དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་ཟི་ལིང་གི་རླངས་འཁོར་འཇོག་གནས28069རིན་མེད་ཡིན།

2024-04-03 09:28:18   |   2324

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། ནུབ་མཚོ་གྲོང་ཁྱེར་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས2ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་ས་དོ་དམ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་སྲིད་གཞུང་གིས་གཅིག་གྱུར་དོ་དམ་བྱས་པའི་སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་ས་ཁྱོན་སྡོམ་པ538ཡི་རླངས་འཁོར་གནས28069ལ་རིན་མེད་ངང་རླངས་འཁོར་འཇོག་ཆོག 

རླངས་འཁོར་འཇོག་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། ཟི་ལིང་གྲོང་ཁྱེར་གྱིས2016ལོ་ནས་བཟུང་འགྲོ་ལམ་ཉེ་འཁོར་གྱི་སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་ས་ཚད་ལྡན་དུ་བཏང་ཞིང་། ལོ་དེར། ཟི་ལིང་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད་དཔྱིད་གསར་དུས་ཆེན་རིང་ཚད་ལྡན་དུ་བཏང་རྗེས་ཟི་ལིང་གྲོང་ཁྱེར་གྱི་སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་ས་ཁག་དང་པོ་རིན་མེད་ངང་གྲོང་མིར་སྒོ་ཕྱེས་ཡོད། 2017ལོ་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱིས་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། དྭངས་གསལ་དུས་ཆེན། ངལ་རྩོལ་དུས་ཆེན། རྒྱལ་སྟོན་དུས་ཆེན་བཅས་ཀྱི་ཁྲིམས་བཀོད་དུས་ཆེན་དང་གུང་གསེང་གལ་ཆེན5ལ་སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་སར་རིན་མེད་ངང་རླངས་འཁོར་འཇོག་རྒྱུ་ལག་བསྟར་བྱས། 2020ལོ་ནས་བཟུང་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། དྭངས་གསལ་དུས་ཚིགས། ལྔ་གཅིག་དུས་ཆེན།  ཟླ་མཆོད་དུས་ཆེན།  རྒྱལ་སྟོན་བཅས་ཀྱི་ཁྲིམས་བཀོད་གུང་གསེང་བདུན་ལ་སྲིད་གཞུང་གིས་དོ་དམ་བྱེད་པའི་སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་ས་ཚང་མར་རིན་མེད་ངང་རླངས་འཁོར་འཇོག་ཆོག

སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་སར་རིན་མི་དགོས་པའི་དུས་སྐབས་སུ། གྲོང་མིས་གཏན་འབེབས་ལྟར་རླངས་འཁོར་འཇོག་སར་འཇོག་དགོས་པ་དང་། གལ་སྲིད་རླངས་འཁོར་འཇོག་རིན་མི་དགོས་པའི་གཏན་འབེབས་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ་ཟི་ལིང་གྲོང་ཁྱེར་གྱི་སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་ས་དོ་དམ་གཞུང་ལས་ཁང་ལ་ཞུ་གཏུག་གོང་ཞུ་བྱས་ཆོག་པ་དང་། ཞུ་གཏུག་ཁ་པར་ཨང་གྲངས12328ཡིན།


མཉམ་སྤྱོད།