མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས05ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-04-08 07:15:02   |   848

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཤིང་།《བརྡ་ཐོའི》ནང་བསྟན་དོན། བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། ཏང་ཀྲུང་དབྱང་གི་མོས་མཐུན་ཐོབ་པ་བརྒྱུད་ནས2024ལོའི་ཟླ4བ་ནས་ཟླ7པའི་བར་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་རེད།

微信图片_20240408063715.png

  • ད་ལོའི་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་མི་ཐེངས་ཁྲི518.9ས་མཚམས་བརྒལ་ནས་འགྲོ་འོང་བྱས་པ་དེ་ན་ནིང་གི་དུས་མཚུངས་ལས69.6%འཕར་ཡོད།

  • ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུས2024ལོའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་སྤྲོ་གསེང་གནས་སྐོར་འོས་སྦྱོར་བྱེད་སྒོ་གཉེར་ཏེ། དཔྱིད་དུས་ཀྱི་ལམ་ཐིག་རྩེ་གྲ་ཁག60དང་མཛེས་ལྗོངས་ཁུལ་རྩེ་གྲ185ཁྱབ་བསྒྲགས་བྱས་པ་རེད།

  • ད་ལོའི་ཟླ་དང་པོ་དང་ཟླ་གཉིས་པའི་རིང་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ལ་ཁེ་སྤོགས་སྒོར་དུང་ཕྱུར1973.8བྱུང་ཞིང་། དུས་མཚུངས་ལས26.9%འཕར་ཡོད།

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ཀྱི་དངུལ་བུན་བསྐྱར་མ་བཙུགས་པ་དང་། དངུལ་གྲངས་སྒོར་དུང་ཕྱུར5000དང་སྐྱེད་ཀའི་ཚད1.75%ཟིན་ཡོད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོ་ཧྲིལ་པོར་ཁྲིམས་འགལ་བརྡ་ཁྱབ་རྫུས་མའི་གྱོད་གཞི་ཁྲི4.76ཞིབ་བཤེར་ཐག་གཅོད་བྱས་ཤིང་། དངུལ་ཆད་སྒོར་དུང་ཕྱུར4.66བཏང་།

  • གསར་དུ་བཟོ་བཅོས་བརྒྱབ་པའི《རིག་གནས་སྲུང་སྐྱོང་རྒྱུན་འཛིན་བེད་སྤྱོད་འདུ་འགོད་ཀྱི་ལག་བསྟར་ཇུས་གཞི》དངོས་སུ་ཁྱབ་བསྒྲགས་བྱས་ཏེ། ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་དང་ཁྲོམ་གཞུང་སོགས་སྲུང་སྐྱོང་རིམ་སྤོར་དང་། རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་གནའ་རྫས་རྟོག་ཞིབ་སྔོག་འདོན། གཙོ་གནད་ས་ཁུལ་གྱི་གནའ་རྫས་རྟོག་ཞིབ་ཀྱི་དམར་དཔེ་མཛོད་འཛུགས་སྐྲུན་སོགས་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའི་གྲངས་གཞི་ལས་མངོན་པར། ཟླ་གསུམ་པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར32457ཟིན་ཞིང་། འཕར་ཚད0.62%ཡིན། ཕྱི་དངུལ་གསོག་འཇོག་གཞི་ཁྱོན་བརྟན་པོའི་ཁྲོད་འཕར་ཡོད་པ་རེད།

  • ཚེས7ཉིན། ལྷོ་རྒྱུད་དམག་འཐབ་ཁུལ་གྱི་ལྷོ་རྒྱ་མཚོའི་མཚོ་ཁོངས་རྩ་འཛུགས་ཀྱིས་མཉམ་འབྲེལ་ཐོག་མཚོ་མཁའ་དམག་སྐོར་བྱས།

  • དབྱི་སི་རལ་གྱི་སྨྱན་སྦྱོར་མང་པོས་ཚེས7ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱི་དམག་དཔུང་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་ནས་ས་ངོས་དཔུང་སྡེ་ཚང་མ་ཕྱིར་འཐེན་བྱས་པ་དང་། ཅ་ཧྲ་ས་ཁུལ་དུ་མིག་སྔར་དཔུང་སྡེ་གཅིག་ལས་མེད་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཚེས7ནས8ཉིན་བར་ཧྭ་བྱང་གི་ཤར་རྒྱུད་དང་བྱང་ཤར་ས་ཁུལ་སོགས་སུ་དྲོད་ཚད4~8℃བར་དམའ་རུ་འགྲོ་རྒྱུ་ཡིན་པ་དང་། དེའི་ནང་ཅི་ལིན་དང་ལེའོ་ཉིང་གི་ས་ཁུལ་དུ་དྲོད་ཚད10℃དམའ་རུ་འགྲོ་རྒྱུ་རེད།

  • 2024ལོའི་ལོ་སྟོད་དུ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་ཡིག་རྒྱུགས(ངོ་རྒྱུག)མིང་ཐོ་འགོད་པའི་ལས་དོན་དེ་ཚེས12ཉིན་ནས་མགོ་འཛུགས་རྒྱུ་རེད།

  • 2024ལོའི“རྒྱལ་ཡོངས་ཀྱི་རབ་འབྱམས་པའི་སློབ་མ་བསྡུ་བའི་བསྐྱར་མའི་སྙོམས་སྒྲིག་ཞབས་ཞུའི་མ་ལག”ཚེས8ཉིན་སྒོ་འབྱེད་རྒྱུ་ཡིན།

  • 2024ལོའི་འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྣ་མང་ཆུ་རྐྱལ་འཛམ་གླིང་བུམ་པའི་འགྲན་བསྡུར(པེ་ཅིང་ས་ཚིགས)མཇུག་འགྲིལ་བ་དང་། ཀྲུང་གོའི་རུ་ཁག་ལ་ཁྱོན་གསེར་གྱི་རྟགས་མ6དང་དངུལ་གྱི་རྟགས་མ3ཐོབ་པ་རེད།

  • ཧྲན་ཞི་ཞའོ་དབྱི(山西孝义)ཡིས“ལོ15ལ་སླེབས་པའི་བུ་མོ་བསྐོར་རྡུང་བྱས་པའི”དོན་རྐྱེན་བརྡ་ཁྱབ་བཏང་སྟེ། གྱོད་འབྲེལ་མི11ཚང་མ་གྱོད་གཞིར་འབྱོར་བ་དང་། གནོད་འཚེ་ཕོག་མཁན་ཝུའུ་ལགས་ཀྱིས་ནད་བརྟག་སྨན་བཅོས་བྱས་པ་བརྒྱུད་གཟུགས་པོ་བདེ་ཐང་ཡོང་ནས་འབྲེལ་ཡོད་སྡེ་ཚན་གྱིས་སེམས་ཁམས་གཞོགས་འདེགས་བྱེད་བཞིན་ཡོད་པ་རེད།

  • ད་ལོ་མྱུར་སྐྱེལ་ཁེ་ལས་མི་ཉུང་བ་ཞིག་གིས་དྲ་ཐོག་ཚོང་དོན་ལས་སྟེགས་དང་མཉམ་འབྲེལ་བྱས་ཏེ། ཞིན་ཅང་དུ་སྦྲག་སྲིད་འགན་གཙང་ལེན་གྱི་འཆར་གཞི་རིམ་བཞིན་ཁྱབ་གདལ་བཏང་བས་ཞིན་ཅང་གིས་ཉིན་རེར་ཆ་སྙོམས་མྱུར་སྐྱེལ་སྐྱེལ་འདྲེན་བྱེད་ཚད་ཁྲི་བརྒྱ་ཙམ་མང་དུ་ཕྱིན་ཡོད་པ་རེད།

微信图片_20240408063702.jpg

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས“གློག་འཇུག”མི་དགོས་པའི་འོད་འཕྲོ་གློག་གཏོང་ཚི་སྣ་ཞིབ་འཇུག་གསར་སྤེལ་བྱས་པ་དང་། འབྲེལ་ཡོད་གྲུབ་འབྲས་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ《ཚན་རིག》ཐོག་བཏོན་ཡོད།

640.gif

  • ཉེ་ཆར། སི་ཁྲོན་ཁྲེང་ཏུའུ་ཡི་བུ་མོ་ཞིག་རླངས་འཁོར་གྱིས་བརྒྱབ་ནས་རླངས་འཁོར་འོག་ཏུ་མནན་པ་དང་། སྒྲ་ཐོས་པའི་གྲོང་མི་ཚོས་འཕྲལ་དུ་རླངས་འཁོར་བཀྱགས་ནས་མི་སྐྱོབ་ཐབས་བྱས། མིག་སྔར་བུ་མོའི་རྨས་སྐྱོན་ལ་སྐྱོན་ཆེན་པོ་མེད།

སྲིད་ཇུས།

  • ཧྲན་ཞི(山西)ཡིས་བསམ་འཆར་པར་འགྲེམས་བྱས་ཏེ། རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིར་སྲིད་དོན་ཞབས་ཞུའི་ཕེབས་རོགས་དང་། ལས་ཚབ་སྒྲུབ་པ། སྔོན་ལ་སྒྲུབ་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

  • ཨན་ཧུའེ་ཡིས་བརྡ་ཐོ་བཏང་སྟེ། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་འདུས་ཚད་ཆེ་བ་དང་། ལག་རྩལ་གྱི་སྟོབས་ཤུགས་ཆེ་ཙམ་ལྡན་པ། ནང་ཁུལ་གྱི་དོ་དམ་ཚད་ལྡན་ཡིན་པ། གཞི་ཁྱོན་ངེས་ཅན་ལྡན་པ་བཅས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་གོ་མིང་ཞིབ་དཔྱད་ཨུ་ལྷན་བཙུགས་ནས་གོ་མིང་རང་བརྟེན་ཞིབ་དཔྱད་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད།

  • སི་ཁྲོན་གྱིས་སྲོལ་ཡིག་བརྒྱུད་གྲོང་གསེབ་ལ་ཕྱོགས་པའི་ལས་རིགས་སློབ་གསོ་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཞིང་ལས་རྩལ་ནུས་དང་། ཕ་ཡུལ་དུ་ལོག་ནས་ལས་གཏོད་ལས་ཞུགས། དེ་བཞིན་ལས་རིགས་རྩལ་ནུས་སོགས་ཐད་ཀྱི་གསོ་སྦྱོང་སྒྲིག་འཛུགས་བྱ་རྒྱུ་ཡིན།

དེ་རིང་གི་གནམ་གཤིས།

微信图片_20240408063734.jpg

  • ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་། ཞིན་ཅང་ལྷོ་རྒྱུད་ཀྱི་གཞོང་ས། བོད་ལྗོངས་ཀྱི་མང་ཆེ་བ། མཚོ་སྔོན་གྱི་དབུས་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁ་བ་ཆུང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་ལྷོ་རྒྱུད། ཧྭ་ལྷོའི་དབུས་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད།


མཉམ་སྤྱོད།