མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས06ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-04-07 08:06:35   |   186

སྒྲིག་སྒྱུར།  ཁོན་ཐར་ཚེ་རིང་།   ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ད་ལོའི་དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣའི་འཁོར་རྒྱུག་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར7.5ལས་བརྒལ་རྒྱུ་རེད།

01.jpg

  • རིག་གནས་གནས་སྐོར་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་དྭངས་གསལ་དུས་ཆེན་གྱི་ངལ་གསོའི་རིང་རྒྱལ་ནང་དུ་གནས་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར1.19ཡིན་པ་དང་། བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་ན། 2019ལོའི་དུས་མཚུངས་ལས11.55%འཕར་ཡོད། རྒྱལ་ནང་གི་གནས་སྐོར་བའི་ཡུལ་སྐོར་འགྲོ་གྲོན་སྒོར་དུང་ཕྱུར539.5ཡིན་པ་དང་། 2019ལོའི་དུས་མཚུངས་ལས12.7%འཕར་ཡོད།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རྒྱལ་ཡོངས་སུ་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང2033ལ་དཔྱིད་འདེབས་ཆུ་འདྲེན་འགོ་ཚུགས་པ་དང་། ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར39ཡིན་ལ། ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི5040ལྷག་ཡིན།

  • བཟོ་འཕྲིན་པུའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ1ནས་ཟླ2བར། གཞི་ཁྱོན་ཡན་གྱི་མཉམ་འབྲེལ་དྲ་བ་དང་འབྲེལ་ཡོད་ཞབས་ཞུའི་ཁེ་ལས་ཀྱིས་དྲ་སྦྲེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར2463འགྲུབ་པ་དང་། དུས་མཚུངས་ལས7.6%འཕར་ཡོད།

  • དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ལོ་མཇུག་བར་དུ། རང་རྒྱལ་གྱི་རྒྱུན་སྤྱོད་དང་སྐྱེལ་འདྲེན་མཁའ་འགྲུལ་ཆུང་གྲས་ཀྱི་འཕུར་སྐྱོད་པ3980ཡོད་པ་དང་། མི་གྲངས་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • ཟླ3པར། རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཚོང་དོན་བྱེད་སྒོའི་སྟོན་གྲངས52.4%ཡིན་པ་དང། ཟླ་སྔོན་མ་ལས་བརྒྱ་ཆའི་གྲངས1.4འཕར་ཡོད་ལ། ཟླ་བ3ལ་བསྟུད་མར་བསྐྱར་འཕར་བྱུང་བས། ཞབས་ཞུའི་ལས་རིགས་ཀྱི་རྒྱ་སྐྱེད་གོམ་སྟབས་མགྱོགས་སུ་ཕྱིན་ཡོད།

  • ཚེས6ཉིན་གྱི་ཆུ་ཚོད་18བར། ཐའེ་ཝན་ཧྭ་ལེན་གྱི་ས་ཡོམ་ནང་མི13རྐྱེན་ལམ་དུ་ཤོར་བ་དང་། མི1147ལ་རྨས་སྐྱོན་ཕོག་ལ་སྔར་བཞིན་མི6ལ་འབྲེལ་བ་ཆད་ཡོད།

  • ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པས་ཧྥི་ལི་ཕིན(菲律宾)གྱིས་ཧུའོ་ཐིང་ཅོ(鲎藤礁)ལ་བཙན་འཛུལ་བྱས་པའི་ཐད་གཏམ་བཤད་སྤེལ་ནས། ཀྲུང་གོར་ཧུའོ་ཐིང་ཅོ་བྲག་རྡོ་ཚུད་པའི་ནན་ཧྲ་གླིང་ཚོམ་དང་དེའི་ཉེ་འགྲམ་མཚོ་ཁོངས་ལ་རྩོད་གླེང་མེད་པའི་བདག་དབང་ཡོད་པས། དངོས་སུ་གསལ་བཤད་བྱ་རྒྱུ་ནི། ཧྥི་ལི་ཕིན་ཕྱོགས་ཀྱི་བདག་དབང་ལ་གནོད་པའི་གཡོ་ཐབས་ཚང་མ་ངལ་བ་སྟོང་ཟད་ཡིན་ཞེས་ནན་བཤད་བྱས།

  • ཚེས5ཉིན། མོ་ཞི་ཁོའི(墨西哥)ཕྱི་འབྲེལ་པུས་ཨེ་ཁྭ་ཏོར(厄瓜多尔)དང་ཕྱི་འབྲེལ་འབྲེལ་བ་གཅོད་རྒྱུ་ཁྱབ་བསྒྲགས་བྱས།

སྤྱི་ཚོགས།

  • ཀྲུང་གོ་གནམ་གཤིས་ཅུས་ཀྱིས་བསྟན་དོན། ད་ལོ་ནས་སང་ལོའི་བར། ད་དུང་ཉི་མའི་འོད་ཐིག་དང་ས་འོག་ཁབ་ལེན་གྱི་དྲག་ཤུགས་སོགས་བར་ཁོངས་ཀྱི་གནམ་གཤིས་དོན་རྐྱེན་ཁག་གཅིག་ཐོན་རྒྱུ།

  • ཚེས6ཉིན་གྱི་དུས་ཚོད18:14བར། དྭངས་གསལ་དུས་ཆེན་གྱི་གློག་བརྙན་གྱི་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར8.23ལས་བརྒལ་ནས། ཀྲུང་གོའི་གློག་བརྙན་ལོ་རྒྱུས་ཐོག་གི་དྭངས་གསལ་དུས་ཆེན་གྱི་སྤ་སེ་བཙོངས་པའི་ཟིན་ཐོ་གསར་པ་བཏོད།

  • གྲངས་གཞི་ལས་མངོན་པར། ད་ལོའི་ཟླ1ནས་ཟླ2པར། རང་རྒྱལ་གྱི་རིག་ནུས་ཁ་པར་ཐོན་ཚད་དུང་ཕྱུར1.72ཡིན་པ་དང་། དུས་མཚུངས་ལས31.3%འཕར་ཡོད།

02.jpg

  • ཚེས6ཉིན། 2024ལོའི་འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྣ་མང་ཆུ་རྐྱལ་འཛམ་གླིང་བུམ་པའི་པེ་ཅིང་ས་ཚིགས་ཀྱི་མཉམ་སྡེབ་རང་མོས་རང་འདེམས་འགྲན་བསྡུར་ནང་དུ། ཀྲུང་གོའི་རུ་ཁག་གིས་ཨང་དང་པོ་བླངས།

  • 2024ལོའི་ཝུའུ་ཧན་ཝང་ཆིའུ་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་ད་ལོའི་ཟླ10ཚེས7ནས་ཚེས13ཉིན་བར་ཝུའུ་ཧན་ཀོང་ཀུའུ་རྒྱལ་སྤྱིའི་ཝང་ཆིའུ་སྤོ་ལོའི་ལྟེ་གནས་སུ་སྤེལ་རྒྱུ་རེད།

  • 2024ལོར། གྲོང་ཁྱེར་ཆེ་འབྲིང་གིས་མཉམ་འབྲེལ་ཐོག་མཐོ་སློབ་མཐར་ཕྱིན་སློབ་མ་བསྡུ་བའི་དཔྱིད་དུས་ཀྱི་ཆེད་དོན་བྱེད་སྒོ་རུ། རིམ་པ་གཉིས་པའི་ཁྱད་ལྡན་ཞབས་ཞུའི་བྱེད་སྒོ111སྤེལ་བ་དང་། མཐོ་སློབ་མཐར་ཕྱིན་སློབ་མས་ཀྲུང་གོའི་རྒྱལ་ཁབ་ཤེས་ལྡན་མི་སྣའི་དྲ་བ་བརྒྱུད་ནས་འབྲེལ་ཡོད་ཆ་འཕྲིན་འདྲི་རྩད་བྱེད་པ་དང་ཆེད་དོན་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་ནང་ཞུགས་ཆོག་པ་རེད།

  • ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་ལྕགས་ལམ་འགག་སྒོ་ཆེ་ཤོས་ཏེ་མན་ཀྲོའུ་ལི(满洲里)ལྕགས་ལམ་འགག་སྒོས་ཕྱིར་གཏོང་ནང་འདྲེན་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི548.48ཡིན་པ་དང་། དུས་མཚུངས་ལས15.9%འཕར་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

03.jgp.jpg

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་རྒྱུན་སྤྱོད་བདར་གཟུགས་གསར་པའི་སྐྱེ་འཕེལ་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་ཏེ། བདར་གཟུགས་སྐྱེ་འཕེལ་དུས་འཁོར་ཉིན7ནས་ཉིན1.5བར་ཐུང་དུ་བཏང་བ་དང་། འབྲེལ་ཡོད་གྲུབ་འབྲས་རྒྱལ་སྤྱིའི་རིག་གཞུང་དུས་དེབ《རང་བྱུང· འཕྲིན་གཏོང》(《自然·通讯》)ཐོག་སྤེལ་ཡོད།

04.jpg

  • ཉེ་ཆར། ཅང་སུའུ་ཐའེ་ཀྲོའུ(泰州)ཡི་གཞོན་ནུ་ཝུའེ་ཆིང་གིས་སྐྱེས་སྐར་གྱི་ཉིན་དེར། ཁྲག་སྐྱེས་ཕྲ་ཕུང་གཙོ་བོའི་མཉམ་བསྲེས་གཤེར་ཁུ་ཧའོ་ཧྲེང270ཞལ་འདེབས་བྱས་ནས། ལོ9ཡིན་པའི་ཁྲག་རྒྱུན་ནད་ཕོག་མཁན་གྱི་བྱིས་པ་ཞིག་ལ་རོགས་སྐྱོབ་བྱས།

སྲིད་ཇུས།

  • ཧྲའན་ཞིས(陕西)ཀྱིས་ལས་དོན་གྱི་མཛུབ་ཁྲིད་པར་འགྲེམས་བྱས་ནས། ཚོད་ལྟའི་ཚན་པས“སྔོན་ལ་བེད་སྤྱོད་དང་རྗེས་སུ་དངུལ་སྤྲོད་པའི”བྱེད་ཐབས་འཚོལ་ཞིབ་དང་སྤྱད་དེ་ཚན་རྩལ་གྲུབ་འབྲས་ཁེ་ལས་ལ་སྤྱོད་ཆོག་པའི་ཆོག་མཆན་སྤྲོད་རྒྱུར་སྐུལ་ལྕག་བྱས།

  • ཧྲན་ཏུང་གིས་བརྡ་ཐོ་བཏང་ནས། དམངས་བཙུགས་སློབ་གྲྭ་འབྲིང་ཆུང་གི་གྲོན་བསྡུའི་མ་གནས་བརྟག་དཔྱད་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས། སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་གསོ་སྐྱོང་བྱེད་སྒོ་དང་འབྲེལ་བ་མེད་པའི་འགྲོ་གྲོན་དེ་སློབ་གཉེར་མ་གནས་ནང་བརྩི་མི་རུང་བའི་བླང་བྱ་བཏོན།

  • ཅང་སུའུ་སུའུ་ཀྲོའུ་ཡིས་ཇུས་གཞི་བཀྲམ་ནས། 2000ལོའི་སྔོན་གྱི་གཞིས་ཁུལ་དེ་ཁུལ་རྙིང་སྒྱུར་བཀོད་ཀྱི་འཆར་གཞིའི་ནང་བཅུག་ནས་དུས་གཅིག་ཏུ་ལག་བསྟར་བྱེད་རྒྱུ་དང། ཡུལ་བབ་དང་བསྟུན་ནས་གློག་སྐས་བསྐྲུན་རྒྱུ།

དེ་རིང་གི་གནམ་གཤིས།

05.jpg

  • ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་། ཞིན་ཅང་གི་ལྷོ་རྒྱུད་ཀྱི་གཞོང་ས་དང་ནུབ་རྒྱུད་རི་ཁུལ་གྱི་ས་བབ་མཐོ་བའི་ས་ཁུལ། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད་དང་ལྷོ་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཡི་ལྷོ་ནུབ་རྒྱུད། སི་ཁྲོན་གྱི་ནུབ་རྒྱུད་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད། ཧུའུ་ནན་གྱི་ལྷོ་རྒྱུད། ཅང་ཞིས་ཀྱི་དབུས་ལྷོ་རྒྱུད། ཧྥུའུ་ཅན་གྱི་ས་ཆ་མང་ཆེ་བ། ཀོང་ཏུང་གི་དབུས་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།