏེ། རིགས་མི་འདྲ་བའི་ས་ཁོངས་ཀྱི་ཞིང་ཕྱུགས་ལས་ཀྱི་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱུང་བར་ཐབས་ལམ་དང་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ནུས་ལྡན་བྱས་ཤིང་།  རྫོང་དང་ཆུས་བར་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་གནས་འཛུགས་སྐྲུན་བྱེད་པའི་རྫོང་རིམ་པའི་མཉམ་འགུལ་ལམ་སྲོལ་ཆགས་པར་སྐུལ་འདེད་བཏང་། 

མཚོ་བྱང་ཁུལ་མདོ་ལ་རྫོང་དང་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ། མཚོ་བྱང་ཁུལ་མདའ་བཞི་རྫོང་དང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ། མཚོ་བྱང་ཁུལ་འཇུ་ལག་རྫོང་དང་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ། མཚོ་བྱང་ཁུལ་རྐང་ཚ་རྫོང་དང་ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་བཅས་དབར་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཁུལ་འཛུགས་སྐྲུན་བྱེད་པའི་རྫོང་རིམ་པའི་མཉམ་འགུལ་ལམ་སྲོལ་བཙུགས། བྱེད་ཐབས་དེས་མཚོ་བྱང་ཁུལ་གྱི་རྫོང་བཞིའི་བོད་ལུག་དང་འབྲི་གཡག ནས། ལོག་དཀར་སོགས་ཀྱི་སོན་བཟང་རྒྱུད་སྤེལ་དང་རིགས་རྒྱུད་གསར་སྣོན། ཐོན་སྐྱེད་དོ་དམ། ལག་རྩལ་ཞབས་ཞུ། ཞིང་ཕྱུགས་ཐོན་ལས་ཀྱི་ལེགས་ཆ་དང་ཟི་ལིང་གྲོང་ཁྱེར་གྱི་མཁར་བཞིའི་འགྲིམ་འགྲུལ་ཟོག་འགྲེམས་དང་། ཞིབ་ཚགས་ལས་སྣོན། ཁྲོམ་ར་ཁྱབ་གདལ། ལག་རྩལ་ཤེས་ལྡན་མི་སྣ་བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། མཚོ་བྱང་ཁུལ་དང་ཟི་ལིང་གྲོང་ཁྱེར་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་གནས་འཛུགས་སྐྲུན་བྱེད་རིང་རྫོང་དང་ཆུས་སྔོན་དུ་སྐྱོད་པ་དང་སྔོན་ལ་ཚོད་ལྟ་བྱེད་པ།  ཉམས་མྱོང་གསོག་འཇོག་བྱས་ཏེ་དཔེ་སྟོན་དང་སྣེ་ཁྲིད་བྱས་པ་བརྒྱུད་ས་གནས་གཉིས་པོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཁུལ་འཛུགས་སྐྲུན་བྱེད་རིང་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་།



མཉམ་སྤྱོད།