མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མདོ་ལ་རྫོང་གིས“ལེགས་འཛིན་གསུམ་དང་མཐོར་འདེགས་གསུམ”ལ་བརྟེན་ནས“གདོང་ལེན་པ”གསར་སྐྲུན་བྱས།

2024-04-07 09:43:14   |   120

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།   མཚོ་སྔོན་བོད་ཡིག་གསར་འགྱུར།   བཤེར་འབེབས།  རིན་ཆེན་ཚེ་རིང་།


མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་གཟབ་ནན་གྱིས་སྡེ་སྡོད་ལས་བྱེད་པའི་གཙོ་གནད་འགན་འཁྲི་ལྔ་ལ་བསྡུར་བ་བྱས་པ་དང་། དཔུང་སྡེ་དོ་དམ་དང་སློབ་གསོ་གསོ་སྦྱོང་། སྐུལ་ལྕག་འགན་སྲུང་བཅས་ལ་དམིགས་ཏེ། ནུས་ཤུགས་གང་ཡོད་སྒོས་བྱ་བ་སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ། སྒྲུབ་འདོད་པ་བཅས་ཀྱི་སྡེ་སྡོད“གདོང་ལེན་པའི”དཔུང་སྡེ་ཞིག་གསར་སྐྲུན་བྱས།

དཔུང་སྡེ་དོ་དམ་ལེགས་འཛིན་བྱས་ནས་སྤུས་འབྲས་མཐོར་འདེགས་བཏང་བ། “རྩ་འཛུགས་སྡེ་ཁག་གི་སྤྱིའི་མཛུབ་སྟོན+མངགས་གཏོང་ལས་ཁུངས་ཀྱི་མཐུན་སྦྱོར་ལྟ་སྐུལ+གྲོང་གསེབ་ཀྱི་རིམ་པ་གཉིས་ཀྱི་ཉིན་རྒྱུན་དོ་དམ”གྱི་དོ་དམ་ནང་རྐྱེན་གཟབ་ནན་གྱིས་དངོས་འབེབས་བྱས་པ་དང་། “མཚོ་སྔོན་ཞིང་ཆེན་གྱི་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་ཁག་གི་ཆ་འཕྲིན་དོ་དམ་མ་ལག”ལ་བརྟེན་ནས། སྡེ་སྡོད་ལས་བྱེད་པར་ཕྱོགས་ཡོངས་ནས་ལྟ་རྟོག་དང་དོ་དམ་བྱས་ལ། “ཉིན་རེའི་ལས་ཞུགས་དང་ཟླ་རེའི་སྙན་ཞུ། དུས་རེའི་དཔྱད་ཞིབ། ལོ་རེའི་དཔྱད་འཇོག”གི་ལམ་ལུགས་བརྒྱུད། ལས་བྱེད་རུ་ཁག་གི་བྱ་བའི་སྒྲིག་ལམ་ནན་སྲུང་བྱེད་པར་ཡར་སྐུལ་བྱས་ཏེ། “འགྲོ་སྦྱོང་རྣམ་པ”དང“ཕྱོགས་གཉིས་སུ་རྒྱུག་པ”སོགས་ཀྱི་སྣང་ཚུལ་འབྱུང་བར་མཐའ་གཅིག་ཏུ་གཏན་འགོག་བྱས།

སློབ་གསོ་གསོ་སྦྱོང་ལེགས་འཛིན་དང་རྩལ་ནུས་མཐོར་འདེགས་བཏང་བ། “ཏང་ཡོན་ཏང་གི་སློབ་གྲྭར་འགྲོ་བ”དང“ཏང་གི་སློབ་ཁྲིད་བྱེད་མགོ་བརྩམས་བྱུང”ཞེས་པ་སོགས་ཀྱི་བྱ་འགུལ་ལ་ཟུང་འབྲེལ་དང་། “གང་ཆད་ན་དེ་ཁ་གསབ་བྱེད་པའི”རྩ་དོན་རྒྱུན་འཁྱོངས་བྱེད་པ། གྲོང་གསེབ་དར་སྤེལ་དང་གཞི་རིམ་ཏང་འཛུགས་སྐྲུན། ཐུན་མོང་དཔལ་འབྱོར། སྡེ་སྡོད་རོགས་སྐྱོར་སོགས་ཀྱི་ནང་དོན་ལ་དམིགས་པ། “ཚོགས་འདུའི་ཚབ་ཏུ་སྦྱོང་བརྡར་བྱེད་པ+འགྲན་སྡུར་གྱི་ཚབ་ཏུ་སློབ་སྦྱོང་བྱེད་པ+ཆེད་དོན་གསོ་སྦྱོང”སོགས་ཀྱི་བྱེད་ཐབས་བརྒྱུད། རྫོང་ཡོངས་ཀྱི་སྡེ་སྡོད་ལས་བྱེད་པར་ཡོངས་སུ་ཁེབས་པའི་རེས་སྐོར་སྦྱོང་བརྡར་བྱས་པ་དང་། རྒྱུན་ཆད་མེད་པར་གཞུང་ལུགས་ཤེས་བྱ་སྦྱངས་པ་དང་ལག་ལེན་སྟོང་ཆ་བསྐངས་ཏེ། སྡེ་སྡོད་ལས་བྱེད་རུ་མིའི་གཞུང་ལུགས་ལ་མཁས་པ་དང་མཐོང་ལམ་ཡངས་པ། བརྩོན་སེམས་ལྡན་པ་བཅས་ལ་འགན་སྲུང་བྱས།

སྐུལ་ལྕག་འགན་སྲུང་ལེགས་འཛིན་དང་སྒུལ་ཤུགས་མཐོར་འདེགས་བཏང་བ། བྱ་བའི་གྲོན་དངུལ་རྒྱུན་མཐུད་སྒོས་དངོས་འབེབས་དང་། དུས་ཐོག་ཏུ་འཚོ་བའི་སྤྱོད་དངོས་སྡེབ་སྒྲིག་བྱས་ཏེ། ལས་བྱེད་རུ་ཁག་གི་བྱ་བ་དང་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་བཏང་། “གཅིག་གཏད་གཅིག”གི་མ་དཔེ་ལྟར། མངགས་གཏོང་ལས་ཁུངས་དང་ཞང་གྲོང་གིས་དུས་ལྟར་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་མིར་ཁ་བརྡ་དང་སེམས་གཏམ་བཤད་དེ། བསམ་བློའི་འགུལ་རྣམ་ལ་རྒྱུས་ལོན་དང་བྱ་བའི་འཕེལ་རིམ་ཁོང་དུ་ཆུད་པར་བྱས། སྡེ་སྡོད་དཔྱད་ཞིབ་མཇུག་འབྲས་ཇེ་དྲག་ཏུ་བཏང་ནས་བེད་སྤྱོད་པ་དང་། སྡེ་སྡོད་སྐབས་ཀྱི་ལས་བྱེད་པ་ཧུར་བརྩོན་ཅན་གྱི་གོ་གནས་དང་འགན་རིམ་སྤར་བ། ཆེད་ལས་ལག་རྩལ་གོ་མིང་དཔྱད་བསྡུར་དང་གདན་ཞུ་བྱེད་པ། ལོ་འཁོར་མོའི་ཕུལ་བྱུང་དཔྱད་བསྡུར་དང་དཔྱད་འཇོག་སོགས་ཀྱི་ཕྱོགས་ལ་གཙོ་བོར་དམིགས་ཏེ། ལས་བྱེད་པས་ལས་སྒྲུབ་བྱེད་པར་ངར་ཤུགས་ཡོད་པ་དང“སྡེ་བར་རོགས་རམ”བྱེད་པར་སེམས་ཤུགས་ཡོད་པར་བཏང་།


མཉམ་སྤྱོད།