དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མདོ་ལ་རྫོང་དུ་རྟོག་ཞིབ་གནང་།

2024-04-07 09:23:39   |   2698

  རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མདོ་ལ་རྫོང་དུ་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། དེའི་རིང་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་མདོ་ལ་རྫོང་གི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་མདོ་ལ་རྫོང་གི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་། ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་ལ།  ཁུལ་གྱི་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་གནད་དོན་དང་ཐབས་ཇུས་གྲོས་གཞིར་དམིགས་ནས་གཏམ་བཤད་གནང་།

微信图片_20240407095422.jpg

ཤ་བོ་སྐྱབས་ཀྱིས་བསྟན་དོན། མདོ་ལ་རྫོང་རིགས་སྒྱུར་འཕེལ་རྒྱས་ཀྱི་འགག་རྩའི་དུས་སུ་གནས་པ་དང་། བཟོ་ལས་ནི་དངོས་ཚན་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་རྫོང་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རྨང་གཞི་དང་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན་པས། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ལས་བྱེད་པས་བྱ་བ་སྒྲུབ་དགོས་པའི་བསམ་བློའི་ངོས་འཛིན་གཅིག་མཐུན་བརྟན་པོར་བཙུགས་ནས“གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་ཚད་ཀྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས”བཅས་རྒྱུན་འཁྱོངས་ཀྱིས་ལོ་འཁོར་མོའི་དཔལ་འབྱོར་དམིགས་ཚད་སོ་སོ་ལེགས་སྒྲུབ་བྱེད་དགོས་པ་དང་། བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བ་དེ་མིག་སྔའི་གཙོ་གནད་ལས་འགན་ཞིག་ཏུ་བརྩིས་ཏེ་སྟོབས་བསྡུས་སྐུལ་འདེད་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས་ཟེར།

微信图片_20240407095702.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུའི“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ་མདོ་ལའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ད་ལོའི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་མངོན་གསལ་དོད་པོས་ཇེ་ལེགས་སུ་གཏོང་རྒྱུའི་འགན་ལེན་བྱེད་དགོས་ཏེ།  གཅིག་ནས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་བཏང་སྟེ་སྟོང་སོ་ཆེ་བའི་ཞིང་ཕྱུགས་ལས་ཐོན་ལས་གླིང་ཁུལ་དང་། ཡེ་མ་ཙོས་ཐོན་ལས་གླིང་ཁུལ། ཨ་རིག་བཟོ་ལས་གླིང་ཁུལ་ཁེ་ལས་བཅས་ཀྱི་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ནས་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་ཤིང་། མདོ་ལའི་ཞིན་ཧྲུའུ་པོ་ཡོན་ཞན་གཏེར་ཁ་དང་། ཞིན་ཧྲུའུ་པོ་ཡོན་ཞན་གཏེར་ཁ་སྔོག་འདོན་སོགས་ཁེ་ལས་ལས་ཐོན་བསྐྱར་ཚུགས་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས་ལ། མཚོ་སྔོན་གསེར་གྱི་མདོ་ལའི་འོ་ལས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་དང་། མཚོ་སྔོན་མདོ་ལའི་དབྱི་ཏ་ཕྱུགས་ལས་ཐོན་རྫས་དང་ཤ་རིགས་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་སོགས་ཁེ་ལས་ཀྱི་རིམ་སྤོར་ཐོན་སྐྱེད་བཟོ་རྩལ་དང་རང་བདག་ཤེས་བྱའི་ཐོན་དངོས་བདག་དབང་ལྡན་པའི་གཙོ་ཁྲིད་ཐོན་རྫས་གསར་སྤེལ་བྱས་ཏེ་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་དགོས། གཉིས་ནས་ལེགས་ཆ་འདོན་སྤེལ་གྱིས་མཉམ་འདྲེས་འཕེལ་རྒྱས་བཏང་ནས་མདོ་ལའི་བོད་ལུག་དང་ནོར་གནག་དེང་རབས་ཞིང་ལས་ཐོན་ལས་གླིང་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ནོར་ལུག་ཉོ་ཚོང་ཁྲོམ་ར་གང་མགྱོགས་སྒོས་ཇུས་འགོད་ཡག་པོ་བྱེད་པ། ཁྱོན་ཡོངས་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་གི་ཚད་གཞི་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་བོའི”གསེར་གྱི་མིང་བྱང་ཡག་པོ་གཏོད་དགོས་ཤིང་། སྐྱེ་ཁམས་གནས་སྐོར་དང་སྒར་འདེབས་དཔལ་འབྱོར་སོགས་གནས་སྐོར་གྱི་ལས་རྣམ་གསར་པ་འཕེལ་རྒྱས་ཤུགས་ཆེན་བཏང་ནས“མདོ་ལ་རི་ཡིས་ཕྱུག་པའི”གནས་སྐོར་ཆས་རྟགས་བཏོད་དགོས་ལ། ནོར་ལུག་གི་མགོ་རུས་དང་རྩིད་བལ་ལས་སྣོན་དང་བཟོ་བ། ཐང་ག་བཟོ་རྩལ་དང་གཡང་ཊི་བརྐོ་བ་སོགས་མི་རིགས་ཀྱི་བཟོ་རྩལ་རྒྱ་སྟོབས་ཆེ་རུ་བཏང་ནས་ཐོན་སྐྱེད་བརྒྱུད་རིམ་ལ་ལྟ་སྐོར་གྱི་ལམ་ཐིག་བཟོས་ཏེ་བཟོ་ལས་དང་གནས་སྐོར་མཉམ་འདྲེས་ཀྱི་རྣམ་པ་གསར་པ་གཏོད་དགོས། གསུམ་ནས་ཚོང་འགུགས་མ་འདྲེན་བྱ་བ་ཤུགས་ཆེན་སྤེལ་ནས་ཚོང་འགུགས་མ་འདྲེན་ལས་གཞིའི་གསོག་འཇོག་མཛོད་འཐུས་ཚང་དུ་གཏོང་བ་དང་། དམངས་ཡོངས་ཀྱིས་ཚོང་འགུགས་པ་དང་ལས་རིགས་ཡོངས་ཀྱིས་ཚོང་འགུགས་པ། གཙོ་གནད་ཐོག་ཚོང་འགུགས་པ་སོགས་ལས་གཞིའི་མགོ་ཁྲིད་པའི་མཉམ་འབྲེལ་བྱེད་འགན་གཙང་ལེན་དང་དམ་འཛིན་བྱེད་པའི་ལམ་སྲོལ་ཁྱབ་སྤེལ་བཏང་སྟེ། ཧྲན་ཏུང་ཞིང་ཆེན་པིན་ཀྲིག་གྲོང་ཁྱེར་དང་གཏེར་ལྔ་སྡེ་ཚོགས་ཀྱི་བྱ་བའི་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ལས་གཞི་དམ་འཛིན་བྱེད་སར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་རྒྱག་སོགས་ཀྱི་ལས་གཞི་ཁག་ཅིག་ཧུར་ཐག་སྒོས་ཇུས་འགོད་དང་རེ་ཞུ། དོན་འཁྱོལ་བཅས་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས། བཞི་ནས་གཙོ་གནད་ལ་དམིགས་ནས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་དང་། སྟག་སྣ་དགོན་སོགས་ནུབ་ལམ་དམག་དཔུང་གི་མདོ་ལ་རྫོང་གི་མི་སེམས་འགུལ་བའི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཀའོ་ཐའེ་ལས་བྱེད་སློབ་གླིང་གི་སྔོན་ཐོན་བྱེད་སྟངས་དཔྱད་གཞིར་འཛིན་པ། མདོ་ལ་རྫོང་གི་གསར་བརྗེའི་ཉམས་ཞིབ་རྟེན་གཞི་བེད་སྤྱོད་ཡག་པོ་བྱེད་པ། རྫོང་ཨུའི་ཏང་གི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་གསར་བརྗེའི་སྙིང་སྟོབས་ཀྱི་བཙན་ས་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ལ། རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱིས་འགལ་བ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་དང་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་སོགས་ཀྱི་བྱ་བར་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་གླེང་ཕྱོགས་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་དུ་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས། ལྔ་ནས་སྤྱོད་ཚུལ་ཇེ་བཟང་དུ་བཏང་ནས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་བཟོ་ལས་འགན་ལེན་གྱི་འཕར་གཞི་དང་དུས་ཚོད་དང་རེའུ་མིག་བཟོས་ནས་དུས་ཚིགས་དང་ལས་ཁུངས་ཁག་བགོས་ཀྱིས་དམིགས་ཚད་ལས་འགན་ཁག་བགོས་ཞིབ་ཚགས་སུ་བཏང་སྟེ་དམིགས་ཚད་ལས་འགན་སོ་སོ་ཕྱོགས་ཡོངས་ནས་ཚད་བརྒལ་ངང་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས་ལ། གཞུང་ཁོངས་ཁེ་ལས་ཀྱི་གཉེར་སྐྱོང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱིས་ཁེ་ལས་ལ་རོགས་སྐྱོར་དང་དཀའ་གནད་སེལ་བ་དང་ཁྲོམ་རའི་གཙོ་གཟུགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ནས་ཚོང་གཉེར་ཁོར་ཡུག་དེ་བས་ཡག་པོ་གཏོད་དགོས་ཟེར།

微信图片_20240407095509.jpg

微信图片_20240407095514.jpg

དེའི་རིང་། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་རྫ་དམར་ཡུལ་ཚོ་ཞིང་ཕན་སྐྱེ་ལྡན་ལུད་རྫས་བཟོ་གྲྭ་དང་སྟག་སྣ་དགོན་ཆུ་བེད་ལྟེ་བའི་བཟོ་སྐྲུན། ཨ་མྱེས་སྟོང་སོ་ལྗོངས་ཁུལ། མདོ་ལ་རྫོང་མི་རིགས་ལུས་རྩལ་ར་བ། མདོ་ལ་རྫོང་སྟོང་སོ་ཆེ་བའི་ནགས་ཚལ་སྒར་འདེབས་རྟེན་གཞི། མདོ་ལ་རྫོང་གནས་སྐོར་ཞབས་ཞུ་ལྟེ་གནས། མདོ་ལ་རྫོང་སྐྱེ་ཁམས་ཁྲིམས་ར། ཨ་རིག་ཡུལ་ཚོ་འགྲམ་ནག་སྡེ་བའི་རྟ་རྒྱུག་ཐང་སོགས་སུ་བསྐྱོད་དེ་བརྟག་ཞིབ་གནང་ཞིང་། མདོ་ལ་རྫོང་གི་ཁེ་ལས་ཆུང་གྲས་སྐྱེད་སྲིང་གླིང་དང་མདོ་ལའི་ཞིང་ཕྱུགས་ཚོང་དོན་ཚད་ཡོད་སྤྱི་གཉེར་ཁང་། མཚོ་བྱང་མདོ་ལའི་ཧིན་ཅིན་མཁོ་སྤྲོད་འབྲེལ་ཐག་ཚད་ཡོད་སྤྱི་གཉེར་ཁང་། མདོ་ལའི་ཅིན་ཧྥིན་བཟའ་བཅའ་ལས་སྣོན་ཚད་ཡོད་སྤྱི་གཉེར་ཁང་། མདོ་ལ་རྫོང་འབྲོང་ལུང་ཡུལ་ཚོའི་སྤེན་མ་མེ་ལུང་ཀྲང་ཕྱུགས་ལས་གཉེར་སྐྱོང་ཆེད་ལས་མཉམ་ལས་ཁང་། མདོ་ལ་རྫོང་ཆུ་མགོ་ཞིང་ཕྱུགས་ཚན་རྩལ་རིག་གནས་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱི་འགན་འཁུར་བ་དང་གླེང་མོལ་བྱས་ནས་ནན་གྱིས་བསྟན་དོན། ཁེ་ལས་ཀྱིས་འཕེལ་རྒྱས་གཏོང་ཁྱོན་ཆེ་རུ་གཏོང་བ་དང་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཁེ་ལས་ཀྱི་ཆས་རྟགས་གཏོད་པ། བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བར་མཐོང་ཆེན་བྱེད་པ་བཅས་ལ་སྐུལ་མ་བཏང་སྟེ་དངོས་ཡོད་སྟོབས་ཤུགས་ལྡན་པའི་ཁེ་ལས་ཁག་ཅིག་མུ་མཐུད་དུ་སྟོང་སོ་ཆེ་བའི་ཐོན་ལས་གླིང་དུ་ཞུགས་རྒྱུའི་ཡིད་དབང་འགུག་དགོས། ཤྭ་བ་དང་གླ་སོགས་ཁྱད་ལྡན་གསོ་སྤེལ་ཐོན་ལས་མུ་མཐུད་སྟོབས་ཆེར་གཏོང་བ་དང་། སྟག་སྣ་དགོན་གྱི་ཆུ་བེད་ལྟེ་བའི་ཁུལ་དུ་ཆུ་གྲང་ཉ་གསོ་སྤེལ་གྱི་ལས་གཞི་ནང་འདྲེན་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འཕར་གཞི་གསར་པ་གཏོད་དགོས། ཨ་མྱེས་སྟོང་སོ་དང་སྟོང་སོ་ཆེ་བ། བཙུན་མོ་དམར་ཡག་མ་སོགས་ལྗོངས་ཁུལ་གཞི་གཅིག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མུ་མཐུད་འཐུས་ཚང་དུ་གཏོང་དགོས་ཤིང་། ལྗོངས་ཁུལ་ལ་ཟླ་རེར་འགྱུར་ལྡོག་གཏོང་དགོས་པ་དང་ལོ་ལྟར་མ་འཇོག་བྱེད་དགོས་པར་མ་ཟད། ལྗོངས་ཁུལ་གྱི་ཤུགས་རྐྱེན་ཐེབས་ནུས་དང་ཡིད་དབང་འཕྲོག་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། ལྗོངས་ཁུལ་སོ་སོར་རྟ་རྒྱུག་དང་རི་འཛེགས། སྒར་འདེབས། ཉེན་འགྲིམ་སོགས་ཀྱི་ཉམས་ལེན་རྣམ་གྲངས་མང་དུ་གཏོང་དགོས་པ་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྟ་རྒྱུག་སོགས་དམངས་ཁྲོད་ཀྱི་ལུས་རྩལ་འགྲན་བསྡུར་སྒྲིག་འཛུགས་བྱས་ནས་སྤེལ་དགོས་ལ། འགྲམ་ནག་སྡེ་བའི་རྟ་རྒྱུག་ཐང་དུ་ཡུལ་སྐོར་བས་རྟ་ཞོན་པའི་དཔེ་མཚོན་སྡེ་བར་འགྱུར་བར་བྱེད་དགོས། རྫོང་ཁོངས་ཀྱི་བེད་མེད་ཐོན་ཁུངས་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ཏེ་འགན་འཁྲིའི་ལས་བགོས་གཞིར་བཟུང་བྱ་བའི་འགན་འཁྲི་ནན་དུ་གཏོང་བ་དང་། བེད་མེད་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ནས་གཞུང་ཁོངས་རྒྱུ་ནོར་གྱི་ནུས་པ་འདོན་སྤེལ་ཐུབ་པ་བྱེད་དགོས་ཟེར།

微信图片_20240407095519.jpg

ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་མདོ་ལ་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས།


མཉམ་སྤྱོད།