རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།
ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རིག་གནས་གནས་སྐོར་གཉེར་ཚོང་བྱེད་སྒོ་རྒྱུན་ཆད་མེད་པར་གསར་གཏོད་དང་། རིག་གནས་གནས་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ། སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ། རིག་གནས་གནས་སྐོར་ཐོན་ལས་ཀྱི་རིམ་པ་མཐོ་རུ་བཏང་ནས་རྫོང་ཡོངས་ཀྱི་རིག་གནས་གནས་སྐོར་བྱ་གཞག་བདེ་ཐང་གོ་རིམ་ལྡན་པའི་འཕེལ་རྒྱས་བྱུང་།
“བྱེད་སྒོ་ཆེན་པོ”ལེགས་པོར་སྤེལ་ནས་མདོ་ལའི་འགན་འཁྲི་མངོན། མདོ་ལ་རིང་མོའི་སྐྱེ་ཁམས་རིག་གནས་གནས་སྐོར་དུས་ཆེན་དང་། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་མདོ་ལའི་འགྲན་དུམ། མདོ་ལ་རིང་མོའི་སྒར་འདེབས་རྒྱས་འཛོམས། ནུབ་ལམ་དམག་གི་གཏམ་རྒྱུད་ལེགས་པོར་འཆད་པའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ཨ་མྱེས་སྟོང་སོར་རྐང་ཐང་བགྲོད་པ—2023ལོའི་དགུ་བའི་ཚེས་དགུའི་དུས་ཆེན་གྱི་རྐང་ཐང་འགྲན་བསྡུར་ཆེ་མོ་སོགས་རིག་གནས་གནས་སྐོར་བྱེད་སྒོ་རྩེ་གྲ་གཉེར་ནས་ཕྱི་ཡི་མགྲོན་པོ་མདོ་ལར་བསྐྱོད་པ་དང་། མདོ་ལ་ཤེས་རྟོགས་བྱས་ནས“ཁུལ་ལ་སྣེ་ཁྲིད་དང་། རྫོང་ལ་སྤུས་རྟགས། ཡུལ་ཚོར་ཁྱད་ཆོས་ལྡན་པའི”གཅིག་སྡུད་རིག་རྩལ་བྱེད་སྒོ་ཧུར་ཐག་གིས་སྤེལ།
“ཤུལ་བཞག་ཆེན་པོ”རྒྱུན་འཛིན་བྱས་ནས་ལོ་རྒྱུས་རིག་གནས་ཀྱི་རྒྱུན་མཐུད། རིག་དངོས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་ལམ་ལུགས་བཙུགས་པ་དང་རིམ་པ་བཞིན་རིག་དངོས་སྲུང་སྐྱོབ་ཀྱི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་དེ་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་ཡོད། མདོ་ལ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཁང་བསྐྲུན་ཞིང་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས2དང་། ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས3རྒྱལ་ཁའི་ངང་རེ་ཞུ་བྱས་པ་དང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ་རིམ་པའི་རིགས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་རྒྱུན་འཛིན་གསོ་སྦྱོང་འཛིན་གྲྭ་ཐེངས4ལ་སྤེལ་བ། འགྲེམས་འཁྲབ་བྱེད་སྒོ་ཐེངས7སྤེལ་བ། མངོན་མིན་རིག་གནས་ཤུལ་བཞག་མཛེས་ལྗོངས་ཁུལ་དུ་བསྐྱོད་པའི་བྱེད་སྒོ་ཐེངས15སྤེལ་བ། རིག་དངོས་བདེ་འཇགས་སྐོར་ཞིབ་ཐེངས40བྱས།
“དྲིལ་སྒྲོག་ཆེན་མོ”སྤེལ་ནས་མདོ་ལའི་རང་སྒྲ་ཡོངས་ལ་གྲགས། “མདོ་ལ་ལྷ་ཡི་ཞིང་ཁམས”དང“མདོ་ལར་ཉུག”ཅེས་པའི་སྐད་འཕྲིན་སྤྱི་སྟེགས་དང་། འདར་དབྱངས། དེ་བཞིན་གཞུང་ཕྱོགས་ཀྱི་པོད་ཕྲན། གནས་སྐོར་དྲ་ཚིགས་སོགས་སྨྱན་སྦྱོར་ལས་སྟེགས་གསར་བ་སྤྱད་དེ་དྲ་ཐོག་དྲིལ་བསྒྲགས་བྱས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་དཔལ《གླེང་མོལ》དང《ཆེས་མཛེས་པའི་སྒེར་འཁོར་ལམ་ཐིག》ལེ་ཚན་ནང་ཧུར་ཐག་གིས་ཞུགས་ནས་ཀྲུང་གོའི་རྒྱལ་ཁབ་ས་ཁམས·མཛེས་ལྗོངསbiliལས་སྟེགས་དང་། ཀྲུང་གོའི་ས་ཁམས་དུས་དེབ་དང་མཉམ་ལས་གཏིང་ཟབ་བྱས་ཏེ་ཕྱི་ཕྱོགས་སུ་དྲིལ་སྒྲོག་འོས་སྦྱོར་ཐེངས20ལྷག་ལ་སྤེལ། ཕྱོགས་ཡོངས་དང་ཟུར་ཚད་མང་པོ་ནས་མདོ་ལའི་སྣང་བརྙན་མཐོ་རུ་བཏང་།
“བརྩམས་ཆོས་ཆེན་མོ”བཏོན་ནས་སྒྱུ་རྩལ་གྱི་མཐོ་སར་བསྙེགས། མི་རིགས་ཀྱི་འཁྲབ་སྟོན་གླུ་གར་ཟློས་གར་ཆེ་གྲས《མདོ་ལ་ལྷ་ཡི་ཞིང་ཁམས》དང་གསར་བརྗེའི་བྲོ་གར《མདོ་ལའི་བླ་སྲོག》ཞེས་པ་རིམ་སྤོར་ལེགས་སྒྱུར་བྱས་ཤིང་། རིག་གནས་གནས་སྐོར་གྱི་དྲིལ་སྒྲོག་གློག་བརྙན《མདོ་ལ་ལྷ་ཡི་ཞིང་ཁམས—སྙན་ངག་དང་རྒྱང་རིང་གི་ཁྱིམ་གཞིས》ཞེས་པ་དང་། གསར་རྩོམ་གླུ་གཞས《ལྷ་ཁམས་བསྟོད་གླུ》 གསར་རྩོམ་ཞབས་བྲོ《ཡུལ་ཁམས་སྲུང་བ》《མེ་ཏོག་དམར་ཆུང》《མཐོ་སྒང་གི་ཁྲུང་ཁྲུང》སོགས་སྤུས་ལེགས་བརྩམས་ཆོས་གསར་དུ་བཟོས། དེའི་ནང་གསར་གཏོད་ཞབས་བྲོ《ཡུལ་ཁམས་སྲུང་བ》ལ་མཚོ་སྔོན་ཞིང་ཆེན་གྱི་སྐབས་གསུམ་པའི་གསར་གཏོད་ཞབས་བྲོའི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། 《མཐོ་སྒང་གི་ཁྲུང་ཁྲུང》《མེ་ཏོག་དམར་ཆུང》ཞེས་པ་མཚོ་སྔོན་ཞིང་ཆེན་གྱི་སྐབས་གསུམ་པའི་གསར་གཏོད་ཞབས་བྲོའི་འགྲན་བསྡུར་ཆེ་མོའི་རྟིང་རྩོད་ནང་ཚུད། ས་ཁོངས་ཧྲིལ་བོའི་གནས་སྐོར་གྱི་སྤུས་ལེགས་རིག་གནས་གསར་གཏོད་ཐོན་རྫས་རིགས13དང་སྣ87གསར་གཏོད་དང་ཞིབ་འཇུག་གསར་སྤེལ་བྱས་ཡོད