དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རུ་བགྲོད་ལམ་སྟེང་དར་ཆགས་པའི་ཉེན་བརྡ་སེར་བོ་བཏང་།

2024-04-03 08:58:37   |   239

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


མདའ་བཞི་རྫོང་གནམ་གཤིས་ལས་ཁུངས་ཀྱིས་ཟླ4པའི་ཚེས3ཉིན་གྱི་ཆུ་ཚོད07དང་སྐར་མ55ཐོག་མུ་མཐུད་དུ་བགྲོད་ལམ་སྟེང་དར་ཆགས་པའི་ཉེན་བརྡ་སེར་བོ་བཏང་བ་སྟེ། མཁར་ཟུར་གསུམ་གྲོང་རྡལ་དང་ནུབ་མཚོ་གྲོང་རྡལ། གསེར་ཐང་ཡུལ་ཚོ། དཔལ་སྦྱིན་སོག་རིགས་ཡུལ་ཚོ། མཚོ་སྔོན་པོ་ཡུལ་ཚོ། ཝ་མགྱོགས་ཡུལ་ཚོ་བཅས་སུ་རྒྱུན་མཐུད་རང་བཞིན་གྱི་བགྲོད་ལམ་སྟེང་དར་ཆགས་ཡོད་པས་འགྲིམ་འགྲུལ་ལ་ཤུགས་རྐྱེན་ཐེབས་སྲིད་ལ། ཟླ4པའི་ཚེས3ཉིན་གྱི་ཆུ་ཚོད07དང་སྐར་མ55ནས་ཟླ4པའི་ཚེས4ཉིན་གྱི་ཆུ་ཚོད07དང་སྐར་མ55བར་མུ་མཐུད་དུ་དར་ཆགས་སྲིད་པས། འབྲེལ་ཡོད་ལས་ཁུངས་དང་མི་སྣས་སྔོན་འགོག་གི་གྲ་སྒྲིག་ཡག་པོ་བྱེད་དགོས།

འགོག་སྲུང་ཕྱོགས་སྟོན།

1.སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ལས་འགན་ལྟར་བགྲོད་ལམ་སྟེང་དར་ཆགས་པར་ཁ་གཏད་འཇལ་བའི་བྱ་བ་ལེགས་པོར་བསྒྲུབ་དགོས།

2.ཁ་ལོ་བས་ལམ་གྱི་གནས་ཚུལ་ལ་དོ་སྣང་བྱས་ནས་དལ་མོ་དང་བདེ་འཇགས་སྒོས་བསྐྱོད་དགོས།

3.རྐང་ཐང་པ་ཕྱི་རོལ་དུ་བསྐྱོད་སྐབས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱ་དགོས།


མཉམ་སྤྱོད།