དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-04-03 08:06:14   |   1599

སྒྲིག་སྒྱུར།  ཁོན་ཐར་ཚེ་རིང་།   ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ4པའི་ཚེས2ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་པའེ་ཏེང(拜登)ལ་ཁ་པར་བཏང་། རྒྱལ་ཁབ་གཉིས་ཀྱི་དབུ་གཙོ་ཡིས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དང་། ཕྱོགས་གཉིས་ཀས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་ལྷག་བསམ་ཟོལ་མེད་ངང་དགོངས་འཆར་བརྗེ་རེས་གནང་།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《མ་དངུལ་བསྡུ་སྒྲིལ་གྱི་ཡིད་རྟོན་ཞབས་ཞུའི་ལས་སྟེགས་གཅིག་གྱུར་འཆར་འགོད་བྱས་ནས་ཁེ་ལས་ཆུང་འབྲིང་ཕྲན་གསུམ་གྱི་མ་དངུལ་བསྡུ་སྒྲིལ་གྱི་སྟབས་བདེའི་ཆུ་ཚད་མཐོ་རུ་གཏོང་བའི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས།

  • ཟླ3པར། ཀྲུང་གོའི་ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས51.5%ཡིན་པ་དང་། ཟླ་སྔོན་མ་ལས་བརྒྱ་ཆའི་ཚེག4.4འཕར་ཡོད།

  • བཟོ་འཕྲིན་པུའི་གྲངས་གཞི་ལས་མངོན་པར། ཟླ1ནས2བར། དྲ་སྦྲེལ་ཁེ་ལས་ཀྱི་ལས་སྒོའི་ཡོང་འབབ་དུས་མཚུངས་ལས7.6%འཕར་ཡོད།

  • ནོར་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་སྔོན་གྱི་ཟླ2ཀྱི་ནང་། རྒྱལ་ཡོངས་ཀྱིས་ས་གནས་སྲིད་གཞུང་གི་བུན་འཛིན་སྒོར་དུང་ཕྱུར5759འགྲེམས་སྤེལ་བྱས་ཡོད།

  • ཟླ2པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི5Gསྦྲེལ་ཚུགས་ཀྱི་སྡོམ་འབོར་ཁྲི350.9ལ་སླེབས་ཡོད། 

01.jpg

  • ཚེས2ཉིན། རྒྱལ་ཡོངས་ཀྱི་མཐའ་མཚམས་སྲུང་བའི་མི་དམངས་ཉེན་རྟོག་པ1422ལ་རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞིས་མཐའ་མཚམས་སྲུང་བའི་གསེར་དང་། དངུལ། ཟངས་བཅས་ཀྱི་དྲན་གསོའི་རྟགས་མ་གནང་།

  • 2023ལོར། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་སུ་ཁྱོན་མི་དམངས་ཉེན་རྟོག་པ253གཞུང་དོན་དུ་རང་སྲོག་ཤོར།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར། ཁྱོན་མི་ཁྲི1156གིས་ནད་ལྕི་འགན་བཅོལ་གྱི་རྩིས་ཞུ་ལོངས་སྤྱོད་བྱས་ཡོད་པ་དང་། མི་རེར་ཆ་སྙོམས་སྒོར7924ཡི་ཁུར་པོ་ཡང་དུ་བཏང་ཡོད།

  • ས་གནས་དེ་གའི་དུས་ཚོད་ཚེས1ཉིན། སི་རི་ལན་ཁའི(斯里兰卡)གནས་སྐོར་པུ་ཀྲང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སུ། རྒྱ་གར་སོགས་རྒྱལ་ཁབ་བདུན་གྱི་གནས་སྐོར་བ་སི་རི་ལན་ཁར་སྐྱོད་པའི་ཐོངས་མཆན་གྱི་འགྲོ་གྲོན་རྩ་ཆག་གཏོང་བའི་ཚོད་ལྟའི་རྣམ་གྲངས་དེ2024ལོའི་ཟླ4ཚེས30ཉིན་བར་དུས་ཡུན་ཇེ་རིང་དུ་བཏང་ཟིན་ཅེས་བཤད།

སྤྱི་ཚོགས།

02.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་ནས། དེ་རིང་། ཨན་ཧུའེ་དང་ཅང་སུའུ། ཧྲང་ཧའེ། ཧུའུ་པེ། ཧུའུ་ནན། ཅང་ཞི། ཀྲེ་ཅང་། ཧྥུའུ་ཅན། ཀོང་ཞི་སོགས་ས་ཁུལ་ཁག་གཅིག་ཏུ་རིམ་པ10ཡན་གྱི་ཐོག་གློག་རླུང་ཆེན་ནམ་ཡང་ན་སེར་བ་འབབ་པའི་གནམ་གཤིས་ཡོད།

  • ཚེས2ཉིན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས2024ལོའི་དུས་ཚིགས་དང་པོའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། དཔའ་བོ་མི55གཟི་བརྗིད་མིང་ཐོའི་ནང་ཚུད་ཡོད།

  • ཚེས1ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་ཚོད་ལྟའི་གྲོང་ཁྱེར131གིས་དུས་ཡུན་ལོ་གཅིག་གི་ལས་རྨས་འགན་བཅོལ་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་རྒྱག་པའི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས།

  • ཅང་ཞི་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་ཞི་ཐང་དབྱི་ཅུན(唐一军)གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

03.jgp.jpg

  • ཚེས2ཉིན། 2024ལོའི་རྒྱལ་སྤྱིའི་འགྲན་བསྡུར་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་བུམ་པའི་སྐྱེས་པའི་རྒྱ་མ་61རིམ་པའི་འགྲན་བསྡུར་ནང་ཀྲུང་གོའི་འགྲན་ཞུགས་པ་ལི་ཧྥ་པིན(李发彬)ལ་རིམ་པ་དེའི་དམ་འཛིན་དང་སྤྱིའི་གྲུབ་འབྲས་ཀྱི་གསེར་གྱི་རྟགས་མ་ཐོབ།

  • སྒྲིག་འགལ་ངང་མཛད་སྤྱོད་མཁན་གྱི་ཚོང་ཟོག་ཕྱིར་སློག་ཐག་གཅོད་བྱས་པའི་རྐྱེན་གྱིས་ཧྲང་ཧའེ་ཡུན་ཏ(韵达)ཟོག་འདྲེན་ཚད་ཡོད་སྤྱི་གཉེར་ལ་ཁ་ཆད་གྲོས་མོལ་བྱས།

  • པེ་ཅིང་སྲོག་ཆགས་གླིང་གིས་དོམ་ཁྲའི་ཐད་གཏོང་བྱེད་སྤྱོད་ཚད་ལྡན་དུ་བཏང་ནས། ཐད་གཏོང་མཁན་གྱིས་ཐོ་འགོད་སྙན་སེང་ཞུ་དགོས་ལ་སྒྲོག་པའི་ནང་དོན་དངོས་དང་ཡང་དག་ཡིན་དགོས།

  • ཡུན་ནན་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་ཀྱི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། སྤྱི་རྒྱ50ལས་བརྒལ་བའི་འཁྱགས་དུག(冰毒)གཞུང་བཞེས་བཏང་།

04.jpg

  • ཧུའུ་པེའི་ཡུན་ཞི་རྫོང(郧西县)གི་ནུབ་བྱང་རྒྱུད་དུ་ཕུན་སུམ་ཚོགས་པའི་དཔེ་མཚོན་གྱི་འདམ་གཞོང་དུས་སྐབས་ཀྱི་བྱུ་རུའི་འགྱུར་རྡོ་རྙེད་པ་དང་། དེས་ཆིན་ལིང་རི་རྒྱུད(秦岭山脉)དུ་སྔོན་ཆད་སྐམ་མཚོ་འཕོ་འགྱུར་དོན་རྐྱེན་ཐོན་མྱོང་བའི་དཔང་རྟགས་གལ་ཆེན་མཁོ་འདོན་བྱས་ཡོད།

སྲིད་ཇུས།

  • 《བུ་བཅོལ་སྒྲིག་གཞིའི་སྤུས་ཚད་དཔྱད་དཔོག་ཚད་གཞི》དངོས་སུ་ལག་བསྟར་བྱས་ནས། བུ་བཅོལ་སྒྲིག་གཞིའི་ལྟ་སྐུལ་ཚོད་འཛིན་གྱི་བརྙན་ཕབ་ཀྱི་དཔྱད་གཞི་ཉར་ཚགས་བྱེད་ཡུན་ཉིན90ལས་མི་ཉུང་བ་གསལ་བོར་བཏོན།

  • པེ་ཅིང་གིས་བཟའ་བཏུང་ལས་རིགས་དང་རིག་གནས་གནས་སྐོར་ལས་རིགས་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་བཏང་ནས། སྤྱི་གླིང་དང་རིམ་པ་ཅན་གྱི་མཛེས་ལྗོངས་ཁུལ་སོགས་སྤྱི་པའི་འདུ་གནས་སུ་གསར་དུ་བཙུགས་པའི་ཟ་ཁང་རེར་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར་ཁྲི10སྤྲོད་རྒྱུ་རེད།

  • མཚོ་སྔོན་གྱིས་བྱེད་ཐབས་བཏོན་ནས། མཐོ་གསར་ལག་རྩལ་ཁེ་ལས་དང་ཚན་རྩལ་ཅན་གྱི་ཁེ་ལས་ལ་ལོ་དེའི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་སྣོན་རྩིས་འཕྲི་འཐེན་བྱས་པའི་ཁྲལ་གཅོག་ཁྲལ་འབབ་ཀྱི་བརྒྱ་ཆ10%གཞིར་བཟུང་། མཐོ་ཤོས་སྒོར་ཁྲི200ལས་མི་བརྒལ་བའི་བྱ་དགའི་ཁ་གསབ་སྤྲོད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

05.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་བྱང་རྒྱུད། ཞིན་ཅང་གི་བྱང་ཕྱོགས(北疆)ཀྱི་བྱང་རྒྱུད། བོད་ལྗོངས་ཀྱི་ལྷོ་རྒྱུད་དང་བྱང་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་ནུབ་རྒྱུད་དང་ལྷོ་རྒྱུད། ཁྲོན་ཞི་མཐོ་སྒང་(川西高原)གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། ཅང་ཧོའེ(江淮)ཡི་ས་ཆ་མང་ཆེ་བ་དང་། ཅང་ནན་གྱི་ས་ཆ་མང་ཆེ་བ། ཧྭ་ནན་གྱི་བྱང་རྒྱུད། ཀུའེ་ཀྲོའུ་གི་ཤར་རྒྱུད། ཁྲུང་ཆིང་གི་ཤར་རྒྱུད། སི་ཁྲོན་གཤོང་སའི་ལྷོ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།