མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས06ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་འཇུ་ལག་རྫོང་དུ་ནས་མུའུ་ཁྲི22འདེབས་མགོ་བརྩམས།

2024-04-07 16:22:52   |   161

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

དཔྱིད་ཀ་སླེབས་པ་ནས་བཟུང་། མཚོ་བོད་མཐོ་སྒང་དུ་གནས་པའི་མཚོ་སྔོན་ཞིང་ཆེན་དུ་སོ་ནམ་ལས་ལ་བརྩོན་པའི་སྐབས་སུ་ཐོན་ཏེ། དཔྱིད་རྨོད་གྲ་སྒྲིག་གི་བྱ་བ་སོ་སོ་མགྱོགས་མྱུར་ངང་སྤེལ་བཞིན་ཡོད། མིག་སྔར་མདོ་ལ་རིང་མོའི་འདབས་སུ་གནས་པའི་མཚོ་སྔོན་མཚོ་བྱང་ཁུལ་ཡང་ནས་རྨོ་འདེབས་ཀྱི་དུས་སུ་སླེབས་ཡོད་པ་རེད།

2.jpg

མཚོ་བྱང་འཇུ་ལག་རྫོང་དུ་ཞིང་པ་རྣམས་ཀྱིས་ཞིང་ནང་དུ་ས་ཞིང་སློག་རྒྱག་དང་ལུད་བཞག་བྱ་བར་བྲེལ་བ་དང་། རྨོ་འདེབས་འཕྲུལ་ཆས་དང་སོན་འདེབས་འཕྲུལ་ཆས་སྐོར་ནས་མཉམ་འབྲེལ་ཐོག་ལས་སྒྲུབ་བྱས་པས། དཔྱིད་རྨོའི་ལས་ཕྱོད་ཆེས་ཆེར་མཐོ་རུ་ཕྱིན་པ་དང་གང་སར་བྲེལ་འཚུབ་ཀྱི་རྣམ་པ་ཞིག་མངོན་ཡོད།

3.jpg

རྒྱུས་ལོན་པ་ལྟར་ན། ནས་ནི་མཚོ་བོད་མཐོ་སྒང་ན་དམིགས་བསལ་དུ་ཡོད་པའི་ས་མཐོའི་སྙེ་མ་ཅན་གྱི་སྐྱེ་དངོས་ཤིག་ཡིན་པ་དང་གྲང་བཟོད་རང་བཞིན་ཆེ་བས། ཟླ་གསུམ་པ་ནས་ལྔ་པའི་བར་འདེབས་པ་དང་ཟླ་བ་བདུན་པ་ནས་དགུ་པའི་བར་བསྡུ་བཞིན་ཡོད། ནས་ཀྱི་སྐྱེ་ཡུན་ཐུང་པ་དང་ཐོན་ཚད་མཐོ་ཞིང་སྨིན་སྔ་བ། འཕྲོད་པའི་རང་བཞིན་ཆེ། འཇུ་ལག་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ནས་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་པ་དང་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི61.91ཡན་ཟིན་ཡོད། ད་ལོར་འཇུ་ལག་རྫོང་གིས་ནས་མུའུ་ཁྲི22འདེབས་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། ལོ་རེར་ནས་ཏུན་ཁྲི6ཡན་ཐོན་པ་དང་ནས་ཀྱི་སོན་བཟང་ཁྱབ་ཚད98%ཟིན་ལ། ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད100%ཟིན་ནས་ནས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་མངོན་འགྱུར་བྱུང་ཡོད།


མཉམ་སྤྱོད།